དབུ་ཤོག>སྲིད་དོན།
  • དབང་ཧའེ་ཀྲོའུ་ཡིས་གསར་འགྱུར་ཚན་པ་ཁག་དང་ལྗོངས་ཏང་ཨུད་ཀྱི་དྲ་འཕྲིན་གཞུང་དོན་ཁང་དུ་འཚམས་འདྲི་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-03-04

    ཟླ་3ཚེས་1ཉིན་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་ཡིས་ཤིན་ཧྭ་གསར་འགྱུར་ཁང་བོད་ལྗོངས་ཡན་ལག་ཁང་དང་། མི་དམངས་ཉིན་རེའི་ཚགས་པར་ཁང་བོད་ལྗོངས་ཡན་ལག་ཁང་། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་ལྗོངས་སྤྱི་ཁྱབ་ས་ཚིགས། བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས། བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་དང་ལྗོངས་ཏང་ཨུད་དྲ་འཕྲིན་གཞུང་དོན་ཁང་བཅས་སུ་ཕེབས་ནས་འཐབ་ས་དང་པོའི་གསར་འགྱུར་ལས་དོན་པ་དང་ལས་རེས་མི་སྣར་འཚམས་འདྲི་གནང་བ་མ་ཟད། ཁོང་ཚོར་དུས་ཆེན་གྱི་སྨོན་འདུན་བཟང་པོ་ཡང་ཞུས་གནང་བ་རེད།

    དབང་ཧའེ་ཀྲོའུ་ཡིས་འདས་ཟིན་པའི་ལོ་གཅིག་ནང་རིམ་པ་ཁག་དང་རིགས་ཁག་གི་སྨྱན་སྦྱོར་གྱིས་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ནས་ཏང་གི་གསུང་སྒྲ་བརྒྱུད་བསྒྲགས་བྱེད་པ་དང་། བོད་ཀྱི་གཏམ་རྒྱུད་ཡག་པོ་ཤོད་པ། སྙིང་སྟོབས་འཕེལ་བར་བྱེད་པ་བཅས་ཀྱི་ཆེད་དཀའ་སྤྱད་འབད་བརྩོན་དང་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་པས། ངས་ལྗོངས་ཏང་ཨུད་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་ཚབ་ཞུས་ནས་ཚང་མར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད། ཚང་མར་ཡང་འབད་བསྐྱར་འབད་དང་། གཞུང་འཁྱོངས་གསར་འབྱེད། རང་འགུལ་ངང་བྱས་རྗེས་འཇོག་པ། སླར་ཡང་གཡུར་ཟའི་གྲུབ་འབྲས་གཏོད་པའི་སྐུལ་ལྕག་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

    ལྗོངས་ཏང་ཨུད་དྲ་འཕྲིན་གཞུང་ལས་ཁང་དུ་འཚམས་འདྲི་གནང་སྐབས། དབང་ཧའེ་ཀྲོའུ་ཡིས། ཏང་གི་ཚོགས་ཆེན་ཉི་ཤུ་པ་དགའ་བས་བསུ་བའི་ལས་ཀའི་གཙོ་རྐང་ལ་དམ་པོར་དམིགས་པ་དང་། ཆ་འཕྲིན་ལག་རྩལ་རྨང་གཞིར་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། དྲ་འཕྲིན་ལས་དོན་གྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ། དྲ་ཐོག་དྲང་ནུས་བརྒྱུད་སྤེལ་ཡག་པོ་བྱེད་པ། དྲ་རྒྱའི་གླེང་ཕྱོགས་ཀྱི་ཁྲིད་སྟོན་ལས་དོན་ཡག་པོ་སྒྲུབ་པ། དུས་རབས་ཀྱི་དར་སྲོལ་གསར་པར་བརྟེན་ནས་དྲ་རྒྱའི་བར་མཐོངས་གཏོད་པ་དང་གཙང་དུ་གཏོང་བ་བཅས་བྱས་ཏེ་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་བསྐྲུན་ཆེད་མི་སེམས་གཅིག་ཏུ་སྒྲིལ་བ་དང་སྟོབས་ཤུགས་གཅིག་ཏུ་བསྡུ་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།