དབུ་ཤོག>སྲིད་དོན།
  • རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-03-10

    ཚེས་8ཉིན་གྱི་ཕྱི་དྲོ། བོད་ཀྱི་འཐུས་མི་ཚོགས་པས་བཞུགས་གནས་སུ་ཚང་འཛོམས་གྲོས་ཚོགས་འཚོགས་ཏེ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་གནང་བ་རེད།

    ཝང་ཅུན་ཀྲེང་དང་། ཝུའུ་དབྱིང་ཅེ། བློ་བཟང་རྒྱལ་མཚན། ཆེ་དགྲ་ལྷ། ཡན་ཅིན་ཧའེ། ཕུར་བུ་དོན་གྲུབ། ཤའོ་ཡིའུ་ཚའེ། ཝང་ཡུང་བཅས་གྲོས་ཞིབ་ལ་ཞུགས་པ་རེད།

    འཐུས་མི་ཚོས་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་གནང་བའི་སྙན་སྒྲོན་ལ་རྦད་དེ་མོས་མཐུན་ཡོད་ཅེས་གསུངས་ཤིང་། ཚང་མས་སྙན་སྒྲོན་ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་བྱས་པ་དང་། སྙན་སྒྲོན་ཧྲིལ་པོར་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལག་བསྟར་བྱས་པ། གྲུབ་འབྲས་ལ་ཕྱོགས་སྡོམ་བྱས་པ་བདེན་པ་བདེན་ཐུབ་ཡིན་པ། གནད་དོན་ལ་དབྱེ་ཞིབ་བྱས་པ་གནད་ལ་འཁེལ་ཞིང་གཏིང་ཟབ་པ། ལས་དོན་བཀོད་སྒྲིག་བྱས་པ་དོན་དངོས་དང་མཐུན་ཞིང་སྤྱོད་གོ་ཆོད་པ་བཅས་ལས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་བསམ་བློ་གསར་པར་བརྟེན་ནས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་སྤྱི་འདོམས་བྱེད་པ་དང་། མཐོང་རྒྱ་གསར་པར་བརྟེན་ནས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་འཆར་འགོད་བྱེད་པ། བྱ་ཐབས་གསར་པ་སྤྱད་ནས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་གང་ལེགས་མཚོན་པ་དང་། ཏང་གི་འགོ་ཁྲིད་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་སྐྱོང་བཅས་གཅིག་གྱུར་དམ་ཟབ་བྱས་པ་གང་ལེགས་མཚོན་པ། རྒྱལ་ཁབ་ཀྱི་རྩ་བའི་ཆབ་སྲིད་ལམ་ལུགས་ཡིན་པའི་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་མངོན་གསལ་དོད་པའི་ཁྱད་འཕགས་རང་བཞིན་གང་ལེགས་མཚོན་པ་བཅས་ཀྱི་ངོས་འཛིན་གནང་བ་རེད།

    འཐུས་མི་ཚོས་འདས་ཟིན་པའི་ལོ་གཅིག་རིང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་རང་འགུལ་ངང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལ་དམིགས་པ་དང་། མི་དམངས་མང་ཚོགས་ཀྱི་བསམ་བློ་གཏོང་ས་དང་། རེ་ལྟོས་བྱེད་ས། རེ་སྒུག་བྱ་ཡུལ་བཅས་ལ་དམིགས་པ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་དགོས་མཁོར་དམིགས་པ་བཅས་བྱས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་ཁྲིམས་འཛུགས་དང་། དམངས་གཙོའི་སྒོ་ནས་ཁྲིམས་འཛུགས། ཁྲིམས་ལྟར་ཁྲིམས་འཛུགས་བཅས་མཐའ་འཁྱོངས་ཀྱིས་རྩ་ཁྲིམས་ནི་བཅའ་ཁྲིམས་ནང་ནས་གནས་བབ་མཐོ་ཤོས་དང་། དབང་གྲགས་ཆེ་ཤོས། ནུས་པ་ཆེ་ཤོས་བཅས་ཡིན་པར་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་འགྱུར་མེད་སྟོབས་ལྡན་གྱི་བཅའ་ཁྲིམས་ཀྱི་འགན་ལེན་མཁོ་འདོན་བྱས་ཡོད། ཡང་དག་ལྟ་སྐུལ་དང་། ནུས་ལྡན་ལྟ་སྐུལ། ཁྲིམས་ལྟར་ལྟ་སྐུལ་བཅས་མཐའ་འཁྱོངས་བྱས་ཏེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་ཡོང་བའི་འགན་ལེན་ནུས་ལྡན་བྱས་ཡོད། མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པར་རྒྱབ་སྐྱོར་དང་འགན་ལེན་བྱས་ཏེ། འཐུས་མི་ཚོས་ཏང་དང་རྒྱལ་ཁབ་ཀྱི་ཚབ་ཞུས་ཏེ་མི་དམངས་མང་ཚོགས་ལ་འབྲེལ་བ་བྱེད་པའི་འབྲེལ་ཟམ་གྱི་ནུས་པ་ཡག་པོ་བཏོན་ཡོད། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་མཐའ་འཁྱོངས་བྱས་ཏེ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་བསྟར་གཏིང་ཟབ་བྱས་ནས་སྤྱི་ཚོགས་ཀྱི་གཞུང་དྲང་དྲང་གཞག་ལ་སྲུང་སྐྱོང་ནུས་ལྡན་བྱས་ཡོད་པའི་ངོས་འཛིན་གནང་བ་རེད།

    འཐུས་མི་ཚོས“གཏན་འཁེལ་གཉིས”མཐའ་གཅིག་ཏུ་སྲུང་སྐྱོང་དང་། “སྲུང་སྐྱོང་གཉིས”ཐོག་མཐའ་བར་གསུམ་དུ་བྱེད་ཐུབ་པ་བྱས་ཏེ་ཏང་གི་འགོ་ཁྲིད་མི་དམངས་འཐུས་ཚོགས་ལས་དོན་གྱི་ཕྱོགས་ཁག་དང་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་བློ་བརྟན་འགྱུར་མེད་ངང་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཀྲུང་དབྱང་གི་མི་དམངས་འཐུས་ཚོགས་ལས་དོན་གྱི་ཚོགས་འདུ་དང་ཚོགས་འདུ་གཉིས་ཀྱི་བཀོད་སྒྲིག་གཞིར་བཟུང་མི་དམངས་འཐུས་ཚོགས་ལས་དོན་གྱི་གནས་ཚུལ་གསར་པར་ཞིབ་འཇུག་ཧུར་ཐག་དང་། མི་དམངས་འཐུས་ཚོགས་ལས་དོན་གྱི་གནད་དོན་གསར་པ་ཐག་གཅོད་བྱས་ནས་དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ལས་དོན་གྱི་སྤུས་ཚད་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། མི་དམངས་རང་ཁྱིམ་རང་བདག་མཐའ་འཁྱོངས་དང་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་བཏང་ནས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རིང་གི་མི་དམངས་འཐུས་ཚོགས་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་བྱེད་དགོས། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་ཁྲིམས་འཛུགས་སྐྱོང་གི་སྤུས་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་དང་། ཕྱོགས་ཡོངས་ནས་ཁྲིམས་ལྟར་བོད་སྐྱོང་ལ་སྐུལ་འདེད་གཏོང་བ། ཁྲིམས་སྐྱོང་གི་བསམ་གཞིག་དང་ཁྲིམས་སྐྱོང་གི་བྱ་ཐབས་ལ་བརྟེན་ནས་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་ལས་དོན་ཁག་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སྤྱི་འདོམས་སུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་འགན་ནུས་ཁྲིམས་ལྟར་བསྒྲུབས་ཏེ་མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་ཕན་འབྲས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། “ལས་ཁུངས་བཞིའི”ངེས་གནས་དང་བླང་བྱ་གཞིར་བཟུང་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་རང་ངོས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་། མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ལས་དོན་ཏན་ཏིག་ངང་བསྒྲུབས་ཏེ་ཆེས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་དང་། མངོན་འགྱུར། འཕེལ་རྒྱས་བཅས་ཡག་པོ་ཡོང་བ་བྱེད་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།