དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་འཐབ་ས་དང་པོར་འབད་འཐབ་བྱེད་མཁན་བུད་མེད་འཐུས་མིར་གཟིགས་པ་དང་འཚམས་འདྲི་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-03-10

     ཟླ་3ཚེས་8ཉིན་ནི“གསུམ་བརྒྱད”རྒྱལ་སྤྱིའི་ངལ་རྩོལ་བུད་མེད་དུས་ཆེན་ཡིན་ཞིང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐུགས་ཁུར་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་དང་། ཀྲུའུ་རེན་བློ་བཟང་རྒྱལ་མཚན། ཀྲུའུ་ཞི་ཡན་ཅིན་ཧའེ་བཅས་ཀྱི་བྱམས་བརྩེའི་འཚམས་འདྲི་བསྣམས་ནས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་ཀྲོང་ཡན་གྱིས་ལྷ་སར་བུད་མེད་ངལ་རྩོལ་པའི་འཐུས་མིར་གཟིགས་པ་དང་འབྲེལ། ཁོང་ཚོ་བརྒྱུད་ལྗོངས་ཡོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་བུད་མེད་སྤུན་ཟླར་དུས་ཆེན་གྱི་སྨོན་འདུན་བཟང་པོ་ཡང་ཞུས་པ་རེད།

    རང་སྐྱོང་ལྗོངས་བུ་བཙའ་དང་བྱིས་པའི་སྨན་ཁང་དུ་ཀྲོང་ཡན་གྱིས། དམངས་འཚོའི་གཙོ་གནད་རྣམ་གྲངས་བསྐྲུན་ནས་སྤྱོད་འགོ་ཚུགས་པ་དེ་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བྱམས་བརྩེའི་ཐུགས་ཁུར་གནང་ལུགས་གང་ལེགས་མཚོན་ཡོད། རྒྱ་ཆེའི་བུད་མེད་སྨན་དོན་མི་སྣས་བྱ་སྤྱོད་དངོས་ལ་བརྟེན་ནས་ཚེ་སྲོག་གོང་དུ་བཀུར་བ་དང་། ནད་བཅོས་སྲོག་སྐྱོབ། ལེགས་སྐྱེས་འབུལ་བར་སྤྲོ་བ། གཅེས་སེམས་ཆེན་པོ་འཆང་བ་བཅས་ཀྱི་སྙིང་སྟོབས་ལག་ལེན་བསྟར་ཡོད། ཚང་མས་སྤྱོད་ཚུལ་བཟང་པོ་མུ་མཐུད་དར་སྤེལ་བཏང་ནས་དེ་བས་སྤུས་ལེགས་ཀྱི་སྨན་བཅོས་ཞབས་ཞུར་བརྟེན་ཏེ། ལྗོངས་ཡོངས་ཀྱི་བུད་མེད་དང་བྱིས་པའི་བདེ་ཐང་ཆུ་ཚད་མཐོ་རུ་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་ཕུལ་ནས་སྤྱིར་བཏང་གི་ལས་གནས་ཐོག་མཛེས་སྡུག་ལྡན་པའི་མི་ཚེ་དོན་གཉེར་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    ཀྲོང་ཡན་གྱིས་ད་དུང་2021ལོའི་རྒྱལ་ཡོངས་ཀྱི“གསུམ་བརྒྱད་དར་དམར་བའི་མཉམ་སྡེབ”ཀྱི་མཚན་སྙན་ཐོབ་པའི་རང་སྐྱོང་ལྗོངས་ཁྲལ་དོན་ཅུས་ལས་ཁུངས་ཀྱི་བུད་མེད་ཨུ་ལྷན་ལ་སྒོ་བྱང་དང་ལག་ཁྱེར་སྤྲད་ནས། ལྗོངས་ཡོངས་ཀྱི་རིམ་ཁག་བུད་མེད་ལས་དོན་རྩ་འཛུགས་དང་འཐབ་ཕྱོགས་ཁག་གི་བུད་མེད་ལས་དོན་པས་ཁོང་ཚོར་སློབ་སྦྱོང་བྱེད་དགོས་པའི་འབོད་སྐུལ་གནང་བ་རེད། ཀྲོང་ཡན་གྱིས་ལྗོངས་ཡོངས་ཀྱི་ཁྲལ་དོན་ཁོངས་གཏོགས་ཀྱི་བུད་མེད་ལས་བཟོས་གཟི་བརྗིད་མཚན་སྙན་ལ་གཅེས་སྤྲས་ལྡབ་འཕར་བྱས་ཏེ་ཐོག་མཐའ་བར་གསུམ་དུ“ནན་པོ་དང་། ཞིབ་ཚགས། གཏིང་ཟབ། ཏན་ཏིག”བཅས་ཀྱི་ལས་ཀའི་སྤྱོད་ཚུལ་རྒྱུན་འཁྱོངས་བྱས་ནས་བོད་ཀྱི་ཁྲལ་བསྡུའི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་ཆེད་སླར་ཡང་བྱས་རྗེས་གསར་པ་འཇོག་དགོས་པའི་ལྕག་སྐུལ་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།