དབུ་ཤོག>སྲིད་དོན།
  • ཝང་ཝུའེ་ཏུང་གིས་རང་སྐྱོང་ལྗོངས་སྒྲིག་བཤེར་ལྟ་ཞིབ་སྒྲིག་སྲོལ་སྒྱུར་བཅོས་ཆེད་དོན་ཚོགས་ཆུང་གི་ཚོཌ་འདུ་ཐེངས་དང་པོ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-02-25

    ཚེས་21ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན། སྒྲིག་བཤེར་ལྟ་ཞིབ་སྒྲིག་སྲོལ་སྒྱུར་བཅོས་ཆེད་དོན་ཚོགས་ཆུང་གི་ཙུའུ་ཀྲང་ཝང་ཝུའེ་ཏུང་གིས། རང་སྐྱོང་ལྗོངས་སྒྲིག་བཤེར་ལྟ་ཞིབ་སྒྲིག་སྲོལ་སྒྱུར་བཅོས་ཆེད་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་དང་པོ་གཙོ་སྐྱོང་གནང་བ་རེད། ཚོགས་འདུའི་ཐོག་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་2022ལོའི་ཚོགས་འདུ་ཐེངས་དང་པོའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། 2022ལོའི་རང་སྐྱོང་ལྗོངས་སྒྲིག་བཤེར་ལྟ་ཞིབ་སྒྲིག་སྲོལ་སྒྱུར་བཅོས་ཀྱི་ལས་དོན་ལ་བཀོད་སྒྲིག་བྱས་པ་རེད།

    ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་སྒྲིག་བཤེར་ལྟ་ཞིབ་སྒྲིག་སྲོལ་སྒྱུར་བཅོས་འགོ་ཁྲིད་ཚོགས་ཆུང་ལ། ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་མངགས་སྡོད་ལས་དོན་ཚད་ལྡན་དུ་གཏོང་བར་ཤུགས་སྣོན་བརྒྱབ་སྟེ། ལམ་ལུགས་དང་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་མངགས་སྡོད་བྱེད་མཁན་ལ་ལྟ་སྐུལ་བྱེད་ཚད་མཐོ་རུ་གཏོང་བ་དང་སྤུས་ཕན་ཆེ་རུ་གཏོང་དགོས་པ་དང་། ཁུལ་ཁོངས་དོ་དམ་གྱི་གཞུང་ཁོངས་ཁེ་ལས་དང་ཁུལ་ཁོངས་དོ་དམ་གྱི་མཐོ་སློབ་ཀྱི་སྒྲིག་བཤེར་ལྟ་ཞིབ་སྒྲིག་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་གཟབ་ནན་གཏོང་བ་དང་། ཁུལ་ཁོངས་དོ་དམ་གྱི་གཞུང་ཁོངས་ཁེ་ལས་དང་བྱ་གཞག་ཚན་པར་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ལས་དོན་ནན་པོ་དང་ཏན་ཏིག་སྤེལ་བར་སྐུལ་འདེད་གཏོང་དགོས། རྫོང་རིམ་པའི་སྒྲིག་བཤེར་ལྟ་ཞིབ་ཨུ་ལྷན་ནང་ཁུལ་གྱི་སྒྲིག་གཞི་སྒྱུར་བཅོས་ཕྱོགས་ཡོངས་ནས་བྱས་ཏེ། གཞི་རིམ་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་ཆབ་སྲིད་ཀྱི་བྱེད་ནུས་དང་རྩ་འཛུགས་ཀྱི་ནུས་པ་ཆེ་རུ་གཏོང་དགོས་ཞེས་ནན་བཤད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།