དབུ་ཤོག>སྲིད་དོན།
  • ཤའོ་ཡིའུ་ཚའེ་ཡིས་རང་སྐྱོང་ལྗོངས་ཕྱི་དོན་དོན་གཅོད་ཁང་དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-02-19

    ཉེ་ཆར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཤའོ་ཡིའུ་ཚའེ་རང་སྐྱོང་ལྗོངས་ཕྱི་དོན་དོན་གཅོད་ཁང་དུ་ཕེབས་ནས་རང་ལྗོངས་ཀྱི་ཕྱི་དོན་དོ་དམ་དང་། སྲིད་ཇུས་ཞིབ་འཇུག མཐའ་མཚམས་ཀྱི་ལས་དོན། ཕྱི་ཕྱོགས་སྤེལ་རེས་དང་སྒོ་དབྱེ་སོགས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་བ་རེད།

    བརྟག་ཞིབ་གནང་རིང་། ཤའོ་ཡིའུ་ཚའེ་འབྲེལ་ཡོད་ཁྲུའུ་དང་ཁང་དུ་ཕེབས་ནས་ལས་བྱེད་ལས་བཟོར་འཚམས་འདྲི་གནང་བ་དང་ཕྱི་དོན་ཞབས་ཞུའི་ཚོམས་ཆེན་དང་སྣེ་ལེན་ཁང་གི་རྨང་གཞིའི་སྒྲིག་བཀོད་ལ་གཟིགས་ཞིབ་གནང་བ་མ་ཟད། ཕྱི་དོན་དོ་དམ་དང་འབྲེལ་ཡོད་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་གནང་ཁར་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ནས་ལས་དོན་སྤེལ་ཚུལ་གྱི་ངོ་སྤྲོད་ཀྱང་གསན་པ་རེད།

    ཤའོ་ཡིའུ་ཚའེ་ཡིས། བོད་ཀྱི་ཕྱི་དོན་ལས་དོན་ཡག་པོ་སྒྲུབ་པར་གཅིག་ནས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་དགོས་ཤིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་མཐའ་འཁྱོངས་བྱས་ཏེ་ཕྱི་དོན་ལས་དོན་གྱི་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་ཁོང་དུ་བརྟན་པོར་ཆུད་པ་བྱས་ནས། ཏང་དང་རྒྱལ་ཁབ་ཀྱི་ཕྱི་ཕྱོགས་ལས་དོན་གྱི་དུས་བབ་ལ་དེ་བས་ལེགས་པའི་ངང་ཞབས་འདེགས་ཞུ་དགོས། གཉིས་ནས་ལས་དོན་དོན་འཁྱོལ་ཡོང་བར་དམ་འཛིན་ཤུགས་ཆེན་བྱེད་དགོས་ཤིང་། རྒྱལ་ཁབ་ཀྱི་སྤྱི་ཡོངས་ཀྱི་ཕྱི་འབྲེལ་དགོས་མཁོ་དང་གནད་སྨིན་འབྲེལ་མཐུད་བྱས་ནས་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་དང་། བོད་ཀྱི་ཕྱི་དོན་ལས་དོན་གྱི་ལེགས་ཆ་དང་ཁྱད་ཆོས་འདོན་སྤེལ་གང་ལེགས། ཚད་གཞི་མཐོ་པོས་ལོ་འཁོར་གྱི་ཕྱི་དོན་ལས་དོན་ཁག་སྒྲུབ་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དེ་བས་ལེགས་པའི་ངང་ཞབས་འདེགས་ཞུ་དགོས། གསུམ་ནས་ལས་ཀའི་སྤྱོད་ཚུལ་ཏན་ཏིག་སྒྱུར་དགོས་ཤིང་། དམ་པ་དོན་གཉེར་དང་འགན་འཁྲི་འཁུར་རྒྱུར་ཤུགས་སྣོན་རྒྱག་རྒྱུ་མཐའ་འཁྱོངས་བྱས་ནས་རྒྱུན་ཆད་མེད་པར་འཇོན་ཐང་ཆེ་རུ་གཏོང་བ་དང་། ནུས་ཤུགས་ཡོད་རྒུས་དོན་འཁྱོལ་ལ་དམ་འཛིན་བྱེད་རིང་ཕན་འབྲས་དངོས་ཐོན་པ། ཕྱོགས་ཡོངས་ནས་ཕྱི་དོན་དོ་དམ་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ། རང་ལྗོངས་ཀྱི་ཕྱི་དོན་ལས་དོན་སླར་ཡང་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།