ཉེ་ཆར་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཤའོ་ཡིའུ་ཚའེ་ཡིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་བཏོན་གནང་བའི་ལས་ཞུགས་དང་། སློབ་གསོ། རྒན་གསོ་སོགས་དམངས་འཚོའི་བྱ་བ་དངོས་ཡག་པོ་སྒྲུབ་རྒྱུའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། དམངས་སྲིད་ཐིང་གིས་འཆར་ཟིན་བཀོད་པའི《རྒན་གསོའི་ཞབས་འདེགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བྱ་ཐབས་འགའ་ཞིག(ཞིབ་ མཆན་འགོད་རྒྱུའི་མ་ཟིན)》དང《འགན་ལེན་ལྔའི་གཅིག་སྡུད་བསྙེན་བཀུར་དང་དྭ་ཕྲུག་གཅིག་སྡུད་གསོ་ཉར་ལས་དོན་ཡག་པོ་སྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ(ཞིབ་མཆན་འགོད་རྒྱུའི་མ་ཟིན)》ལ་ཞིབ་འཇུག་གྲོས་བསྡུར་གནང་བ་རེད།
ཤའོ་ཡིའུ་ཚའེ་ཡིས། རིམ་ཁག་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་ཏན་ཏིག་གཏོང་བ་དང་། ལས་ཀའི་སྤྱོད་ཚུལ་ལེགས་སུ་གཏོང་བ། འགན་འཁྲི་དོན་འཁྱོལ་ལ་དམ་འཛིན་ཡག་པོ། རྒན་གསོའི་ཞབས་འདེགས་དང་བྱིས་པའི་ཕན་བདེའི་བྱ་གཞག་སྤུས་ཚད་མཐོ་པོས་འཕེལ་རྒྱས་གཏོང་བའི་གལ་ཆེའི་དོན་སྙིང་ལ་ངོས་འཛིན་གང་ལེགས། གཞི་རྩ་དང་མཐའ་ཚད་འགན་ལེན་བཅས་བྱས་ནས་ཏང་དང་སྲིད་གཞུང་གི་དམངས་ཕན་སྲིད་ཇུས་དེ་བས་ལེགས་པའི་ངང་དོན་འཁྱོལ་དང་ཕན་འབྲས་ཐོན་པར་བྱས་ཏེ། “རྒན་བྱིས”གཉིས་ཀྱི་ཞབས་འདེགས་འགན་ལེན་ལ་ཤུགས་སྣོན་བརྒྱབ་ནས་དེང་རབས་ཅན་གྱི་མཛེས་སྡུག་ལྡན་པའི་འཚོ་བར་སྐུལ་འདེད་གཏོང་བར་ཤུགས་སྣོན་རྒྱག་དགོས་པའི་ནན་བཤད་གནང་བ་རེད།