དབུ་ཤོག>སྲིད་དོན།
  • ཁྲེན་ཡུང་ཆི་ལྗོངས་ཡོངས་ཀྱི་ཚོང་འགུགས་མ་འདྲེན་ལས་དོན་གྱི་ཆེད་དོན་ཚོགས་འདུར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-03-09

     ཉེ་ཆར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆིས་ཚོང་འགུགས་མ་འདྲེན་ལས་དོན་གྱི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་། ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ། རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་བཅས་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱས་པ་དང་། ཧྲུའུ་ཅི་ཝང་ཅུན་ཀྲེང་དང་ཀྲུའུ་ཞི་ཡན་ཅིན་ཧའེ་ཡི་ལས་དོན་བླང་བྱ་ལྟར་རང་ལྗོངས་ཀྱི“ཚོང་འགུགས་མ་འདྲེན་གྱི་ཉིན་བརྒྱའི་འགག་སྒྲོལ”གྱི་བྱ་སྤྱོད་ཇུས་གཞི་དང་2022ལོའི་ཚོང་འགུགས་མ་འདྲེན་ལས་དོན་གྱི་གཙོ་གནད་དང་དེ་བཞིན་དམིགས་ཚད་ལས་འགན་ཁག་བགོས་ཀྱི་འཆར་གཞིར་ཞིབ་འཇུག་བྱས་པ། གོམ་སྟབས་རྗེས་མའི་ལས་དོན་ལ་བཀོད་སྒྲིག་བྱས་པ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་ཚེ་སྒྲུབ་དང་ཝང་ཡུང་ཚོགས་འདུར་ཞུགས་ཡོད་པ་རེད།

    ཁྲེན་ཡུང་ཆིས་དམིགས་ཚད་ལས་འགན་ཚད་འབེབས་བྱས་ནས་ཚོང་འགུགས་མ་འདྲེན་གྱི་ལོ་འཁོར་གྱི་སྤྱིའི་དམིགས་ཚད་ལ་དམ་པོར་གཞིགས་ཏེ་ས་གནས་དང་གྲོང་ཁྱེར་ཁག་གི་འཕེལ་རྒྱས་ཀྱི་ཆ་རྐྱེན་དང་སྡེ་ཚན་གྱི་འགན་འཁྲི་དང་ཟུང་འབྲེལ་གྱིས་ས་གནས་དང་གྲོང་ཁྱེར་དབྱེ་བ་དང་། ལས་རིགས་དབྱེ་བ། ཁྱབ་ཁོངས་དབྱེ་བ་བཅས་ཀྱི་ཐོག་ནས་ཚན་རིག་དང་མཐུན་ལ་ལུགས་མཐུན་ངང་ཞིབ་ཕྲའི་དམིགས་ཚད་ཁག་བགོས་བྱེད་དགོས་པ་དང་། ཚོང་འགུགས་ཀྱི་བྱ་ཐབས་གསར་གཏོད་བྱས་ཏེ་ནང་དུ་གདན་འདྲེན་ཞུ་བ་དང་ཕྱིར་བསྐྱོད་རྒྱུ་ཟུང་འབྲེལ་དང་གཅིག་སྡུད་ཚོང་འགུགས་དང་རྒྱུན་རྣམ་ཅན་གྱི་ཚོང་འགུགས་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སྡེ་ཚན་དང་ས་གནས་དང་གྲོང་ཁྱེར་དབར་དང་། ཁེ་ལས་དང་སྲིད་གཞུང་དབར་སྤྱི་འདོམས་བྱས་ཏེ། གསར་སྤེལ་ཁུལ་དང་ཐོན་ལས་གླིང་དང་། ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་གཞན་དུ་བཅའ་སྡོད་དོན་གཅོད་ཁང་། ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཚོང་འགུགས་བྱེད་སྟངས་མང་དུ་གཏོང་བ་དང་ལས་ཀའི་གཞི་བརྟེན་གསར་གཏོད་ཀྱིས་ཕན་འབྲས་ཆེ་ཤོས་ཐོན་པའི་འགན་ལེན་བྱེད་དགོས། ཚོང་གཉེར་ཁོར་ཡུག་ལེགས་སུ་ཧུར་ཐག་བཏང་སྟེ་སྲིད་འཛིན་གྱི་ཞིབ་མཆན་འགོད་པའི་འགྲོ་ལུགས་ཉུང་དུ་གཏོང་བ་དང་། ལས་སྒྲུབ་ཀྱི་ལས་ཕྱོད་ཆེ་རུ་གཏོང་བ། སྲིད་དོན་ཞབས་ཞུ་ལེགས་སུ་གཏོང་བ་སོགས་ལ་ཤུགས་བརྒྱབ་སྟེ་མ་དངུལ་གཏོང་མཁན་ལ་ཆ་རྐྱེན་བཟང་པོ་བསྐྲུན་དགོས། རྨང་གཞིའི་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་ཚོང་འགུགས་མ་འདྲེན་གྱི་སྲིད་ཇུས་ཀྱི་གསལ་ཐོ་དང་ཐོན་ལས་དང་རྣམ་གྲངས་ཀྱི་མིང་གཞུང་དུས་ཚོད་དམ་འཛིན་གྱིས་གསེད་བཀྲོལ་དང་འཐུས་སྒོ་ཚང་དུ་བཏང་ནས། རང་ལྗོངས་ཀྱི་ཐོན་ཁུངས་ཀྱི་ལེགས་ཆ་དང་སྲིད་ཇུས་ཀྱི་ལེགས་ཆ་དྲིལ་བསྒྲགས་འོས་སྦྱོར་བྱས་ཏེ་ཚོང་འགུགས་ལས་དོན་ལ་འདེགས་སྐྱོར་ནུས་ལྡན་བྱེད་དགོས། གཙོ་གནད་ཁྱབ་ཁོངས་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ། ནུས་རྒྱུ་གཙང་མ་དང་། རིག་གནས་ཡུལ་སྐོར། ཞིང་འབྲོག་ཐོན་རྫས་ལས་སྣོན་སོགས་ཁྱབ་ཁོངས་ལ་ཚོང་འགུགས་བྱེད་ཤུགས་གཙོ་གནད་ཐོག་ཤུགས་ཆེར་བཏང་ནས“མཐོ་བ་གཉིས”ཀྱི་རྣམ་གྲངས་ནང་འདྲེན་གཏན་འགོག་མཐའ་གཅིག་ཏུ་བྱེད་དགོས། ཕྱོགས་ཁག་གི་འགན་འཁྲི་ནན་དུ་བཏང་ནས་ས་གནས་དང་གྲོང་ཁྱེར་ཁག་གི་གཏོགས་ཁོངས་ཀྱི་འགན་འཁྲི་དང་འབྲེལ་ཡོད་སྡེ་ཚན་གྱི་སྣེ་ཁྲིད་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་པ་དང་། ཚོང་འགུགས་མ་འདྲེན་ལས་དོན་དེ་ཉིན་རེའི་ལས་ཀའི་གྲོས་རིམ་གལ་ཆེན་ནང་འཇོག་པ། སྤྱི་འདོམས་བཀོད་གཏོང་དང་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ལོ་འཁོར་གྱི་ཚོང་འགུགས་མ་འདྲེན་གྱི་དམིགས་ཚད་ལས་འགན་ཕུན་སུམ་ཚོགས་པོའི་སྒོ་ནས་ལེགས་སྒྲུབ་ཐུབ་པའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།