དབུ་ཤོག>སྲིད་དོན།
  • ལའེ་ཅའོ་ཡིས་ཉིང་ཁྲི་གྲོང་ཁྱེར་དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-03-15

    ཉེ་ཆར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་གནས་ཡུལ་ལྷོ་པ་མི་རིགས་ཤང་ཁྱུང་གླིང་གྲོང་ཚོ་དང་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོར་ཕེབས་ནས། “མཉམ་སྤེལ་ལྔ་དང་སྲ་བརྟན་ལྔ”ཆ་སྒྲིག་མཉམ་སྐྲུན་དང་ཏང་འཛུགས་སྐྱོང་ལ་དམ་འཛིན་གྱིས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་བ་དང་། གྲོང་ཚོའི“ཨུ་ལྷན་གཉིས”ཚན་ཁག་གི་ཁོངས་མི་དང་གྲོང་སྡོད་ལས་དོན་མི་སྣར་གཟིགས་པ་དང་འཚམས་འདྲི་གནང་བ་རེད།

    ཁྱུང་གླིང་གྲོང་ཚོའི“གསར་བརྗེའི་འབྲོག་སའི་ཁང་ཆུང”དུ་ལའེ་ཅའོ་ཡིས་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་རིགས་རྩ་ཆེན་ལ་ཞིབ་པར་གཟིགས་པ་དང་། དམག་དམངས་མཉམ་འདྲེས་ཀྱི་འཕེལ་རྒྱས་དང་སྟོབས་ཤུགས་མཉམ་འདོན་གྱིས་མཐའ་སྟོབས་མཐའ་བརྟན་བྱས་པའི་ངོ་སྤྲོད་ནན་ཏན་ངང་གསན་རྗེས། “མཉམ་སྤེལ་ལྔ་དང་སྲ་བརྟན་ལྔའི”བྱེད་སྒོ་གཏིང་ཟབ་སྤེལ་བ་དང་མཐའ་མཚམས་ཏང་འཛུགས་སྐྱོང་གི་ཁྱམས་རིང་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་མཛུབ་སྟོན་གྱི་བླང་བྱ་ལག་བསྟར་གཏིང་ཟབ་བྱས་ཏེ། མཐའ་མཚམས་ཀྱི་གཞི་རིམ་ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་བྱས་ནས་རྒྱལ་ཁབ་ཀྱི་མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་བྱ་སྤྱོད་ཀྱི་དཔེ་བཟང་ཁུལ་འཛུགས་གཏོད་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་ཧུར་ཐག་སླེབས་པར་བྱེད་དགོས། ཏང་སྲིད་དམག་ཉེན་དམངས་བཅས་ཀྱིས་སྟོབས་ཤུགས་མཉམ་འདོན་གྱིས་མཐའ་སྟོབས་མཐའ་བརྟན་གྱི་སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། མུག་ཟས་ལ་ངོ་རྒོལ་དང་། སིམ་འཛུལ་ལ་ངོ་རྒོལ། བཙན་འཛུལ་ལ་ངོ་རྒོལ་བཅས་བྱེད་པའི་འཐབ་རྩོད་གཏིང་ཟབ་ཏུ་གཏོང་བ། མི་རིགས་ཁག་གི་མང་ཚོགས་ཀྱིས་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་བྱེད་པར་ཁྲིད་སྟོན་བཅས་བྱེད་དགོས། ལས་ཀའི་བསམ་ཕྱོགས་གསར་གཏོད་དང་། བྱེད་སྒོའི་གཞི་རྟེན་རྒྱ་ཆེར་གཏོང་བ། བྱེད་སྒོའི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ་བཅས་བྱས་ནས་མཐའ་མཚམས་ས་ཁུལ་དུ་རྒྱལ་གཅེས་རིང་ལུགས་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད། བོད་གསར་རྙིང་སྡུར་བ། རྒྱལ་སྲུང་སློབ་གསོའི་རྟེན་གཞི་དང་དཔེ་སྟོན་ས་ཚིགས་ཁག་གཅིག་གཏོད་དགོས་པའི་ནན་བཤད་གནང་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།