དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་ཞུགས་མཁན་རང་ལྗོངས་ཀྱི་འཐུས་མི་དང་ཨུ་ཡོན་ལ་གནས་ཚུལ་བརྡ་ཁྱབ་ཀྱི་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-03-04

    ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་གཞིར་བཟུང་། ཚེས་1ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་གནས་ཚུལ་བརྡ་ཁྱབ་ཚོགས་འདུ་འཚོགས་ནས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་ཞུགས་མཁན་རང་ལྗོངས་ཀྱི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་ལ་རང་ལྗོངས་ཀྱི་2021ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་དང་དེ་བཞིན་2022ལོའི་ལས་དོན་གཙོ་བོའི་བཀོད་སྒྲིག་བརྡ་ཁྱབ་བཏང་བ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་ཀྱང་གནང་བ་རེད། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་འཇམ་དཔལ་གྱིས་གནས་ཚུལ་བརྡ་ཁྱབ་གནང་བ་མ་ཟད། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཀྱི་ཨུ་ཡོན་ལ《གྲོས་འགོ》དང《གྲོས་གཞི》བརྒྱུད་སྤྲོད་གནང་བ་རེད།

    ཀྲོང་ཡན་གྱིས་ཚོགས་ཉེར་ཡོད་པའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ནི་རང་རྒྱལ་གྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན་པས། རྒྱལ་ཡོངས་ཀྱིས་དོ་ཁུར་དང་། འཛམ་གླིང་ཡོངས་ཀྱིས་དོ་སྣང་། དོན་སྙིང་ཟབ་མོ་ལྡན་པ་བཅས་རེད། པེ་ཅིང་དུ་ཚོགས་འདུར་ཕེབས་ཉེར་ཡོད་པའི་འཐུས་མི་དང་ཨུ་ཡོན་རྣམ་པས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཚབ་ཞུས་ནས་རྩ་ཁྲིམས་དང་བཅའ་ཁྲིམས་དང་སྲིད་གྲོས་ཀྱི་སྒྲིག་ཡིག་བཅས་ཀྱིས་དཀྲིས་པའི་བླ་ན་མེད་པའི་འགན་འཁྲི་ཁུར་ཡོད། ཚང་མས་ངེས་པར་དུ་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། “གཏན་འཁེལ་གཉིས”ལ་ལྷག་བསམ་ཟོལ་མེད་ངང་སྲུང་སྐྱོང་བྱེད་པ་དང“སྲུང་སྐྱོང་གཉིས”ཀྱི་ཆབ་སྲིད་ཀྱི་མཐོ་ཚད་མཐའ་གཅིག་ཏུ་ལག་བསྟར་བྱེད་པ། རང་འགུལ་ངང་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་པ། ཆབ་སྲིད་ཀྱི་སྤྲོ་སེམས་ཆེན་པོ་དང་ཏང་དང་། རྒྱལ་ཁབ། མི་དམངས་བཅས་ལ་ཚད་མཐོའི་འགན་འཁུར་བའི་རྣམ་འགྱུར་ཐོག་ནས་འགན་འཁྲི་དང་ལས་འགན་ནན་ཏན་ངང་སྒྲུབ་པ་བཅས་བྱེད་དགོས་ཞེས་གསུངས་པ་རེད།

    ཀྲོང་ཡན་གྱིས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཀྱི་ཨུ་ཡོན་རྣམ་པས་ཆབ་སྲིད་ལ་སྣང་ཆེན་དང་། སྤྱི་ཡོངས་ལ་བསམ་གཞིག དོན་དངོས་ལ་སྣང་ཆེན་བཅས་བྱས་ཏེ“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་བའི་གཙོ་རྐང་དེར་དམ་པོར་དམིགས་ནས་ཚོགས་ཆེན་གྱི་སྙན་སྒྲོན་ཁག་སློབ་སྦྱོང་ཡག་པོ་བྱེད་པ་དང་། གོ་བ་ཡག་པོ་ལེན་པ། གྲོས་བསྡུར་ཡག་པོ་བྱེད་པ། གྲོས་ཞིབ་ཡག་པོ་བྱེད་པ་བཅས་བྱས་ནས། བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་དྲན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཡིད་ཆེས་དང་ཆོད་སེམས་བརྟན་པོ་ཕྱོགས་ཡོངས་ནས་མངོན་པར་བྱེད་དགོས་པ་དང་། “དོན་ཆེན་བཞི”དང་། “འགན་ལེན་བཞི”“འཛུགས་གཏོད་བཞི”“མདུན་གྲལ་དུ་སླེབས་པ་བཞི”བཅས་ལ་དམིགས་ཏེ་མང་ཚོགས་ཀྱི“འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན”ལ་དམ་འཛིན་བྱས་ནས། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཟོལ་མེད་ཀྱི་སྙིང་གཏམ་མཚོན་པར་བྱེད་པ་དང་། སྐད་ཆ་དྲང་པོ་ཤོད་པ་དང་། ཐབས་འདོན་པ། ཇུས་འདོན་པ་བཅས་བྱེད་དགོས། རྒྱ་ཁྱབ་ངང་སྤེལ་རེས་དང་དྲིལ་བསྒྲགས་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་དམིགས་བསལ་ཐུགས་ཁུར་དང་བྱམས་བརྩེའི་ཐུགས་ཁུར་གནང་བའི་གཏམ་རྒྱུད་ཡག་པོ་བརྗོད་པ་དང་། བོད་ཀྱི་བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་རྒྱས་བྱུང་བ་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པའི་གཏམ་རྒྱུད་ཡག་པོ་བརྗོད་པ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས“མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་དང་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་ཐུན་མོང་ཐོག་མངོན་འགྱུར་བྱེད་པའི”གཏམ་རྒྱུད་ཡག་པོ་བརྗོད་པ། སྤུན་ཟླའི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་ལས་དོན་ཁྲོད་ཀྱི་བསམ་ཕྱོགས་བཟང་པོ་དང་། ཉམས་མྱོང་བཟང་པོ། བྱེད་སྟངས་བཟང་པོ་བཅས་ལ་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ་བཅས་བྱེད་དགོས། སྒྲིག་ཁྲིམས་དང་སྒྲིག་ལམ་ནན་པོ་བསྲུངས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གདུབ་ཟུམ་དོ་དམ་རང་རྟོགས་ངང་དང་ལེན་བྱེད་པ་དང་ཚོགས་འདུའི་སྒྲིག་ཁྲིམས་དང་། འཚོ་བའི་སྒྲིག་ཁྲིམས། གསང་སྲུང་གི་སྒྲིག་ཁྲིམས། གསར་འགྱུར་གྱི་སྒྲིག་ཁྲིམས་བཅས་ལག་བསྟར་ནན་པོ་བྱེད་དགོས། འཐུས་མི་ཚོགས་པའི་ལས་དོན་མི་སྣས་སྤྲོ་སེམས་འཁོལ་ལ་ཞིབ་ཚགས་དང་ནན་ཏན་ངང་ཞབས་ཞུ་འགན་ལེན་གྱི་ལས་དོན་ཁག་ཡག་པོ་བསྒྲུབས་ནས་ལས་འགན་ཁག་བདེ་འཇགས་དང་བདེ་བླག་ངང་ལེགས་སྒྲུབ་ཡག་པོ་ཐུབ་པའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།