དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་ལས་བགོས་དོ་དམ་སྡེ་ཚན་གྱི་སྤྱོད་ཚུལ་སྔར་བས་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་སྐུལ་སྤེལ་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  尼玛曲珍   |     སྤེལ་དུས།  2022-02-19

     ཚེས་17ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན་གྱིས་ལས་བགོས་དོ་དམ་སྡེ་ཚན་གྱི་སྤྱོད་ཚུལ་སྔར་བས་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་སྐུལ་སྤེལ་ཚོགས་འདུ་གཙོ་སྐྱོང་གནང་སྟེ། ལས་བགོས་དོ་དམ་སྡེ་ཚན་གྱི་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་ལ་སླར་ཡང་སྐུལ་སློང་དང་བཀོད་སྒྲིག་གནང་ཞིང་། ཁོང་གིས་བྱས་པའི་རྗེས་དང་འདྲུད་པའི་ཤུལ་ལ་བརྟེན་ནས་ལས་དོན་གྱི་སྤྱོད་ཚུལ་རྒྱུན་མཐུད་ངང་ལེགས་སུ་བཏང་སྟེ་དུས་ཚོད་ཀྱིས་མི་མི་སྒུག་པའི་སྙིང་རུས་ལ་བརྟེན་ནས་ལོ་ཧྲིལ་པོའི་ལས་དོན་གྱི་འགོ་ཡག་པོ་འཛུགས་པར་སྐུལ་འདེད་བཏང་སྟེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་ཇི་མ་ཇི་བཞིན་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཀྲོང་ཡན་གྱིས་བསྟན་དོན། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་ཁྲོད“ཞིབ་བཤེར་བཞི”ནང་དོན་གཙོ་བོར་བྱེད་པའི་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་སྤེལ་རྒྱུའི་གཏན་འབེབས་བྱས་པ་དེ་ནི་ཧ་ཅང་དུས་ལ་བབས་པ་དང་དོན་སྙིང་གལ་ཆེན་ལྡན་ཡོད། ལས་བགོས་དོ་དམ་སྡེ་ཚན་གྱིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་གལ་ཆེའི་རང་བཞིན་ཤེས་རྟོགས་གཏིང་ཟབ་བྱས་ཏེ། བསམ་བློ་དང་བྱ་སྤྱོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་མཛུབ་སྟོན་བླང་བྱའི་ཐོག་གཅིག་གྱུར་བྱེད་པ་དང་། གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་ལ་དམ་པོར་དམིགས་པ་དང་དམ་འཛིན་བྱས་ནས་ཕན་འབྲས་ཐོན་པར་བྱེད་པ། སྤྱོད་ཚུལ་བཟང་པོར་བརྟེན་ནས་ལོ་ཧྲིལ་པོའི་ལས་དོན་གྱི་མཐོ་ཚད་ནས་འགོ་འཛུགས་པར་སྐུལ་འདེད་གཏོང་བ། དངོས་སྒྲུབ་དང་གྲུབ་འབྲས་དངོས་ལ་བརྟེན་ནས་དུས་རབས་གསར་པའི་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་དང་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་སྒྲུབ་པའི་ལེའུ་གསར་པ་རྩོམ་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་བ་བཅས་བྱེད་དགོས།

    ཀྲོང་ཡན་གྱིས་ནན་བཤད་གནང་དོན། ལས་བགོས་དོ་དམ་སྡེ་ཚན་ཁག་གིས“བཞི་བཤེར་བཞི་རྩད”ལ་དམིགས་པ་དང“དོན་འཁྱོལ་བརྒྱད”ལ་དམ་འཛིན་ཡག་པོ་བྱེད་པར་དམ་པོར་དམིགས་ནས་དུས་མཚམས་ཁག་གི་ལས་དོན་བཀོད་སྒྲིག་དོན་འཁྱོལ་ནན་པོ་བྱེད་པ་དང་། གནད་དོན་དང་། དམིགས་ཚད། མཇུག་འབྲས་བཅས་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་གྱི་བླང་བྱ་ཁག་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས། གཅིག་ནས“ནན་པོའི”ཐད་ཤུགས་སྣོན་བརྒྱབ་སྟེ་བསམ་བློའི་ངོས་འཛིན་ནན་དུ་གཏོང་བ་དང་། རྣམ་འགྱུར་དང་བྱེད་ཐབས་ནན་དུ་གཏོང་བ། འགན་འཁྲིའི་གནོན་ཤུགས་ནན་དུ་གཏོང་བ། ལྟ་སྐུལ་ཞིབ་བཤེར་ནན་དུ་གཏོང་བ་བཅས་བྱས་ཏེ། ཚད་གཞི་དང་བྱེད་ཐབས་ནན་པོ་ལས་ཀའི་འགོ་ནས་མཇུག་བར་ཁྱབ་པར་བྱེད་དགོས། གཉིས་ནས“ཞིབ་ཚགས”ཐད་ཤུགས་སྣོན་བརྒྱབ་སྟེ་གནད་དོན་བཙལ་འཚོལ་དང་། གནད་དོན་ཐག་གཅོད། སྒྲིག་སྲོལ་ལམ་ལུགས་འཛུགས་པ་བཅས་ཞིབ་ཚགས་སུ་བཏང་སྟེ་ཞིབ་ཚགས་ནས་འགོ་འཛུགས་པ་དང་ཕར་ཕྱིན་རྒྱག་པའི་སྙིང་རུས་ལ་བརྟེན་ནས་ཐག་གཅོད་བྱེད་དགོས། གསུམ་ནས“གཏིང་ཟབ”ཐད་ཤུགས་སྣོན་བརྒྱབ་སྟེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ཁོང་དུ་གཏིང་ཟབ་ཆུད་པ་དང་གཞི་རིམ་དུ་བསྐྱོད་དེ་མང་ཚོགས་ལ་ཞབས་འདེགས་ཞུས་ནས་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་ཐད་སློབ་སྦྱོང་གཏིང་ཟབ་དང་གོམ་སྟབས་བརྟན་པོ་སྤོ་དགོས། བཞི་ནས“དངོས་སྒྲུབ”ཐད་ཤུགས་སྣོན་བརྒྱབ་སྟེ་བྱ་བ་དངོས་དོན་གཉེར་དང་བྱེད་ཐབས་དངོས་བཏོན་ནས་ལས་དོན་ལ་བསམ་གཞིག་གསར་པ་ཡོད་པ་དང་། ཞབས་འདེགས་ལ་བསམ་ཕྱོགས་གསར་པ་ཡོད་པ། དོན་འཁྱོལ་ལ་བྱེད་ཐབས་གསར་པ་ཡོད་པ་བཅས་བྱེད་དགོས།

    ཀྲོང་ཡན་གྱིས་བླང་བྱ་བཏོན་དོན། ལས་བགོས་དོ་དམ་སྡེ་ཚན་གྱིས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཐོག་གཏན་ལ་འཁེལ་བའི་བརྗིད་ཆེའི་འཆར་གཞི་དང་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་པ་དང་། “དོན་ཆེན་བཞི”དང“འགན་ལེན་བཞིར”དམིགས་པ། “འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”ཤུགས་སྣོན། བསམ་སྤྱོད་གཅིག་གྱུར་མཐའ་འཁྱོངས་བཅས་བྱས་ཏེ། གཙོ་གནད་ལས་དོན་སྔ་ཙམ་ཇུས་འགོད་དང་། ལས་དོན་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་ཏན་ཏིག དོན་འཁྱོལ་གྱི་འགན་འཁྲི་ཁ་གསལ། གྲུབ་འབྲས་ཀྱི་ཞིབ་བཤེར་འབྲས་བུ་ལེགས་པ་བཅས་ཡོང་བར་བྱེད་དགོས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ་ནན་པོའི་འགན་འཁྲི་དོན་འཁྱོལ་ལ་བརྟེན་ནས་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་ལ་ཕན་འབྲས་དངོས་ཐོན་པར་བྱེད་དགོས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།