དབུ་ཤོག>སྲིད་དོན།
  • དུས་རབས་གསར་པའི་ཤེས་ལྡན་མི་སྣའི་ལས་དོན་གྱི་འདུ་ཤེས་གསར་པ་དང་། འཐབ་ཇུས་གསར་པ། བྱེད་ཐབས་གསར་པ་བཅས་ལག་བསྟར་གཏིང་ཟབ་བྱེད་དགོས། དུས་རབས་གསར་པའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས་ཞེས་ནན་བཤད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  尼玛曲珍   |     སྤེལ་དུས།  2022-03-01

    2022ལོའི་ཟླ་2ཚེས་28ཉིན། 《བོད་ལྗོངས་ཉིན་རེའི་ཚགས་པར》ཐོག་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་རྩོམ་ཡིག་གལ་ཆེན་སྤེལ་ནས་དུས་རབས་གསར་པའི་ཤེས་ལྡན་མི་སྣའི་ལས་དོན་གྱི་འདུ་ཤེས་གསར་པ་དང་། འཐབ་ཇུས་གསར་པ། བྱེད་ཐབས་གསར་པ་བཅས་ལག་བསྟར་གཏིང་ཟབ་བྱེད་དགོས་པ་དང་། དུས་རབས་གསར་པའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས་པ་བསྟན་ཡོད།

    རྩོམ་ཡིག་དེ་ཁག་བཞི་ལ་དབྱེ་བ་སྟེ། གཅིག ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་བསམ་བློའི་ངོས་འཛིན་གཏིང་ཟབ་ཏུ་བཏང་ནས་དུས་རབས་གསར་པའི་བོད་ཀྱི་ཤེས་ལྡན་མི་སྣའི་ལས་དོན་ཡག་པོ་སྒྲུབ་པའི་ལས་འགན་སྒྲུབ་སེམས་དང་། འགན་འཁྲི་འཁུར་སེམས། དགོས་གཏུགས་ཀྱི་བསམ་པ་བཅས་ཆེ་རུ་ཏན་ཏིག་གཏོང་དགོས། གཉིས། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱ་རྒྱུར་དམིགས་ཏེ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཤེས་ལྡན་མི་སྣ་གཅིག་སྡུད་བྱེད་དགོས། གསུམ། ཕུལ་བྱུང་ཤེས་ལྡན་མི་སྣའི་གཟེངས་སུ་ཐོན་པའི་ལས་དོན་ལམ་སྲོལ་ཧུར་ཐག་ཆགས་པར་བྱས་ནས“གསོ་སྐྱོང་དང་། ཁྲིད་སྟོན། བེད་སྤྱོད། གནས་ཐུབ་པ”བཅས་ཀྱི་འདུ་འགོད་ཆེན་པོ་བཞི་ལག་བསྟར་བྱས་ཏེ་རང་ལྗོངས་ཀྱི་ཤེས་ལྡན་མི་སྣའི་ལས་དོན་གྱི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་དགོས། བཞི། ཏང་གིས་ཤེས་ལྡན་མི་སྣར་དོ་དམ་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས་ཆབ་སྲིད་ཀྱི་འགན་འཁྲི་ཁུར་ཏེ་ལྗོངས་ཡོངས་ཀྱི་ཤེས་ལྡན་མི་སྣའི་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྲ་ཞིང་བརྟན་པའི་འགན་ལེན་བྱེད་དགོས་པ་བཅས་རེད།

    རྩོམ་ཡིག་ནང་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་ཤེས་ལྡན་མི་སྣའི་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་ཐད་སྐུ་ངོ་མས་ཇུས་འགོད་དང་། བཀོད་སྒྲིག སྐུལ་འདེད་བཅས་བཏང་གནང་ནས་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་བ་དང་། གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས“མཐའ་འཁྱོངས་བརྒྱད”ནང་དོན་གཙོ་བོར་བྱེད་པའི་ཤེས་ལྡན་མི་སྣའི་ལས་དོན་གྱི་འདུ་ཤེས་གསར་པ་དང་། འཐབ་ཇུས་གསར་པ། བྱེད་ཐབས་གསར་པ་བཅས་བཏོན་གནང་བ། ལྷག་པར་དུ་ན་ནིང་འཚོགས་པའི་ཀྲུང་དབྱང་གི་ཤེས་ལྡན་མི་སྣའི་ལས་དོན་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་གནང་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ཤེས་ལྡན་མི་སྣའི་ལས་དོན་གྱི་གྲུབ་འབྲས་ཕྱོགས་ཡོངས་ནས་ཕྱོགས་སྡོམ་གནང་བ། རང་རྒྱལ་གྱི་ཤེས་ལྡན་མི་སྣའི་འཕེལ་རྒྱས་ལ་འཕྲད་པའི་དུས་བབ་གསར་པ་དང་ལས་འགན་གསར་པར་དབྱེ་ཞིབ་གཏིང་ཟབ་གནང་བ། དུས་རབས་གསར་པའི་ཤེས་ལྡན་མི་སྣའི་ལས་དོན་ཡག་པོ་སྒྲུབ་པའི་རྩ་བའི་འགན་ལེན་དང་། འཐབ་ཇུས་གལ་ཆེན། དམིགས་ཚད་ཁ་ཕྱོགས། གཙོ་གནད་ལས་འགན། འགན་ལེན་གལ་ཆེན། གཞི་རྩའི་བླང་བྱ། སྤྱི་ཚོགས་ཀྱི་ཆ་རྐྱེན། བསམ་བློའི་ཁྲིད་སྟོན། བསམ་བློའི་འགན་ལེན་བཅས་གསལ་སྟོན་གནང་བ། ཤེས་ལྡན་མི་སྣའི་སྟོབས་ཆེའི་རྒྱལ་ཁབ་བསྐྲུན་དོན་གང་ཡིན་པ་དང་། གང་ཞིག་ལ་ཤེས་ལྡན་མི་སྣའི་སྟོབས་ཆེའི་རྒྱལ་ཁབ་ཟེར་བ། ཤེས་ལྡན་མི་སྣའི་སྟོབས་ཆེའི་རྒྱལ་ཁབ་ཇི་ལྟར་བྱས་ནས་བསྐྲུན་པ་བཅས་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་ལ་ལན་གཏིང་ཟབ་བསྐྱོན་པ། རང་རེའི་ཏང་གིས་ཤེས་ལྡན་མི་སྣའི་བྱ་གཞག་འཕེལ་རྒྱས་གཏོང་བའི་ཆོས་ཉིད་ལ་ངོས་འཛིན་བྱེད་ཚད་སྔར་བས་གཏིང་ཟབ་ཏུ་བཏང་གནང་ཡོད། དེ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི“ཤེས་ལྡན་མི་སྣའི་ལེའུ”ཞིག་ཡིན་པས་དུས་རབས་གསར་པའི་ཤེས་ལྡན་མི་སྣའི་ལས་དོན་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད།

    ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ནས“འདུ་ཤེས་བཞི”ཟབ་ཏུ་ཏན་ཏིག་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ་དང་། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་ལེན་བསྟར་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། དུས་རབས་གསར་པའི་ཤེས་ལྡན་མི་སྣའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འདུ་ཤེས་གསར་པ་དང་། འཐབ་ཇུས་གསར་པ། བྱ་ཐབས་གསར་པ་བཅས་ཟབ་སྦྱོང་མཐིལ་རྟོགས་བྱེད་པ། བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་མཐའ་གཅིག་ཏུ་ཡོང་བ་བྱེད་པ། ཤེས་ལྡན་མི་སྣའི་སྟོབས་ཆེའི་རྒྱལ་ཁབ་མགྱོགས་མྱུར་བསྐྲུན་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་མཐའ་གཅིག་ཏུ་ཡོང་བ་བྱེད་པ། ཏང་ཀྲུང་དབྱང་གིས་གཏན་འཁེལ་གནང་བའི་དུས་རབས་གསར་པའི་ཤེས་ལྡན་མི་སྣའི་ལས་དོན་སྐོར་གྱི་མཛུབ་ཁྲིད་བསམ་བློ་དང་། འཐབ་ཇུས་དམིགས་ཚད། གཙོ་གནད་ལས་འགན། སྲིད་ཇུས་དང་བྱེད་ཐབས་བཅས་བོད་ཀྱི་ཤེས་ལྡན་མི་སྣའི་ལས་དོན་གྱི་ཞིབ་ཕྲའི་བསམ་ཕྱོགས་དང་བྱ་ཐབས་སུ་འགྱུར་བ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་ཆེད་རྫོགས་མཐའ་མེད་པའི་གསར་གཏོད་ཀྱི་སྒུལ་ཤུགས་སྣོན་དགོས།

    རྩོམ་ཡིག་ནང་བསྟན་དོན། ལོ་མང་རིང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་དུས་རབས་གསར་པའི་ཤེས་ལྡན་མི་སྣའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འདུ་ཤེས་གསར་པ་དང་། འཐབ་ཇུས་གསར་པ། བྱ་ཐབས་གསར་པ་བཅས་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། བོད་སྐྱོང་བོད་བརྟན་བོད་དར་གྱི་བྱ་གཞག་ཁག་ལ་དམ་པོར་དམིགས་པ། ཤེས་ལྡན་མི་སྣའི་སྟོབས་ཆེའི་ལྗོངས་ཀྱི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱེད་པ། ཤེས་ལྡན་མི་སྣའི་སྲིད་ཇུས་ཀྱི་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ། ཐབས་མང་མཉམ་སྤྱོད་ཀྱིས་ཤེས་ལྡན་མི་སྣ་ནང་འདྲེན་དང་། གསོ་སྐྱོང་། གདམ་གསེས་བཅས་བྱེད་པ། སེམས་ནུས་ཡོད་རྒུས་ཤེས་ལྡན་མི་སྣར་ཞབས་འདེགས་ཞུ་བ་བཅས་བྱས་ཏེ་ལྗོངས་ཡོངས་ཀྱི་ཤེས་ལྡན་མི་སྣའི་ལས་དོན་ལ་སྐུལ་འདེད་གཏོང་བར་འཕེལ་རྒྱས་གསར་པ་དང་ཕན་འབྲས་གསར་པ་ཐོན་ཡོད། ལོ་བཅུའི་རིང་ལྗོངས་ཡོངས་ཀྱི་ཤེས་ལྡན་མི་སྣའི་དཔུང་ཁག་སྣ་ཚོགས་རྒྱུན་ཆད་མེད་པར་སྟོབས་ཆེར་ཕྱིན་པ་དང་། གྲུབ་ཆ་ཟམ་མི་ཆད་པར་ལེགས་སྒྲིག་བྱེད་པ། སྲིད་ཇུས་དང་བྱ་ཐབས་རབ་དང་རིམ་པ་གཏན་ལ་ཕབ་པ་བཅས་བྱུང་ནས་ཤེས་ལྡན་མི་སྣ་གསོ་སྐྱོང་དང་། གདེང་འཇོག སྐོར་སྐྱོད། ལྕག་སྐུལ། ནང་འདྲེན་སོགས་ཀྱི་གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་ཐུབ་པས་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཤེས་ལྡན་མི་སྣས་ལེགས་སྐྱེས་འབུལ་ཚད་ལོ་རེ་བཞིན་མཐོ་རུ་ཕྱིན་ཡོད།

    སྤྱིའི་ཆ་ནས་བལྟས་ན། རང་ལྗོངས་ཀྱི་ཤེས་ལྡན་མི་སྣའི་ལས་དོན་ལ་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་ཡོད། འོན་ཀྱང་དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་དང་། སྔར་བྱུང་མྱོང་མེད་པའི་ཤེས་ལྡན་མི་སྣའི་ཛ་དྲག་གི་འགྲན་རྩོད། མི་རིགས་ཁག་གི་མང་ཚོགས་ཀྱི་རེ་སྒུག་གསར་པ་བཅས་དང་བསྡུར་ཚེ་ད་དུང་ཞན་ཆ་དང་མི་འདང་ས་ཁག་གཅིག་ཡོད། ངེས་པར་དུ་གནད་དོན་དེ་དག་ལ་ལྟ་སྟངས་ཡང་དག་འཛིན་ནས་དུས་བབ་འཕེལ་རྒྱས་ཀྱི་དགོས་མཁོ་དང་རང་འགུལ་ངང་འཚམ་པ་དང་ཏན་ཏིག་དང་ནུས་ལྡན་གྱི་བྱ་ཐབས་སྤྱད་དེ་དུས་རབས་གསར་པའི་ཤེས་ལྡན་མི་སྣའི་ལས་དོན་ཡག་པོ་སྒྲུབ་དགོས།

    རྩོམ་ཡིག་ནང་ནན་བཤད་བྱས་དོན། དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཕུལ་བྱུང་ཤེས་ལྡན་མི་སྣ་འབོར་ཆེན་ཞིག་དགོས། དུས་སྐབས་གང་ཞིག་དང་ལས་རིགས་གང་ཞིག་ཡིན་རུང་། ཤེས་ལྡན་མི་སྣ་ནི་ཐོན་ཁུངས་རྩ་ཆེ་ཤོས་ཡིན་པ་དང་བྱ་གཞག་གི་རྒྱལ་ཕམ་ཐག་གཅོད་ཀྱི་རྒྱུ་རྐྱེན་གཙོ་བོ་ཡིན་པ་དོན་དངོས་ལས་གསལ་བཤད་གང་ལེགས་བྱས་ཡོད། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཐོག་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་ནན་ཏན་བྱས་པ་དང་། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལས་དོན་གྱི་བརྗོད་དོན་གཙོ་བོར་དམིགས་པ། “དོན་ཆེན་བཞིའི”འཐབ་ཇུས་བཀོད་ཇུས་དང“འགན་ལེན་བཞིའི”འཐབ་ཇུས་དམིགས་ཚད་ལ་དམ་པོར་དམིགས་པ་བཅས་བྱས་ཏེ“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིའི”འཐབ་ཇུས་ཀྱི་དམ་འཛིན་བྱ་གཞི་བཏོན་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་མཛེས་སྡུག་ལྡན་པའི་འཆར་གཞི་བཀོད་པ་རེད། མཛེས་སྡུག་ལྡན་པའི་འཆར་གཞི་དོན་དངོས་སུ་འགྱུར་བ་བྱེད་པར་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་དང་། ལས་སྒོ་བྱང་ཆུབ་པ། སྤྱོད་ཚུལ་ལེགས་པ། དཀའ་སྤྱད་ལས་བརྩོན་བཅས་ཀྱི་ཤེས་ལྡན་མི་སྣ་འབོར་ཆེན་ཞིག་ལ་བརྟེན་དགོས། “དོན་ཆེན་བཞི”ལ་དམིགས་པ་དང“འཛུགས་གཏོད་བཞིར”གཙོ་རྒོལ་བྱེད་པར་ཤེས་ལྡན་མི་སྣའི་ཞན་ཆ་སེལ་དགོས། རེས་སྐོར་གསར་པའི་ཤེས་ལྡན་མི་སྣ་བརྩོན་ལེན་དམག་འཐབ་ཀྱི་མདུན་དུ་ངེས་པར་དུ་ཕྱོགས་གང་ཅིའི་ཐད་ཀྱི་ཤེས་ལྡན་མི་སྣ་འདུ་འཛོམས་ཤུགས་ཆེན་བྱེད་དགོས།

    ང་ཚོས་ངེས་པར་དུ་དུས་རབས་གསར་པའི་ཤེས་ལྡན་མི་སྣའི་ལས་དོན་ཡག་པོ་སྒྲུབ་པའི་ལས་འགན་སྒྲུབ་སེམས་དང་། འགན་འཁྲི་འཁུར་སེམས། ཁ་ཚ་དགོས་གཏུགས་ཀྱི་བསམ་པ་བཅས་ཆེ་རུ་གཏོང་བ་དང་། འཕེལ་ཕྱོགས་ཆེན་པོ་གསལ་རྟོགས་དང་ཧེ་བག་ལ་ལྟ་སྟངས་ཡང་དག་འཛིན་པ། ལག་ལེན་དུ་འཁྱོལ་ཐུབ་པའི་དམིགས་སའི་རང་བཞིན་གྱི་བྱ་ཐབས་སྤྱད་དེ་ཤེས་ལྡན་མི་སྣའི་ལས་དོན་ལ་དམ་འཛིན་ནན་པོ་བྱེད་པ། ཤེས་ལྡན་མི་སྣའི་ཡིད་དབང་འགུག་ཤུགས་དང་། ཐེག་ནུས། འགྲན་རྩོད་ནུས་པ་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས། ཤེས་ལྡན་མི་སྣ་ནི་ཐོན་ཁུངས་ཨང་དང་པོ་ཡིན་པའི་འདུ་ཤེས་དངོས་འབྲེལ་འཛུགས་པ་དང་། ཤེས་ལྡན་མི་སྣ་གཟེངས་སུ་ཐོན་ཐུབ་པའི་ལམ་སྲོལ་དངོས་འབྲེལ་འཛུགས་པ། ཤེས་ལྡན་མི་སྣར་གཙིགས་ཆེན་དང་། ཤེས་ལྡན་མི་སྣར་བརྩི་འཇོག ཤེས་ལྡན་མི་སྣ་འགུག་པ། ཤེས་ལྡན་མི་སྣ་བེད་སྤྱོད་བཅས་ཀྱི་རྣམ་པ་ཟབ་མོ་ཧུར་ཐག་གཏོད་པ། གངས་ལྗོངས་ས་མཐོའི་བྱ་གཞག་ཁག་ཤེས་ལྡན་མི་སྣར་བརྟེན་ནས་འཕེལ་རྒྱས་དང་ཡར་ཐོན་ཡོང་བ་བྱེད་པ། ཤེས་ལྡན་མི་སྣས་གངས་ལྗོངས་ས་མཐོའི་འཕེལ་རྒྱས་ལ་གཞོལ་ནས་མི་ཚེའི་རིན་ཐང་མངོན་པ་བཅས་བྱེད་དགོས།

    རྩོམ་ཡིག་ནང་ནན་བཤད་བྱས་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་། དུས་རབས་གསར་པའི་ཤེས་ལྡན་མི་སྣའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འདུ་ཤེས་གསར་པ་དང་། འཐབ་ཇུས་གསར་པ། བྱ་ཐབས་གསར་པ་བཅས་དང་དུས་རབས་གསར་པའི་ཤེས་ལྡན་མི་སྣའི་སྟོབས་ཆེའི་རྒྱལ་ཁབ་ཀྱི་འཐབ་ཇུས་ཕྱོགས་ཡོངས་ནས་ལག་བསྟར། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་ནན་ཏན་བཅས་བྱས་ཏེ། ཏང་གིས་ཤེས་ལྡན་མི་སྣར་དོ་དམ་བྱ་རྒྱུ་་མཐའ་འཁྱོངས་དང་། ངལ་རྩོལ་ལ་བརྩི་འཇོག་དང་། ཤེས་བྱར་བརྩི་འཇོག ཤེས་ལྡན་མི་སྣར་བརྩི་འཇོག གསར་གཏོད་ལ་བརྩི་འཇོག་བཅས་བྱ་རྒྱུ་མཐའ་འཁྱོངས། “ཕྱོགས་པ་བཞི”མཐའ་འཁྱོངས་བཅས་བྱས་ནས། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་བ། འཕེལ་རྒྱས་ཀྱི་བཀོད་པ་གསར་པར་མཉམ་འདྲེས་ཐུབ་པར་ཞབས་འདེགས་ཞུ་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། སྔ་བལྟས་ཕྱི་བསམ་གྱི་ཇུས་འགོད་དང་འཐབ་ཇུས་བཀོད་ཇུས་ལ་ཤུགས་སྣོན་བརྒྱབ་ནས་གོ་སྐབས་དམ་འཛིན་ཤུགས་ཆེན་དང་། སྒྱུར་བཅོས་གསར་གཏོད། གཙོ་གནད་འགག་སྒྲོལ་བཅས་བྱས་ཏེ་ཆོད་སེམས་སྔར་བས་བརྟན་པོའི་སྒོ་ནས་ཤེས་ལྡན་མི་སྣའི་སྔོན་ཇུས་ཡག་པོ་འདིང་བ་དང་། མཐོང་རྒྱ་སྔར་བས་ཡངས་པའི་སྒོ་ནས་ཤེས་ལྡན་མི་སྣའི་རང་འགུལ་དམག་འཐབ་ལེགས་པར་རྒྱག་པ། ལས་དོན་སྤེལ་ཤུགས་སྔར་བས་ཆེ་བའི་སྒོ་ནས་ཤེས་ལྡན་མི་སྣའི་དཔུང་ཁག་གསར་པ་བཀོད་སྒྲིག་ཡག་པོ་བཅས་བྱས་ནས། འཕར་ཚད་མཐོ་པོ་དང་། གསོག་ཚད་བརྟན་པོ། སྤུས་ཚད་མཐོ་པོ། ནུས་ཚད་འདོན་པ་བཅས་བྱས་ཏེ། གཞི་ཁྱོན་འོས་འཚམ་དང་། གྲུབ་ཆ་ལུགས་མཐུན། བྱང་ཚད་ལེགས་པ། ཁྱད་ཆོས་མངོན་གསལ་དོད་པ་བཅས་ཀྱི་ཤེས་ལྡན་མི་སྣའི་དཔུང་ཁག་ཅིག་འཛུགས་སྐྱོང་བྱས་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་ཤེས་ལྡན་མི་སྣའི་རྨང་གཞི་བརྟན་པོ་འདིང་དགོས།

    སྤྱིའི་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་པར་ངེས་པར་དུ་རྒྱལ་ཁབ་ཀྱི་ཤེས་ལྡན་མི་སྣའི་འཕེལ་རྒྱས་ཀྱི་འཐབ་ཇུས་བཀོད་ཇུས་ཁྲིད་སྟོན་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ལྗོངས་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་དང་། དཔལ་འབྱོར་འཕེལ་རྒྱས། སྐྱེ་ཁམས་སྲུང་སྐྱོང་། མཐའ་དར་དམངས་ཕྱུག་སོགས་ཀྱི་གཙོ་གནད་ལས་དོན་དང་གནད་སྨིན་སྦྲེལ་མཐུད་བྱེད་པ་དང་། ས་གནས་ཁག་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆུ་ཚད་དང་། ཤེས་ལྡན་མི་སྣའི་གཞི་ཁྱོན་གྱི་སྤུས་ཚད། ཚན་རྩལ་གསར་གཏོད་བྱེད་ནུས་སོགས་ཀྱི་རྒྱུ་རྐྱེན་དང་ཟུང་འབྲེལ་བྱས་ཏེ་ཡུན་རིང་བདེ་འཁོད་ཡོང་བ་དང་། མི་རིགས་ཆོས་ལུགས་ལས་དོན་གྱི་ཆུ་ཚད་མཐོ་རུ་གཏོང་བ། ཐོན་ལས་འཕེལ་རྒྱས་ཡོང་བ་བྱེད་པ། གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ། དངུལ་རྩས་དངོས་ཚན་དཔལ་འབྱོར་ལ་ཞབས་འདེགས་ཞུ་བ། དམངས་འཚོ་ལེགས་གཏོང་དང་འགན་ལེན་བྱེད་པ། སྐྱེ་ཁམས་སྲུང་ཡོལ་བརྟན་དུ་གཏོང་བ། ལྷོ་ནུབ་མཐའ་མཚམས་ཀྱི་བདེ་འཇགས་སྲུང་བ་སོགས་ཕྱོགས་བརྒྱད་ཀྱི་ཕུལ་བྱུང་ཤེས་ལྡན་མི་སྣ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་བྱ་གཞག་རླབས་པོ་ཆེའི་ནང་གཅིག་སྡུད་ཐུབ་པར་བྱེད་དགོས།

    རྩོམ་ཡིག་ནང་ནན་བཤད་བྱས་དོན། ཕུལ་བྱུང་ཤེས་ལྡན་མི་སྣ་གཟེངས་སུ་ཐོན་པའི་ལས་དོན་གྱི་ལམ་སྲོལ་ཧུར་ཐག་ཆགས་པར་བྱས་ནས“གསོ་སྐྱོང་དང་། ཁྲིད་སྟོན། བེད་སྤྱོད། གནས་ཐུབ་པ”བཅས་ཀྱི་འདུ་འགོད་ཆེན་པོ་བཞི་ལག་བསྟར་བྱས་ཏེ་རང་ལྗོངས་ཀྱི་ཤེས་ལྡན་མི་སྣའི་ལས་རྣམ་གསར་པ་ཟམ་མི་ཆད་པར་གཏོད་དགོས། ཐབས་མང་མཉམ་སྤྱོད་ཀྱིས་ཤེས་ལྡན་མི་སྣ་གསོ་སྐྱོང་གི་འདུ་འགོད་ལག་བསྟར་དང་། རང་འགུལ་ངང་དུས་བབ་འཕེལ་རྒྱས་དང་འཚམ་པར་བྱེད་པ། མཐོ་སློབ་ཀྱི་འཐབ་ས་གཙོ་བོའི་ནུས་པ་འདོན་སྤེལ། ད་ཡོད་ཀྱི་ཤེས་ལྡན་མི་སྣའི་ཐོན་ཁུངས་ཡག་པོ་སྤྱོད་པ། བྱང་ཚད་མཐོ་བའི་རྩལ་ནུས་ཅན་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་། ན་གཞོན་ཤེས་ལྡན་མི་སྣ་གསོ་སྐྱོང་དང་སྤྱོད་པར་གཙིགས་ཆེན་བཅས་བྱས་ཏེ་ཤེས་ལྡན་མི་སྣ་རང་བརྟེན་གསོ་སྐྱོང་གི་ལམ་བུར་ཡག་པོ་སྐྱོད་དགོས། ཐབས་ལམ་རྒྱ་སྐྱེད་བཏང་སྟེ་ཤེས་ལྡན་མི་སྣ་ནང་འདྲེན་གྱི་འདུ་འགོད་ལག་བསྟར་བྱས་ཏེ་གོ་སྐབས་དམ་འཛིན་དང་བྱ་ཐབས་གསར་གཏོད་དང་། དགོས་མཁོའི་སྟོན་ཕྱོགས་འབུར་དུ་ཐོན་པ། སྤུས་ཚད་ཀྱི་ཕན་འབྲས་ལ་གཙིགས་ཆེན། འགག་རྩའི་ཁྱབ་ཁོངས་དང་གཙོ་གནད་ལས་རིགས་ལ་མཁོ་བའི་ཤེས་ལྡན་མི་སྣ་ནང་འདྲེན་བཅས་བྱས་ནས་ནང་འདྲེན་བྱས་པའི་ཤེས་ལྡན་མི་སྣ་གདམ་གསེས་གནད་འཁེལ་དང་། ཡག་པོ་སྤྱོད་ཐུབ་པ། བྱ་གཞག་ལེགས་པར་སྒྲུབ་ཐུབ་པ་བཅས་ཡོང་བར་བྱེད་དགོས། དྲང་སྲུང་གསར་གཏོད་ཀྱིས་ཤེས་ལྡན་མི་སྣ་སྤྱོད་པའི་འདུ་འགོད་ལག་བསྟར་བྱས་ནས་ཤེས་ལྡན་མི་སྣ་འཕེལ་རྒྱས་གཏོང་བའི་སྒྲིག་སྲོལ་ལམ་སྲོལ་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། འདུ་ཤེས་གསར་བརྗེས་དང་། གནད་སྨིན་བེད་སྤྱོད། དབང་སྤྲོད་ལྷུག་གཏོང་། ཚན་རིག་དང་མཐུན་པའི་གདེང་འཇོག གསར་གཏོད་ལ་སྐུལ་ལྕག འཁོར་རྒྱུག་སྐུལ་འདེད་ལ་འབད་པ། ཤེས་ལྡན་མི་སྣ་གསོ་སྐྱོང་དང་། བེད་སྤྱོད། ཞབས་འདེགས། རྒྱབ་སྐྱོར། སྐུལ་ལྕག་སོགས་ཐད་ཀྱི་སྒྲིག་སྲོལ་ལམ་སྲོལ་གྱི་འགོག་རྐྱེན་མཐའ་གཅིག་ཏུ་སེལ་བ། མི་སྤྱོད་བྱེད་པོའི་ཧུར་བརྩོན་རང་བཞིན་འདོན་སྤེལ་གང་ལེགས་བཅས་བྱས་ཏེ། སྲོལ་ལུགས་གཅིག་གི་འཆིང་རྒྱ་ལས་གྲོལ་ནས་ཤེས་ལྡན་མི་སྣ་ཡག་པོ་སྤྱོད་པ་དང་ཐབས་བརྒྱ་ཇུས་སྟོང་གིས་ཤེས་ལྡན་མི་སྣར་གྲུབ་འབྲས་ཐོབ་པར་བྱེད་དགོས། བརྩེ་སེམས་ཟབ་མོས་ཤེས་ལྡན་མི་སྣ་གནས་ཐུབ་པའི་འདུ་འགོད་ལག་བསྟར་བྱས་ཏེ་སྤྲོ་སེམས་ཆེན་པོས་རིགས་ཁག་གི་ཤེས་ལྡན་མི་སྣའི་རྒྱབ་ཕྱོགས་མཁོ་སྒྲུབ་ཀྱི་ལས་དོན་ཡག་པོ་སྒྲུབ་པ་དང་། ཤེས་ལྡན་མི་སྣར་གཟིགས་སྐྱོང་བྱེད་པའི་ཞབས་ཞུའི་སྲིད་ཇུས་དང་བྱ་ཐབས་འཐུས་སྒོ་ཚང་དུ་གཏོང་བ། ཤེས་ལྡན་མི་སྣའི་རྒྱབ་ཕྱོགས་ཀྱི་སེམས་ཁྲལ་སེལ་བ་བཅས་བྱས་ཏེ། བརྩེ་སེམས་ལ་བརྟེན་ནས་ཤེས་ལྡན་མི་སྣ་གནས་ཐུབ་པ་དང་། ཐོབ་ཐང་ལ་བརྟེན་ནས་ཤེས་ལྡན་མི་སྣ་གནས་ཐུབ་པ། བྱ་གཞག་ལ་བརྟེན་ནས་ཤེས་ལྡན་མི་སྣ་གནས་ཐུབ་པ་བཅས་དངོས་འབྲེལ་བྱེད་དགོས།

    རྩོམ་ཡིག་ནང་ནན་བཤད་བྱས་དོན། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་ཏང་གིས་ཤེས་ལྡན་མི་སྣར་དོ་དམ་བྱེད་པའི་རྩ་དོན་མཐའ་འཁྱོངས་དང་། ཏང་གིས་ཤེས་ལྡན་མི་སྣའི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པར་ཤུགས་སྣོན། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་ཁོང་དུ་བརྟན་པོར་ཆུད་པ། ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ། སྲིད་ཇུས་དང་། མཐུན་སྦྱོར། ཞབས་འདེགས་བཅས་ལ་དོ་དམ་བྱེད་པའི་འགན་འཁྲི་ཡག་པོ་སྒྲུབ་པ། “འགོ་ཁྲིད་ཨང་དང་པོས”ཤེས་ལྡན་མི་སྣའི་ལས་དོན་ལ་དམ་འཛིན་བྱེད་པའི་འགན་འཁྲི་ནན་དུ་གཏོང་བ། ཤེས་ལྡན་མི་སྣའི་ལས་དོན་ལ་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། སྤྱི་ཚོགས་ཡོངས་ཀྱིས་ཤེས་ལྡན་མི་སྣར་སེམས་ཁུར་གཅེས་སྐྱོང་དང་། ཤེས་ལྡན་མི་སྣ་སེམས་གནས་ཐུབ་པ། ཤེས་ལྡན་མི་སྣར་རྒྱབ་སྐྱོར་དང་རོགས་རམ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་པར་སྐུལ་འདེད་གཏོང་བ་དང་ཏང་གི་ཆབ་སྲིད་ཀྱི་ལེགས་ཆ་དང་རྩ་འཛུགས་ཀྱི་ལེགས་ཆ་ཤེས་ལྡན་མི་སྣ་འཕེལ་རྒྱས་ཀྱི་ལེགས་ཆར་ཏན་ཏིག་འགྱུར་བར་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་ཕུལ་ཏེ། ཕུལ་བྱུང་གི་གྲུབ་འབྲས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།