དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་2022ལོའི་ཚོགས་འདུ་ཐེངས་བཞི་པ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-02-25

    ཚེས་23ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན་གྱིས་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་2022ལོའི་ཚོགས་འདུ་ཐེངས་བཞི་པ་གཙོ་སྐྱོང་གནང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་། 《〈རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་སློབ་སྦྱོང་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་བྱ་ཐབས〉པར་འགྲེམས་བྱེད་རྒྱུའི་སྐོར་གྱི་སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་བརྡ་ཐོ》བརྒྱུད་བསྒྲགས་སློབ་སྦྱོང་། ཧྲུའུ་ཅི་ཝང་ཅུན་ཀྲེང་གི་ཉེ་དུས་ཀྱི་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་། ལག་བསྟར་དོན་འཁྱོལ་གྱི་ལས་དོན་ལ་ཞིབ་འཇུག 《ཀྲུང་གུང་བོད་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའུ་དང་སྲིད་གྲོས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་2022ལོའི་ལས་དོན་གྱི་གཙོ་གནད(གྲོས་བསྡུར་མ་ཟིན)》དང《སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་2022ལོའི་གྲོས་མོལ་འཆར་གཞིའི(གྲོས་བསྡུར་མ་ཟིན)》དང་དེ་བཞིན་འབྲེལ་ཡོད་ལས་དོན་འཆར་གཞི་དང་ཞིབ་ཕྲའི་ཇུས་གཞིར་ཞིབ་འཇུག་བཅས་བྱས་པ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀརྨ་ཚེ་བརྟན་ཚོགས་འདུར་ཞུགས་པ་རེད།

    ཀྲོང་ཡན་གྱིས་ནན་བཤད་གནང་དོན། སྲིད་གྲོས་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་བཏང་སྟེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དུས་ཐོག་ཏུ་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་བླངས་ནས་སློབ་སྦྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་སྟེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་རང་རྟོགས་ངང་སྤྱད་ནས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། དུས་རབས་གསར་པའི་བོད་ཀྱི་མི་རིགས་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི“རྒྱལ་ཁབ་ཀྱི་དོན་ཆེན”ཡིན་པར་ངོས་འཛིན་གཏིང་ཟབ་བྱས་ཏེ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བཀོད་སྒྲིག་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་གསུང་བཤད་ཀྱི་བླང་བྱ་ལྟར། “དོན་ཆེན་བཞི”དང“འགན་ལེན་བཞིར”དམིགས་པ་དང“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”ཤུགས་བརྒྱབ་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་གཙོ་རྐང་དང་འཐབ་ཇུས་རང་བཞིན་གྱི་ལས་འགན་སྟངས་འཛིན་ནན་པོ་བྱས་ཏེ་ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་མི་རིགས་ཁག་དབར་རྒྱ་ཁྱབ་ངང་འགྲོ་འོང་དང་། ཕྱོགས་ཡོངས་ནས་སྤེལ་རེས། མཉམ་འདྲེས་གཏིང་ཟབ་བཅས་ཡོང་བར་སྣེ་ཁྲིད་བྱེད་དགོས། རང་འགུལ་ངང་སྒྱུར་བཅོས་ཀྱི་ལས་འགན་དང་དུ་བླངས་ནས་གོ་རིམ་ཚད་ལྡན་དང་། འབྲེལ་བ་ཤར་གཏོང་། འཁོར་སྐྱོད་ནུས་ལྡན་བཅས་ཀྱི་སྲིད་གྲོས་ལས་དོན་གྱི་ལམ་ལུགས་ཀྱི་མ་ལག་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ་སྲིད་གྲོས་ལམ་ལུགས་ཀྱི་ལེགས་ཆ་དེ་མཐའ་སྐྱོང་བོད་བརྟན་གྱི་ཕན་འབྲས་ལ་དངོས་འབྲེལ་འགྱུར་བ་བྱེད་དགོས།

    ཀྲོང་ཡན་གྱིས་བླང་བྱ་བཏོན་དོན། སྲིད་གྲོས་རིམ་ཁག་ཏང་རྩ་འཛུགས་དང་། གཞུང་དོན་ཐིང་། ཆེད་དོན་ཨུ་ལྷན་ཁག་བཅས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་བསུ་བ་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པའི་གཙོ་རྐང་དེར་དམ་པོར་དམིགས་ནས། “ཚད་བརྒལ་དགུ་”མངོན་འགྱུར་ཡོང་རྒྱུ་གཙོ་གནད་དུ་བཟུང་བ་དང་། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ། རང་འགུལ་ངང་བྱས་རྗེས་ཧུར་ཐག་འཇོག་པ་བཅས་བྱས་ཏེ། ཏང་ལེགས་སྐྱོང་དང་། གྲོས་མོལ་སྲིད་གླེང་། ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་བ་སོགས་ཀྱི་ལས་དོན་ཞིབ་ཚགས་སྒྲུབ་པ་དང་། བསམ་བློ་ཆབ་སྲིད་ཀྱི་བྱང་ཚད་དང་འགན་འཁྲི་སྒྲུབ་པའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་བ། ལས་བྱེད་པས་འགན་འཁྲི་འཁུར་རྒྱུར་སྐུལ་ལྕག་བྱེད་པ་སོགས་ལ་མུ་མཐུད་ཤུགས་རྒྱག་པ། “གྲོགས་པོ་སྒྲིག་པའི”བྱེད་སྒོ་གཏིང་ཟབ་སྤེལ་བ་དང་། “ཨུ་ཡོན་གྱི་གཏམ་རྒྱུད”ཡག་པོ་ཤོད་པ། ལོ་འཁོར་གྱི་དམིགས་ཚད་ལས་འགན་བདེ་བླག་ངང་ལེགས་སྒྲུབ་ཡོང་བ་བཅས་བྱས་ནས་དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་སྲིད་གྲོས་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།