དབུ་ཤོག>སྲིད་དོན།
  • ལའེ་ཅའོ་ཡིས་མལ་གྲོ་གུང་དཀར་རྫོང་དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  尼玛曲珍   |     སྤེལ་དུས།  2022-02-19

     ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་མལ་གྲོ་གུང་དཀར་རྫོང་རྒྱ་མ་ཤང་ཁྲི་ཁང་གྲོང་ཚོ་དང་གུང་དཀར་གྲོང་རྡལ་དག་པ་གྲོང་ཚོར་ཕེབས་ཏེ། གྲོང་ཚོ་རིམ་པའི་སྟོབས་ཤུགས་འཁོར་རྒྱུག་དང་། ལས་བྱེད་པའི་གྲོང་སྡོད་ལས་དོན། གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་བཅས་ཀྱི་གནས་ཚུལ་བརྟག་ཞིབ་གནང་བ་མ་ཟད། ད་དུང་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མི་དང་། གྲོང་སྡོད་ལས་དོན་རུ་མི། གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པ་སོགས་ལ་འཚམས་འདྲི་ཡང་གནང་བ་རེད།

    ལའེ་ཅའོ་ཡིས། གཞི་རིམ་ནི་སྒྱུར་བཅོས་འཕེལ་རྒྱས་ཀྱི་གཡུལ་ས་གཙོ་བོ་དང་། བརྟན་ལྷིང་སྲུང་སྐྱོང་གི་འཐབ་ས་མདུན་མ། མང་ཚོགས་ལ་ཞབས་འདེགས་ཞུ་བའི་འཐབ་ས་དང་པོ་བཅས་རེད། གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་དང་གྲོང་སྡོད་ལས་དོན་གྱི་སྟོབས་ཤུགས་སྣ་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་བཀོད་སྒྲིག་བླང་བྱ་གཞིར་བཟུང་བ། “དོན་ཆེན་བཞི”དང་། “འགན་ལེན་བཞི”“འཛུགས་གཏོད་བཞི”“མདུན་གྲལ་དུ་སླེབས་པ་བཞི”བཅས་ལ་དམ་པོར་དམིགས་ཏེ། འགན་འཁྲི་འཁུར་ཕོད་པ་དང་དངོས་འཛིན་དངོས་སྒྲུབ་བྱས་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་ནུས་པ་དང་ཞབས་ཞུའི་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་ལ། བོད་དུ་སྲིད་སྐྱོང་བའི་ཏང་གི་གཞི་རྩ་བརྟན་དུའང་གཏོང་དགོས་ཞེས་བསྟན་གནང་བ་རེད།

    ལའེ་ཅའོ་ཡིས། གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་ཡག་པོ་དང་། དེང་རབས་ཀྱི་ཚན་རིག་རིག་གནས་ཤེས་བྱ་སློབ་སྦྱོང་ཡག་པོ་བྱས་ཏེ། འགན་འཁྲི་སྒྲུབ་ནུས་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་དགོས། གྲོང་སྡོད་ལས་དོན་གྱི་སྟོབས་ཤུགས་སྤྱི་འདོམས་དང་བེད་སྤྱོད་ཡག་པོ་བྱས་ནས་ལས་ཀའི་འགན་ནུས་བསྡུ་སྒྲིལ་དང་། མི་སྣ་བཀོད་སྒྲིག་བྱེད་སྟངས་ལེགས་སྒྱུར། ལས་ཕྱོད་ཆེར་གཏོང་བཅས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།