དབུ་ཤོག>སྲིད་དོན།
  • ཡན་ཅིན་ཧའེ་ཡིས་གནས་གནང་དགོན་དང་མཚུར་ཕུ་དགོན་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-02-21

    ཚེས་17ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་གནས་གནང་དགོན་དང་མཚུར་ཕུ་དགོན་དུ་ཕེབས་ནས་དགོན་སྡེ་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་དང་། རིག་དངོས་སྲུང་སྐྱོབ་དང་ཉམས་གསོ་སོགས་ཀྱི་ལས་དོན་གནས་ཚུལ་ལ་བརྟག་ཞིབ་གནང་བ་དང་འབྲེལ་ལྗོངས་ཏང་ཨུད་དང་། སྲིད་གཞུང་། ཧྲུའུ་ཅི་ཝང་ཅུན་ཀྲེང་བཅས་ཀྱི་ཚབ་ཞུས་ཏེ་དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་བྱེད་པ་དང་། མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ། མེ་ཟོན་རོགས་སྐྱོབ་མི་སྣ། ཆོས་ལུགས་ལས་རིགས་ཀྱི་འཐུས་མི་བཅས་ལ་འཚམས་འདྲི་གནང་བ་རེད།

    བོད་ཀྱི་ལོ་གསར་འཆར་ཉེའི་མཚམས་སུ། ཉམས་གསོ་བྱེད་བཞིན་པའི་གནས་གནང་དགོན་དུ་འཆམ་མཐུན་གྱི་རྣམ་པས་ཁེངས་བཞིན་ཚང་མས་ལོ་གསར་གྱི་གྲ་སྒྲིག་བྱེད་བཞིན་ཡོད། ཡན་ཅིན་ཧའེ་ཡིས་དགོན་སྡེ་ཉམས་གསོའི་འཕེལ་རིམ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ་མ་ཟད། ཚང་མའི་ལས་ཀ་དང་། སློབ་སྦྱོང་། འཚོ་བ་བཅས་ཀྱི་ཁོར་ཡུག་ལ་ཞིབ་ཚགས་གཟིགས་ནས་ཚང་མར་ལོ་གསར་གྱི་སྨོན་འདུན་ཞུས་ཤིང་། ཁོང་གིས་ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱིས་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་དང་དགོན་སྡེ་དོ་དམ་གྱི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་དགོན་སྡེ་ཁག་དང་གྲྭ་བཙུན་ཚང་མར་དྲོ་སྐྱིད་མཚོན་པར་བྱས་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་གི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པར། རྒྱ་ཆེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ཀྱི་ཆོས་དད་རང་མོས་ལ་འགན་སྲུང་གང་ལེགས་ཐོབ་པ་དོན་དངོས་ཀྱིས་རྩོད་ཐབས་བྲལ་བའི་ར་སྤྲོད་བྱུང་ཡོད། སྤྱི་དམངས་ཁྲོད་ཀྱི་ཁོངས་མི་ཞིག་ཡིན་པའི་རྒྱ་ཆེའི་གྲྭ་བཙུན་རྣམས་ཀྱིས་དྲིན་ཚོར་གྱི་བསམ་པ་འཆང་བ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་ཟབ་མོ་བློ་ལ་བརྟན་པོར་བཅངས་ཏེ་རྒྱ་ཆེའི་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་གྲྭ་བཙུན་ཚོས་ཕན་པ་གང་ནས་ཐོབ་པ་དང་ཕན་པ་གང་ནས་བྱུང་བ་གཏིང་ཟབ་རྟོགས་པར་ཁྲིད་སྟོན་ཧུར་ཐག་དང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ།

    ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཡིད་ཆེས་དང་ཆོད་སེམས་བརྟན་དུ་བཏང་སྟེ་ཐོག་མཐའ་བར་གསུམ་དུ་ཏང་དང་སྲིད་གཞུང་དང་བློ་སེམས་གཅིག་མཐུན་དང་། བློ་ཁ་གཅིག་མཐུན། བསམ་སྦྱོར་གཅིག་མཐུན་བཅས་ཡོང་བར་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    མཚུར་ཕུ་དགོན་དུ་ཡན་ཅིན་ཧའེ་ཡིས་དགོན་སྡེའི་ལོ་རྒྱུས་དང་། དགེ་འདུན་པའི་ཐོས་བསམ་སྒོམ་གསུམ། རིག་དངོས་སྲུང་སྐྱོང་། དགོན་སྡེ་དོ་དམ་གསར་གཏོད་ལ་ཤུགས་སྣོན་སོགས་ཀྱི་གནས་ཚུལ་ངོ་སྤྲོད་གསན་པ་དང་འབྲེལ། ས་གནས་ས་ཐོག་ཏུ་མེ་ཟོན་དང་རིག་དངོས་སྲུང་སྐྱོང་སོགས་ཀྱི་གནད་དོན་ཐག་གཅོད་གནང་བ་རེད། ཡན་ཅིན་ཧའེ་ཡིས་དགེ་འདུན་པ་ཡོངས་ཀྱིས་སྲོལ་རྒྱུན་མུ་མཐུད་དར་སྤེལ་གཏོང་བ་དང་། སློབ་སྦྱོང་ལ་མུ་མཐུད་ཤུགས་སྣོན། རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས་བཅས་ཟབ་ཏུ་ཏན་ཏིག་གཏོང་བ། “མོས་སེམས་ལྔ”རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པ། བྱ་སྤྱོད་དངོས་ལ་བརྟེན་ནས“ཚད་གཞི་བཞི”ལག་བསྟར་བཅས་བྱས་ཏེ་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་བའི་རེ་བ་ཡོད་ཅེས་གསུངས་ཤིང་། ཁོང་གིས་དགོན་སྡེར་བཅའ་སྡོད་རྒྱ་ཆེའི་ལས་བྱེད་པས་དགོན་སྡེར་གཞི་ཚུགས་པ་དང་གྲྭ་བཙུན་ལ་ཞབས་འདེགས་ཞུས་ནས་དགོན་སྡེ་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་གསར་གཏོད་བྱེད་པའི་ཐད་ལེགས་སྐྱེས་གལ་ཆེན་འབུལ་ཡོད་ཅེས་ནན་བཤད་གནང་བ་མ་ཟད། ཚང་མས་མུ་མཐུད་བརྩེ་སེམས་དང་དགའ་གཅེས་བཅངས་ནས་དགོན་སྡེའི་གྲྭ་བཙུན་ལ་སློབ་གསོ་དང་། དོ་དམ། ཞབས་འདེགས་ཞུ་བ་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱ་ཆེའི་གྲྭ་བཙུན་ཏང་དང་སྲིད་གཞུང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་ཐུབ་པ་དང་། འབྲེལ་ཡོད་ཚན་པ་དང་མི་སྣས་རང་འགན་གཙང་སྒྲུབ་བྱེད་པ། རིག་དངོས་སྲུང་སྐྱོང་དང་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ། དགོན་སྡེའི་རིག་དངོས་སྲུང་སྐྱོང་དང་མེ་ཟོན་བདེ་འཇགས་སོགས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་གཅིག་ཏུ་འདུས་པའི་རིག་དངོས་སྲུང་སྐྱོང་ཡག་པོ་དང་དོ་དམ་ཡག་པོ་བྱེད་པའི་རེ་བ་ཡོད་ཅེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།