དབུ་ཤོག>སྲིད་དོན།
  • རེན་ཝུའེ་ཡིས་རང་སྐྱོང་ལྗོངས་ཀྱི“རྒྱལ་ཡོངས་ཚོགས་འདུ་གཉིས་དང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོཌ་ཀྱི་བདེ་འཇགས་འགོག་ཟོན་ལས་དོན”སྐོར་གྱི་བརྙན་ལམ་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-03-04

    ཚེས་1ཉིན་གྱི་ཕྱི་དྲོར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་རེན་ཝུའེ་ཡིས་རང་སྐྱོང་ལྗོངས་ཀྱི“རྒྱལ་ཡོངས་ཚོགས་འདུ་གཉིས་དང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་བདེ་འཇགས་འགོག་ཟོན་ལས་དོན”སྐོར་གྱི་བརྙན་ལམ་ཚོགས་འདུ་གཙོ་སྐྱོང་གནང་སྟེ་ལྗོངས་ཡོངས་ཀྱི་བདེ་འཇགས་འགོག་ཟོན་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུར་སླར་ཡང་བཀོད་སྒྲིག་དང་སླར་ཡང་ནན་བཤད་གནང་བ་རེད།

    རེན་ཝུའེ་ཡིས་སྤྱི་ཡོངས་ལ་སྣང་ཆེན་བྱེད་པའི་མཐོ་ཚད་ཀྱི་ཐོག་ནས་བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ལྷན་གྱི་ལྟ་སྐུལ་མཛུབ་ཁྲིད་དང་། ཞིབ་བཤེར། ཞིབ་དཔྱད་སྐོར་ཞིབ་བཅས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་གཞོགས་འདེགས་ནན་ཏན་བྱས་ཏེ་བདེ་འཇགས་ཐོན་སྐྱེད་ཀྱི་ཆེད་དོན་བཅོས་སྒྲིག་གི་ལོ་གསུམ་བྱ་སྤྱོད་ཀྱི་ཕན་འབྲས་ཕྱོགས་ཡོངས་ནས་ཆེ་རུ་བཏང་ནས་འབར་རླངས་བདེ་འཇགས་ཀྱི་གྲལ་བཤེར་བཅོས་སྒྲིག་དང་ཉེན་ཡོད་རྫས་འགྱུར་དངོས་རྫས་གཅིག་སྡུད་བཅོས་སྒྲིག་སོགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་དགོས། ཉེ་དུས་སུ་གཙོ་གནད་ལས་རིགས་ཁྱབ་ཁོངས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པ་དང་། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་བྱེད་སྒོ་དང་ཟུང་འབྲེལ་དམ་ཚགས་བྱེད་པ། འགྲོ་ལམ་འགྲིམ་འགྲུལ་དང་། རྡོ་སོལ་མིན་པའི་གཏེར་རི། བཟོ་སྐྲུན་ཨར་ལས། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་སོགས་གཙོ་གནད་ཁྱབ་ཁོངས་ལ་དམ་པོར་དམིགས་པ། བཀོད་སྒྲིག་དམ་ཚགས་དང་སྒྲིག་འཛུགས་ཞིབ་ཚགས་བྱེད་པ། བདེ་འཇགས་ཀྱི་ཉེན་ཁ་ཆེ་རིགས་འགོག་ཟོན་དང་མེད་པ་བཟོ་བ་བཅས་བྱས་ནས་བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ཁག་ལ་ཕན་འབྲས་དངོས་ཐོན་པའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།