དབུ་ཤོག>སྲིད་དོན།
  • ལའེ་ཅའོ་ལྗོངས་ཡོངས་ཀྱི་རྩ་འཛུགས་པུའུ་ཀྲང་གི་ཚོགས་འདུར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-02-24

     ཚེས་22ཉིན་ལྗོངས་ཡོངས་ཀྱི་རྩ་འཛུགས་པུའུ་ཀྲང་གི་ཚོགས་འདུ་བརྙན་འཕྲིན་ཁ་པར་ཚོགས་འདུའི་རྣམ་པ་ནས་འཚོགས་ཤིང་། 2021ལོའི་ལས་དོན་ལ་ཕྱོགས་སྡོམ་དང་2022ལོའི་ལས་འགན་བཀོད་སྒྲིག་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ལའེ་ཅའོ་ཡིས་ལྗོངས་ཡོངས་ཀྱི་རིམ་ཁག་རྩ་འཛུགས་སྡེ་ཚན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་བྱས་ནས། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་བཀོད་སྒྲིག་མཐའ་གཅིག་ཏུ་དོན་འཁྱོལ་བྱེད་པ། “དོན་ཆེན་བཞི”དང“འགན་ལེན་བཞིར”དམིགས་པ། “འཛུགས་གཏོད་བཞི”ལ་སྐུལ་འདེད་གཏོང་བ་དང“མདུན་གྲལ་དུ་སླེབས་པ་བཞི”སྒྲུབ་པར་དམིགས་པ། རྩ་འཛུགས་ལས་དོན་གྱི་ཆབ་སྲིད་ཀྱི་རང་བཞིན་དང་། དུས་རབས་ཀྱི་རང་བཞིན། བརྒྱུད་རིམ་གྱི་རང་བཞིན། ལག་ལེན་གྱི་རང་བཞིན་བཅས་ཁོང་དུ་བརྟན་པོ་ཆུད་པ། ནུས་ཤུགས་ཡོད་རྒུས་ཏང་གི་ཚོགས་ཆེན་ཉི་ཤུ་པར་ཞུགས་མཁན་རང་ལྗོངས་ཀྱི་འཐུས་མི་འདེམས་སྒྲུག་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་། སྲིད་གཞུང་། སྲིད་གྲོས་བཅས་ཀྱི་སྐབས་བརྗེའི་ལས་དོན་ཡག་པོ་སྒྲུབ་པ། རིགས་པའི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲོས་པ་དང་ལས་བྱེད་པའི་ཆེད་ལས་ཅན་གྱི་འཇོན་ཐང་གསོ་སྦྱོང་རྒྱུན་མཐུད་ཟབ་ཏུ་གཏོང་བ། ཕུལ་བྱུང་ལས་བྱེད་པ་གཟེངས་སུ་ཐོན་ཐུབ་པའི་སྒྲིག་སྲོལ་ལམ་སྲོལ་གང་མགྱོགས་ཆགས་པར་བྱེད་པ། ཕྱོགས་གང་ཅིའི་ཐད་ཀྱི་ཕུལ་བྱུང་ཤེས་ལྡན་མི་སྣ་བསྡུ་རུབ་ཤུགས་ཆེན་བྱེད་པ། རྩ་འཛུགས་ཀྱི་མ་ལག་ཚགས་ཚུད་པོ་དང་སྟོབས་ཆེར་གཏོང་བ་བཅས་བྱས་ཏེ་ཕུལ་བྱུང་གི་གྲུབ་འབྲས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།