དབུ་ཤོག>སྲིད་དོན།
  • ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་སོགས་ལ་གྲོས་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-03-11

     ཚེས་9ཉིན། བོད་ཀྱི་འཐུས་མི་ཚོགས་པས་བཞུགས་གནས་སུ་ཚང་འཛོམས་གྲོས་ཚོགས་འཚོགས་ནས་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་སོགས་ལ་གྲོས་ཞིབ་གནང་བ་རེད།

    རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཝང་ཅུན་ཀྲེང་དང་། པད་མ་འཕྲིན་ལས། ཀྲའོ་ཁེ་ཀྲི ཝུའུ་དབྱིང་ཅེ། བློ་བཟང་རྒྱལ་མཚན། ཆེ་དགྲ་ལྷ། ཡན་ཅིན་ཧའེ། ཕུར་བུ་དོན་གྲུབ། ཤའོ་ཡིའུ་ཚའེ། ཝང་ཡུང་བཅས་གྲོས་ཞིབ་ལ་ཞུགས་པ་རེད།

    འཐུས་མི་ཚོས་གསུངས་དོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་ལ་རྦད་དེ་མོས་མཐུན་ཡོད། “ཆེས་མཐོའི་ཁང་གཉིས”ཀྱི་སྙན་སྒྲོན་ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས་ནང་དོན་ཧྲིལ་པོར་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ཁྱབ་པ་དང་། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་སྐོར་གྱི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་བློ་བརྟན་འགྱུར་མེད་ངང་དོན་འཁྱོལ་བྱེད་པ། ཕྱོགས་སྡོམ་ལས་དོན་ཕྱོགས་ཡོངས་དང་དོན་དངོས་དང་མཐུན་པ་དང་དངོས་ཐོག་བདེན་འཚོལ་ཡིན་པ། གནད་དོན་དབྱེ་ཞིབ་ཚན་རིག་དང་མཐུན་ལ་བརྒྱུད་རིམ་ལྡན་པ་གནད་ལ་འཁེལ་ཞིང་གཏིང་ཟབ་པ། གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་གི་བསམ་ཕྱོགས་ཁ་གསལ་བ་དང་གཙོ་གནད་མངོན་གསལ་དོད་པ། ཆབ་སྲིད་ཀྱི་ཚུགས་གནས་མཐོ་བ་དང་། སྤྱི་ཡོངས་ཀྱི་འདུ་ཤེས་ཟབ་པ། འགན་འཁྲི་ཁུར་སེམས་ཆེ་བ། སྒྱུར་བཅོས་ཀྱི་ཕན་འབྲས་ལེགས་པ། དཔུང་ཁག་འཛུགས་སྐྱོང་ཏན་ཏིག་བཅས་ཡོད་པས་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པ་དང་། ཁྲིམས་སྐྱོང་གི་སྙིང་སྟོབས་མངོན་པ། མང་ཚོགས་ཀྱི་རེ་སྒུག་དང་བསྟུན་པ་བཅས་ཀྱི་སྙན་སྒྲོན་ཡག་པོ་ཞིག་རེད།

    འཐུས་མི་ཚོས་གསུངས་དོན། “གཏན་འཁེལ་གཉིས”སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། “འདུ་ཤེས་བཞི”ཟབ་ཏུ་ཏན་ཏིག་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས། སྤྱི་ཡོངས་ལ་ཞབས་འདེགས་དང་། དམངས་ཀྱི་དོན་དུ་ཁྲིམས་འཛིན། ཁྲིམས་འཛིན་དྲང་གཞག་མཐའ་འཁྱོངས་བཅས་བྱས་ནས་གནས་ཚུལ་གསར་པར་ཞིབ་འཇུག་ཧུར་ཐག་དང་། གནད་དོན་གསར་པ་རང་འགུལ་ངང་ཐག་གཅོད། བོད་ཀྱི་དོན་དངོས་དང་བསྟུན་པ། བོད་རང་ཉིད་ཀྱི་བྱ་བ་ཏན་ཏིག་ངང་ལེགས་པར་སྒྲུབ་པ་བཅས་བྱས་ཏེ་ཕན་ནུས་ཆེ་བའི་ཁྲིམས་སྐྱོང་ལ་བརྟེན་ནས“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞི”འགན་ལེན་གྱིས་དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་གཡས་གཞོགས་གཡོན་འདེགས་བྱེད་དགོས། བློ་བརྟན་འགྱུར་མེད་ངང་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་དོན་འཁྱོལ་བྱས་ཏེ་བོད་དུ་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ཞིབ་ཕྲ་ཅན་དང་། གསོན་ཉམས་ཅན། ལག་ལེན་ཅན་བཅས་སུ་འགྱུར་རྒྱུར་སྐུལ་འདེད་བཏང་ནས་སློབ་སྦྱོང་ལག་བསྟར་གྱི་ཕན་འབྲས་དེ་ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྱོང་ལས་དོན་གྱི་སྒུལ་ཤུགས་དང་ཚན་རིག་དང་མཐུན་པའི་བྱེད་ཐབས་སུ་ཏན་ཏིག་འགྱུར་བ་བྱེད་དགོས།ཐོག་མཐའ་བར་གསུམ་དུ་དམངས་ཀྱི་ཆེད་དུ་ཁྲིམས་འཛིན་མཐའ་འཁྱོངས་བྱས་ནས། མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོ་ལངས་པ་དང་མི་དམངས་ལ་བརྩེ་བ་ཟབ་མོ་འཆང་བ། མང་ཚོགས་ཉེ་འགྲམ་གྱི་བྱ་བ་ཆུང་ཙག་དག་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་ལ་བརྩིས་ནས་དམ་འཛིན་བཅས་བྱས་ཏེ་མི་སེར་གྱི་རེ་འབོད་ལ་ཁྲིམས་འཛིན་གྱིས་བསྟུན་གང་ཐུབ་བྱེད་དགོས། སྤྱི་ཡོངས་ལ་དམིགས་པ་དང“དོན་ཆེན་བཞིར”ཞབས་འདེགས་ཞུས་ནས་ཁྲིམས་འཛིན་གྱི་ལས་དོན་ཏང་གི་བོད་སྐྱོང་བོད་བརྟན་བོད་དར་བཅས་ཀྱི་སྤྱི་ཡོངས་ཁྲོད་དུ་བཞག་སྟེ་ཁྲིམས་སྐྱོང་ལམ་བུའི་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་ལས་དོན་ཁག་ལ་སྐུལ་འདེད་གཏོང་དགོས། ཁྲིམས་འཛིན་སྒྱུར་བཅོས་ལ་གཡོ་འགུལ་སྤུ་ཙམ་ཡང་མི་ཐེབས་པའི་སྒོ་ནས་སྐུལ་འདེད་བཏང་སྟེ། སྒྱུར་བཅོས་ལས་སྒུལ་ཤུགས་དང་གསོན་ཤུགས་མཐའ་འཁྱོངས་འཕེལ་བར་བྱེད་པ་དང་ཚན་རྩལ་ལ་བརྟེན་ནས་ཕན་ནུས་ཆེ་རུ་བཏང་སྟེ་ཆོད་སེམས་དེ་བས་ཆེ་བའི་ངང་ཁྲིམས་འཛིན་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཀྱི་ཕྱོགས་སུ་སྣེ་ཁྲིད་བྱེད་དགོས། རྒྱུན་སྲིང་ལྷོད་མེད་ངང་ཁྲིམས་སྐྱོང་དྲིལ་བསྒྲགས་ལ་སྐུལ་འདེད་བཏང་སྟེ་མང་ཚོགས་ལ་གོ་བདེ་ཤེས་སླའི་སྐད་ཆ་དང་ལྟ་འདོད་ཅིང་ཉན་སྤྲོ་བའི་བྱེད་ཐབས་ལ་བརྟེན་ནས་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་སྤེལ་བ་དང་། ཉེ་འགྲམ་དུ་ཐོན་པའི་གྱོད་དཔེ་གཞིར་བཟུང་ཁྲིམས་ལུགས་ཤོད་པ་དང་མང་ཚོགས་ལ་སློབ་གསོ་བརྒྱབ་སྟེ་ཁྲིམས་སྐྱོང་དྲིལ་བསྒྲགས་ཀྱི་དམིགས་སའི་རང་བཞིན་དང་། གནད་སྨིན་གྱི་རང་བཞིན། ཚན་རིག་གི་རང་བཞིན། ཕན་པ་དངོས་ཀྱི་རང་བཞིན་བཅས་ཆེ་རུ་ཏན་ཏིག་གཏོང་དགོས། རྒྱུན་སྲིང་ལྷོད་མེད་ངང་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཏང་གི་ཆབ་སྲིད་འཛུགས་སྐྱོང་སྤྱི་འདོམས་སུ་བྱེད་པ་དང་། ཕྱོགས་ཡོངས་ནས་ཏང་ལ་དོ་དམ་ནན་པོ་དང་ཉེན་རྟོག་པ་སྐྱོང་བ་གཉིས་གཏིང་ཟབ་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ། འཇོན་ཐང་ལ་བརྟེན་ནས་ལས་བྱེད་པ་བཀོལ་སྤྱོད་དང་གྲུབ་འབྲས་དངོས་ལ་བརྟེན་ནས་དཔའ་བོ་གླེང་བ། ཁྲིམས་འཛིན་དཔུང་ཁག་གི་བྱང་ཚད་དང་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་ཁྲིམས་འཛིན་དཔུང་ཁག་ཅིག་འཛུགས་སྐྱོང་ཧུར་ཐག་བྱེད་དགོས།

    འཐུས་མི་ཚོས་ཁྲིམས་དཔོན་དང་ཞིབ་དཔྱོད་དཔོན་གྱི་བོད་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལས་བྱེད་པའི་དཔུང་ཁག་གི་བྱང་ཚད་མཐོ་རུ་གཏོང་བ། “གྲངས་གཞིའི་ཁྲིམས་སྐྱོང་དང་རིག་ལྡན་ཁྲིམས་འཛིན”འཛུགས་སྐྱོང་ཟབ་ཏུ་གཏོང་བ་སོགས་ལ་དམིགས་ནས་བསམ་འཆར་དང་གྲོས་འགོ་བཏོན་གནང་བ་རེད།

    ཚོགས་འདུའི་ཐོག་ད་དུང་ས་གནས་རྩ་འཛུགས་ཀྱི་བཅའ་ཁྲིམས་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་གཏན་འབེབས་འཆར་ཟིན་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་འཐུས་མིའི་འདེམས་བསྐོའི“གཏན་འབེབས་གཅིག་དང་བྱེད་ཐབས་གཉིས”ཀྱི་འཆར་ཟིན་གྱི་བཟོ་བཅོས་མ་ཟིན་ལ་གྲོས་ཞིབ་གནང་བ་རེད།

    ཝང་ཝེ་ཏུང་དང་། བསོད་དར། ཤཱ་ཁེ་ཆིན་སོགས་ཚོགས་འདུར་ཟུར་ཞུགས་གནང་བ་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་འབྲེལ་ཡོད་བློ་མཐུན་གྱིས་དྲ་རྒྱའི་བརྙན་ལམ་བརྒྱུད་གྲོས་ཞིབ་བྱས་པའི་བསམ་འཆར་ལ་གསན་པ། སྤྱི་བདེ་པུའུ་དང་ཚོགས་ཆེན་གྱི་ཁྲིམས་གཞིའི་ཚོགས་ཆུང་གི་འབྲེལ་ཡོད་བློ་མཐུན་ཚོགས་འདུར་ཕེབས་ནས་བསམ་འཆར་དང་གྲོས་འགོར་གསན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།