དབུ་ཤོག>སྲིད་དོན།
  • ཡན་ཅིན་ཧའེ་ཡིས་ལྗོངས་ཡོངས་ཀྱི་འབྲུ་རིགས་བདེ་འཇགས་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ལས་དོན་གྱི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-03-03

    ཉིན་ཤས་གོང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་ལྗོངས་ཡོངས་ཀྱི་འབྲུ་རིགས་བདེ་འཇགས་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ལས་དོན་གྱི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་ལེན་བྱེད་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་གནང་བ་མ་ཟད། གོམ་སྟབས་རྗེས་མའི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་ཀྱང་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆི་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྒྱལ་མཚན་ཚོགས་འདུར་ཞུགས་ཡོད་པ་རེད།

    རང་ལྗོངས་ཀྱི་འབྲུ་རིགས་བདེ་འཇཌ་དང་། འགན་འཁྲིའི་ལམ་ལུགས་དོན་འཁྱོལ། རྨོ་ཞིང་བཟུང་གསབ་དོ་སྙོམས་བཅས་ཀྱི་ལས་དོན་སྙན་སེང་གསན་རྗེས། ཡན་ཅིན་ཧའེ་ཡིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་འབྲུ་རིགས་བདེ་འཇགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་གི་ཡོད། 

    ང་ཚོས“གཏན་འཁེལ་གཉིས”སྲུང་སྐྱོང་དང“སྲུང་སྐྱོང་གཉིས”ཐུབ་པའི་མཐོ་ཚད་ཐོག་ནས་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་ལེན་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཟབ་སྦྱོང་མཐིལ་རྟོགས་བྱེད་པ་དང་། འབྲུ་རིགས་བདེ་འཇགས་ཀྱི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ། འབྲུ་རིགས་བདེ་འཇགས་ཐད་ཏང་སྲིད་ཀྱི་འགན་འཁྲི་གཅིག་མཚུངས་ཕྱོགས་ཡོངས་ནས་དོན་འཁྱོལ་བཅས་བྱས་ཏེ་འབྲུ་རིགས་བདེ་འཇགས་ལས་དོན་ལ་དམ་འཛིན་ཏན་ཏིག་བྱེད་དགོས། རྨོ་ཞིང་སྲུང་སྐྱོང་ལ་མངོན་གསལ་དོད་པོས་ཤུགས་སྣོན་རྒྱག་པ་དང་། ཡུན་རིང་གི་གཞི་རྩའི་ཞིང་ཁའི་དམར་ཐིག་དབྱེ་འབྱེད་ནན་པོ་བྱེད་པ། ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ། འབྲུ་རིགས་འདེབས་ཁྱོན་བརྟན་པོ་ཡོང་བ། འབྲུ་རིགས་ཐོན་འབོར་བརྟན་པོ་ཡོང་བ་བཅས་བྱེད་དགོས། གསོག་འཇོག་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་ཐོན་སྐྱེད་དང་། ཉོ་སྒྲུབ། གསོག་འཇོག ལས་སྣོན། ཕྱིར་ཚོང་བཅས་ཀྱི་མཐུན་སྦྱོར་འགན་ལེན་ལ་ཤུགས་སྣོན་བརྒྱབ་ནས་སྙོམས་སྒྲིག་དང་འཕྲལ་སྡོམ་འགན་ལེན་གྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། རང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་འབྲུ་རིགས་གསོག་ཚད་འོས་འཚམ་ངང་རྒྱ་ཆེར་གཏོང་བ་དང་། གསོག་འཇོག་གི་དུས་འཁོར་རིང་དུ་གཏོང་བ། གསོག་འཇོག་གི་སྣ་ཁ་ལེགས་སུ་གཏོང་བ་སོགས་ཀྱི་ལས་དོན་ལ་ཞིབ་འཇུག་ནན་ཏན་དང་སྐུལ་འདེད་ཧུར་ཐག་གཏོང་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་འབྲུ་རིགས་བདེ་འཇགས་ཐད་ཏང་སྲིད་ཀྱི་འགན་འཁྲི་གཅིག་མཚུངས་ཀྱི་བླང་བྱ་དང་ཡང་ཡང་བསྡུར་ནས་ཞན་ཆ་སེལ་བ་དང་ཉམས་ཞན་སྟོབས་ཆེར་གཏོང་རྒྱུར་ཤུགས་སྣོན་བརྒྱབ་སྟེ་འབྲུ་རིགས་བདེ་འཇགས་ཀྱི་འགན་ལེན་ནུས་པ་ཆེ་རུ་ཧུར་ཐག་གཏོང་དགོས། དྲིལ་བསྒྲགས་སློབ་གསོར་སྔར་བས་ཤུགས་སྣོན་བརྒྱབ་སྟེ་སྤྱི་ཚོགས་ཡོངས་སུ་འབྲུ་རིགས་གྲོན་ཆུང་བྱེད་པ་དང་འཕྲོ་བརླག་ལ་ངོ་རྒོལ་བྱེད་པའི་རྣམ་པ་ཞིག་གཏོད་དགོས་ཞེས་གསུངས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2017ལོ་ནས་2020ལོ་བར་རང་ལྗོངས་ཀྱི་འབྲུ་རིགས་བདེ་འཇགས་ཀྱི་ཧྲེང་ཀྲང་གི་འགན་འཁྲིའི་ལམ་ལུགས་དེ་ལོ་4བསྟུད་མར་རྒྱལ་ཁབ་ཀྱིས“ལེགས་པའི”རིམ་པར་དཔྱད་འདེམས་བྱས་ཡོད། 2021ལོའི་ཟླ་4པར་ལག་བསྟར་བྱས་པའི《འབྲུ་རིགས་འཁོར་རྒྱུག་དོ་དམ་སྲོལ་ཡིག》ནང་འབྲུ་རིགས་བདེ་འཇགས་ཐད་ཏང་སྲིད་ཀྱི་འགན་འཁྲི་གཅིག་མཚུངས་ཡིན་པ་ཐོག་མར་ཁ་གསལ་བཏོན་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།