དབུ་ཤོག>སྲིད་དོན།
  • གཙོ་གནད་མི་སྣར་དམ་པོར་དམིགས་པ་དང་བྱ་ཐབས་གལ་ཆེན་དོན་འཁྱོལ་བྱས་ནས་ཚན་རིག་དང་མཐུན་ཞིང་གནད་སྨིན་ངང་ནན་པོ་དང་ཏན་ཏིག་གི་སྒོ་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-02-22

     ཚེས་18ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆི་ལྗོངས་ཡོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཚོགས་འདུའི་གྲོས་མོལ་ཚོགས་འདུར་ཞུགས་པ་མ་ཟད། གསུང་བཤད་ཀྱང་གནང་བ་དང་ཚོགས་འདུའི་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་སྡོམ་ལམ་སྲོལ་གྱི་ཉེ་དུས་ཀྱི་འབྲེལ་ཡོད་ལས་ཀའི་བླང་བྱ་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཏེ་ས་ཁུལ་དང་གྲོང་ཁྱེར་ཁག་གཅིག་དང་གཙོ་གནད་ཁྱབ་ཁོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་ལས་དོན་སྙན་ཞུ་གསན་པ་དང་གོམ་སྟབས་རྗེས་མའི་རང་ལྗོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་བཀོད་སྒྲིག་གནང་བ་རེད། རང་སྐྱོང་ལྗོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བློ་འདྲི་རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་ཚོགས་འདུའི་ཐོག་རིམས་འགོག་སྲིད་ཇུས་ལ་ལན་བརྒྱབ་པ་དང་ཀའོ་ཁྲེ་ཀུང་སིས“བོད་བདེ་བགྲོད”ཅེས་པའི་བོད་བསྐྱོད་སྙན་ཞུའི་བྱ་རིམ་ཆུང་ངུ་བཀོལ་སྤྱོད་བྱེད་སྟངས་འགྲེལ་བཤད་བརྒྱབ་པ་རེད།

     རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལུའོ་མེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཁྲེན་ཡུང་ཆིས་ནན་བཤད་གནང་དོན། རིམ་པ་ཁག་དང་སྡེ་ཚན་ཁག་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འབྲེལ་ཡོད་བཀོད་སྒྲིག་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་དང་ཀྲུའུ་ཞི་ཡན་ཅིན་ཧའེ་ཡི་འབྲེལ་ཡོད་བླང་བྱར་ནན་པོ་གཞིགས་ཏེ། མིག་སྔ་དང་ལྷག་པར་དུ་བོད་ཀྱི་ལོ་གསར་རིང་གི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་མུ་མཐུད་དམ་འཛིན་ཡག་པོ་བྱེད་དགོས། གཙོ་གནད་མི་སྣར་སྔོན་འགོག་དང་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་དགོས། ཕྱི་ནས་འགོ་རྒྱུ་སྔོན་འགོག་བྱེད་པའི་འགག་རྩ་དེ་དམ་པོར་བཟུང་ནས་ལྗོངས་ཕྱི་ནས་ཕ་ཡུལ་དུ་ལོག་པ་དང་ལས་འགོ་བསྐྱར་འཛུགས་ཆེད་བོད་དུ་ལོག་པ་སོགས་བོད་དུ་ཡོང་མཁན་དང་། ཐག་རིང་ཟོག་འདྲེན་ཁ་ལོ་བ་སོགས་ཞིང་ཆེན་སྒྲོལ་ནས་ལས་ཀ་བྱེད་མཁན། གྲང་ཕྲེང་གྲང་མཛོད་ཀྱི་ལས་ཀ་བྱེད་མཁན། མགྲོན་ཁང་གི་སྐར་ཁུང་སོགས་ཞབས་ཞུའི་ལས་རིགས་ཀྱི་མི་སྣ། བདལ་གཏོང་རླངས་འཁོར་དང་དྲ་འབོད་རླངས་འཁོར་སོགས་སྤྱི་པའི་འགྲིམ་འགྲུལ་ལས་གཉེར་མི་སྣའི་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་བརྒྱབ་སྟེ་ཉིང་སྐྱུར་བརྟག་དཔྱད་དང་བདེ་ཐང་གི་བརྟག་དཔྱད་བྱེད་ཤུགས་ཆེ་རུ་བཏང་ནས་རིམས་ནད་འགོ་རྒྱུ་སྔོན་འགོག་བྱེད་དགོས། བྱེད་ཐབས་གལ་ཆེན་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་དགོས། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་རྒྱུན་རྣམ་ཅན་གྱི་བྱ་ཐབས་ཡག་པོ་སྒྲུབ་པའི་རྨང་གཞིའི་ཐོག་རྒྱང་ཁྲིད་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་བརྒྱབ་སྟེ་གནམ་ཐང་དང་མེ་འཁོར་བབས་ཚུགས་སོགས་གཙོ་གནད་འགག་སྒོར་ཤུགས་སྣོན་རྒྱག་པ་དང་ལྗོངས་ཕྱིའི་འགག་སྒོ་དང་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་རིམས་འགོག་བདེ་ཐང་ཨང་རྟགས་དང་། འགྲོ་སྐྱོད་ཨང་རྟགས། ཉིང་སྐྱུར་བརྟག་དཔྱད་སྙན་ཞུ་སོགས་ལ་རྒྱང་རིང་ནས་ཞིབ་བཤེར་བྱེད་པའི་བྱ་ཐབས་དོན་འཁྱོལ་ནན་པོ་བྱེད་དགོས། བོད་དུ་ཡོང་མཁན(ཕྱིར་ལོག)མི་སྣ་ཐོ་འགོད་སྙན་སེང་བྱས་ནས་ཉེན་ཁུལ་མི་སྣ་འཕྱུགས་མེད་དང་གང་མགྱོགས་གྲལ་བཤེར་བྱེད་དགོས། ཉེན་ཁ་ཆེ་འབྲིང་ས་ཁུལ་བབ་བསྟུན་ངང་ཁོང་དུ་ཆུད་པ་དང་ཡོངས་བསྒྲགས་བྱས་ཏེ་ཉེན་ཁ་ཆེ་འབྲིང་ས་ཁུལ་གྱི་མི་སྣ་བོད་དུ་ཡོང་བའི་རིམས་འགོག་སྲིད་ཇུས་དུས་ཐོག་ཏུ་ལེགས་སྒྲིག་དང་དོན་འཁྱོལ་བྱེད་དགོས། ཉིང་སྐྱུར་བརྟག་དཔྱད་ནུས་པ་ཆེ་རུ་དང་སྤུས་ཚད་མཐོ་རུ་གཏོང་དགོས། སྨན་ཁང་དང་སྨན་ཚོང་ཁང་སོགས་ཀྱི“མདུན་ཕྱོགས་སོ་ལྟའི”ནུས་པ་འདོན་སྤེལ་ཏན་ཏིག་བྱས་ནས་ཚ་རྒྱས་མི་སྣ་སོགས་ཀྱི་མངོན་མེད་ཉེན་ཁར་གྲལ་བཤེར་བྱེད་དགོས། རིམས་འགོག་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་གསར་འགྱུར་མགྲིན་ཚབ་པའི་ལམ་ལུགས་དོན་འཁྱོལ་ཡག་པོ་བྱེད་དགོས། གཙོ་གནད་ཁུལ་གྱི་སྔོན་འགོག་དང་ཚོད་འཛིན་ལ་ཤུགས་སྣོན་རྒྱག་དགོས། གཅིག་སྡུད་ཁག་བགོས་ཁུལ་དང་ལོགས་འཇོག་ཁུལ་སོགས་ཀྱི་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཡག་པོ་སྒྲུབ་པ་དང་། འཕྲལ་སྡོམ་ནང་སྦྱོང་དང་རྒྱུན་གཏན་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ། དངོས་ཟོག་གྲབས་གསོག་བྱེད་ཤུགས་ཆེ་རུ་གཏོང་བ། རིམས་ནད་ལ་ཁ་གཏད་གཅོག་ནུས་ཆེ་རུ་གཏོང་བ་བཅས་བྱས་ནས། ཐོལ་བྱུང་གནས་ཚུལ་འཕྲད་ཚེ་འཕྲལ་ཐག་ཆོད་པོ་དང་། མགྱོགས་མྱུར། ཕན་འབྲས་ཐོན་པ་བཅས་ཀྱིས་ཐག་གཅོད་ཐུབ་པའི་འགན་ལེན་བྱེད་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་སྤྱི་འདོམས་བྱེད་དགོས། ཚན་རིག་དང་མཐུན་ཞིང་གནད་ལ་འཁེལ་བའི་སྒོ་ནས་ཤུགས་སྣོན་རྒྱག་དགོས་པ་ལས་གཅིག་ཐོག་གཉིས་སྤོར་དང་བརྒྱ་ཁ་གཅིག་གཅོད་མི་བྱེད་པར་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འགོ་ཡག་པོ་ཞིག་འཛུགས་པར་སྐུལ་འདེད་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།