དབུ་ཤོག>སྲིད་དོན།
  • ཀྲོང་ཡན“ལེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་དྲན་གསོའི་ཉིན་མོའི”རང་ལྗོངས་ཀྱི་བྱེད་སྒོར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-03-08

    ◆ ལེ་ཧྥུང་གི་སྙིང་སྟོབས་ལག་བསྟར་དང་དུས་རབས་ཀྱི་སྲོལ་གསར་དར་སྤེལ་བཏང་སྟེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་གཞིར་བཟུང་། ཚེས་5ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན་སྔ་རྗེས་སུ་གཙུག་ལག་ཁང་ཐང་ཆེན་དང་རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་དུ་ཕེབས་ནས“ལེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་དྲན་གསོའི་ཉིན་མོའི”རང་ལྗོངས་ཀྱི་བྱེད་སྒོ་སྤེལ་ཚུལ་ལ་བརྟག་ཞིབ་གནང་བ་དང་འབྲེལ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་དེ་བཞིན་ཧྲུའུ་ཅི་ཝང་ཅུན་ཀྲེང་དང་། ཀྲུའུ་རེན་བློ་བཟང་རྒྱལ་མཚན། ཀྲུའུ་ཞི་ཡན་ཅིན་ཧའེ་བཅས་ཀྱི་ཚབ་ཞུས་ཏེ་དང་བླངས་ཞབས་ཞུར་ཞུགས་མཁན་བློ་མཐུན་ཚོར་བྱམས་བརྩེའི་འཚམས་འདྲི་གནང་བ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཅང་ལྷན་དུ་ཞུགས་ཡོད་པ་རེད།

    བྱེད་སྒོ་སྤེལ་སར་སྨན་པ་ཚོས་ནད་ལྟ་བློ་འདྲི་བྱེད་མཁན་མང་ཚོགས་ལ་གཟུགས་པོ་བརྟག་དཔྱད་དང་། སྨན་སྤྲོད་པ། བདེ་ཐང་འཕྲོད་བསྟེན་གྱི་ཤེས་བྱ་དྲིལ་བསྒྲགས་བཅས་བྱས་པ་དང་། ཚན་པ་ཁག་གི་གཞོན་ནུ་དང་བླངས་པ་ཚོས་འཕྱག་མ་དང་། སྦྱག་མ། འཕྱིད་རས་སོགས་འཁྱེར་ནས་སྤྱི་གླིང་གི་ཕྱོགས་གང་སར་གཙང་འཕྱག་བྱས་པ་དང་། ལམ་མིར་དྲིལ་བསྒྲགས་དཔྱད་ཡིག་དང་། ཁོར་ཡུག་སྲུང་སྐྱོང་ཁུག་མ། འཚོ་བའི་མཁོ་ཆས་སོགས་སྤྲད་དེ་བཅའ་ཁྲིམས་ཁྲིམས་སྲོལ་དྲིལ་བསྒྲགས་དང་ཚན་རིག་ཤེས་བྱ་ཁྱབ་གདལ་གཏོང་བ་བཅས་བྱས། བྱང་ཆུབ་པའི་སྐྲ་བཞར་ལག་རྩལ་དང་སེམས་རྩ་འཁོལ་བའི་ཞབས་འདེགས་ལ་མི་རིགས་ཁག་གི་མང་ཚོགས་ཚོའི་བསྔགས་བརྗོད་ཐོབ་ཅིང་། ཀྲོང་ཡན་གྱིས་གཟིགས་ཞིབ་གནང་ཞོར་རྒྱ་ཆེའི་གྲོང་མི་དང་ཡུལ་སྐོར་བར་བོད་ཀྱི་ལོ་གསར་གྱི་སྨོན་འདུན་བཟང་པོ་ཞུས་པ་དང་འབྲེལ། དང་བླངས་པ་ཚོ་དང་གླེང་མོལ་གནང་སྟེ་ཚན་པ་ཁག་གི་དང་བླངས་ཞབས་ཞུའི་ནང་དོན་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།

    ཀྲོང་ཡན་གྱིས“ལེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་དྲན་གསོའི་ཉིན་མོའི”བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་བ་དེ་ལེ་ཧྥུང་གི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། སྤྱི་ཚོགས་ཤེས་དཔལ་གྱི་སྲོལ་གསར་དར་སྤེལ་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་བསྟར་བཅས་ཀྱི་ངོས་ནས་ཧ་ཅང་གལ་འགངས་ཆེ་བའི་དོན་སྙིང་ལྡན་ཡོད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱ་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་མཛུབ་སྟོན་བླང་བྱ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་བརྒྱུད་རིམ་གྱི་འདུ་ཤེས་དང་། ཁྲིམས་སྐྱོང་གི་བསམ་གཞིག རྨང་བརྟན་གྱི་ཕྱོགས་སྟོན་བཅས་མཐའ་འཁྱོངས་ཀྱིས་གཞུང་དྲང་ཁྲིམས་འཛིན་དང་ཞབས་འདེགས་ལེགས་པར་ཞུས་ནས་བདེ་འཇགས་ཞི་མཐུན་གྱི་སྤྱི་ཚོགས་རྣམ་པ་གཏོད་དགོས་པའི་ནན་བཤད་གནང་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།