ཟླ་2ཚེས་17ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་དགའ་ལྡན་དགོན་དང་ར་མོ་ཆེ་གཙུག་ལག་ཁང་དུ་བརྟག་ཞིབ་གནང་བར་ཕེབས་ཤིང་། འདི་ནི་ཝང་ཅུན་ཀྲེང་གིས་ར་མོ་ཆེ་གཙུག་ལག་ཁང་གི་དགེ་འདུན་པ་དང་སྤེལ་རེས་གཏིང་ཟབ་གནང་བ་མ་ཟད། ཁོང་ཚོའི་སྨན་བཅོས་དང་། རྒན་གསོ། འཚོ་བའི་ཆ་རྐྱེན་སོགས་ཀྱི་གནས་ཚུལ་བྱམས་བརྩེའི་ངང་བཀའ་འདྲི་གནང་བཞིན་པ།
◆ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་ལག་བསྟར་གཏིང་ཟབ་བྱེད་པ་དང་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་བྱེད་དགོས།
ཚེས་17ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་དགའ་ལྡན་དགོན་དང་ར་མོ་ཆེ་གཙུག་ལག་ཁང་དུ་བརྟག་ཞིབ་གནང་བར་ཕེབས་ཤིང་། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ། རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་དོན་ཚོགས་འདུ་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་ལག་བསྟར་གཏིང་ཟབ། ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་རྒྱུ་མཐའ་འཁྱོངས། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་ཧུར་ཐག བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་མཉམ་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་དགོས་པའི་ནན་བཤད་གནང་བ་རེད།
དགའ་ལྡན་དགོན་དང་ར་མོ་ཆེ་གཙུག་ལག་ཁང་དུ་ཝང་ཅུན་ཀྲེང་གིས་དགོན་སྡེའི་ལོ་རྒྱུས་དང་། དགེ་འདུན་པའི་སྒོམ་སྒྲུབ། དགོན་སྡེའི་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད། རིག་དངོས་སྲུང་སྐྱོབ་དང་མེ་ཟོན་བདེ་འཇགས་སོགས་ཀྱི་གནས་ཚུལ་ནན་ཏན་ངང་མཁྱེན་རྟོགས་གནང་བ་དང་། དགོན་སྡེའི་དགེ་འདུན་པ་དང་། དགོན་སྡེར་བཅའ་སྡོད་ལས་བྱེད་པ། དྲག་ཆས་ཉེན་རྟོག་དཔོན་དམག སྤྱི་བདེའི་མི་དམངས་ཉེན་རྟོག་པ་བཅས་ལ་བྱམས་བརྩེའི་ངང་གཟིགས་པ་དང་འཚམས་འདྲི་གནང་སྟེ་ཁོང་ཚོས་དཀའ་སྤྱད་འབད་བརྩོན་བྱས་པར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་དང་། བོད་ཆུ་སྟག་ལོའི་ལོ་གསར་འཆར་ཉེའི་མཚམས་སུ་ཚང་མར་བོད་ཀྱི་ལོ་གསར་བདེ་སྐྱིད་ཁམས་བཟང་དང་བཀྲ་ཤིས་བདེ་ལེགས་ཡོང་བའི་སྨོན་འདུན་ཞུས་ཤིང་། ཝང་ཅུན་ཀྲེང་གིས་དགོན་སྡེའི་དགེ་འདུན་པ་དང་སྤེལ་རེས་གཏིང་ཟབ་གནང་བ་མ་ཟད། ཁོང་ཚོའི་སྨན་བཅོས་དང་། རྒན་གསོ། འཚོ་བའི་ཆ་རྐྱེན་སོགས་བྱམས་བརྩེའི་ངང་བཀའ་འདྲི་ཡང་གནང་བ་རེད། ཁྱེད་ཚོས་རྒྱལ་གཅེས་ཆོས་གཅེས་ཀྱི་གཟི་བརྗིད་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ་སྒོམ་སྒྲུབ་ཉམས་ལེན་དང་དད་སྦྱོར་ཡང་དག་གིས་ ཆོས་ལུགས་ཞི་དུལ་དང་།སྤྱི་ཚོགས་ཞི་མཐུན། མི་རིགས་འཆམ་མཐུན་བཅས་ཡོང་བར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
ཝང་ཅུན་ཀྲེང་གིས་མཛུབ་སྟོན་གནང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་སྟེ་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་མཚམས་སུ་སྐུ་ངོ་མ་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོར་གཟིགས་པ་དང་འཚམས་འདྲི་གནང་བར་ཕེབས་པ་དང་འབྲེལ། ཆེད་མངགས་བོད་ཀྱི་ཆོས་ལུགས་ལས་རིགས་ཀྱི་འཐུས་མིར་མཇལ་འཕྲད་ཀྱང་གནང་བ་རེད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ནས་བསམ་བློའི་ངོས་འཛིན་དེ་ཆོས་ལུགས་ལས་དོན་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཐོག་གཅིག་གྱུར་ཡོང་བར་བྱས་ཏེ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ་དེ་ཆོས་ལུགས་ལས་དོན་ཡག་པོ་སྒྲུབ་པའི་གཙོ་གནད་དུ་བཟུང་ནས་རང་ལྗོངས་ཀྱི་ཆོས་ལུགས་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རྒྱ་ཆེའི་དགེ་འདུན་པ་ཚོས་ཡིན་མིན་ཆེན་པོའི་གནད་དོན་ཐད་ཐོག་མཐའ་བར་གསུམ་དུ་རིག་པ་དྭངས་གསལ་རྒྱུན་འཁྱོངས་བྱས་ཏེ། བློ་བརྟན་འགྱུར་མེད་ངང་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་པ་དེ་སྤྱི་ཚོགས་ཞི་མཐུན་དང་། བརྟན་ལྷིང་། འཕེལ་རྒྱས་བཅས་ལ་སྲུང་སྐྱོང་བྱེད་པའི་དགེ་མཚན་ལྡན་པའི་སྟོབས་ཤུགས་ཤིག་ཏུ་ཧུར་ཐག་འགྱུར་བར་བྱེད་དགོས། ཆབ་སྲིད་ཐད་བློས་འཁེལ་བ་ཞིག་བྱེད་པར་རྒྱལ་གཅེས་ཡར་ཐོན་དང་། ནམ་ཡང་ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་མཁན་བཅས་ཀྱི་དགེ་འདུན་པ་ཡག་པོ་ཞིག་བྱེད་དགོས། ཆོས་ལུགས་ཐད་ཐོས་བསམ་ལྡན་པ་ཞིག་བྱེད་པར་སྒོམ་སྒྲུབ་ཉམས་ལེན་དང་བོད་བརྒྱུད་ནང་བསྟན་སྐྱོན་བྲལ་ངང་རྒྱུན་འཛིན་ལ་སྐུལ་འདེད་གཏོང་མཁན་གྱི་དགེ་འདུན་པ་ཡག་པོ་ཞིག་བྱེད་དགོས། ཀུན་སྤྱོད་ཐད་དམངས་མགུ་བ་ཞིག་བྱེད་པར་ཁྲིམས་སྲུང་སྒྲིག་བཀུར་དང་འགྲོ་ཕན་དམངས་ཕན་གྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་མཁན་གྱི་དགེ་འདུན་པ་ཡག་པོ་ཞིག་བྱེད་དགོས། འགག་རྩའི་དུས་སུ་ནུས་པ་ཐོན་ཐུབ་པ་ཞིག་བྱེད་པར་ལངས་ཕྱོགས་བརྟན་པོ་དང་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་མཁན་གྱི་དགེ་འདུན་པ་ཡག་པོ་ཞིག་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་ཁྲིམས་སྐྱོང་གི་བསམ་གཞིག་དང་ཁྲིམས་སྐྱོང་གི་བྱ་ཐབས་སྤྱད་དེ་ཆོས་ལུགས་ལས་དོན་ལ་སྐུལ་འདེད་གཏོང་བར་སྣང་ཆེན་བྱས་ནས་ཟམ་མི་ཆད་པར་ཆོས་ལུགས་བཅོས་སྐྱོང་གི་ནུས་པ་ཆེ་རུ་དང་ཆུ་ཚད་མཐོ་རུ་གཏོང་དགོས། དགོན་སྡེ་དོ་དམ་ཨུ་ལྷན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་ཀའི་འགན་ནུས་ཆེ་རུ་བཏང་སྟེ་ཁྲིམས་ལྟར་དོ་དམ་དང་། དམངས་གཙོའི་དོ་དམ། སྤྱི་ཚོགས་དོ་དམ་བཅས་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་དོ་དམ་དང་། སློབ་གསོ། ཞབས་ཞུ་བཅས་གཞི་གཅིག་ཅན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་དགོས། མར་ཁེ་སི་རིང་ལུགས་ཀྱི་ཆོས་ལུགས་ལྟ་བ་བྱང་ཆུབ་པ་དང་། ཆོས་ལུགས་ལས་དོན་ལ་རྒྱུས་མངའ་ཡོད་པ། མང་ཚོགས་ཀྱི་ལས་དོན་སྒྲུབ་མཁས་པ་བཅས་ཀྱི་ལས་བྱེད་པའི་དཔུང་ཁག་གསོ་སྐྱོང་དང་གདམ་གསེས་བྱེད་དགོས། དྲིལ་བསྒྲགས་དང་སློབ་གསོ་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་སྟེ་ཁྲིམས་སྐྱོང་དྲིལ་བསྒྲགས་དེ་དགོན་སྡེ་དོ་དམ་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ནས“ཚད་གཞི་བཞིར་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད་པའི”སློབ་གསོ་ལག་ལེན་བྱེད་སྒོ་མུ་མཐུད་གཏིང་ཟབ་ཏུ་བཏང་སྟེ། རྒྱ་ཆེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས། ཏང་དང་སྲིད་གཞུང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་ཐུབ་པར་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རིག་དངོས་སྲུང་སྐྱོང་དང་བེད་སྤྱོད་ལ་ཤུགས་སྣོན་བརྒྱབ་སྟེ་བོད་འདི་ཉིད་གནའ་སྔ་མོ་ནས་བཟུང་རླབས་ཆེན་མེས་རྒྱལ་གྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པའི་ལོ་རྒྱུས་ཀྱི་དོན་དངོས་སྔོག་འདོན་དང་། ལེགས་སྒྲིག དྲིལ་བསྒྲགས་བཅས་བྱས་ནས། མི་རིགས་ཁག་གི་མང་ཚོགས་ལ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་སློབ་གསོ་ཁྲིད་སྟོན་བྱེད་དགོས། འགན་འཁྲིའི་འདུ་ཤེས་དང་སྲུང་སྐྱོང་གི་འདུ་ཤེས་བརྟན་པོ་བཙུགས་ཏེ་དགོན་སྡེའི་མེ་ཟོན་དང་རིག་དངོས་བདེ་འཇགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། དགོན་སྡེའི་རིག་དངོས་སྲུང་སྐྱོང་དོ་དམ་ལ་དམ་འཛིན་ཡག་པོ་བྱེད་པ། མེ་ཟོན་འདུ་འགོད་དང་རྨང་གཞིའི་སྒྲིག་བཀོད་སྒྱུར་བཀོད་ལག་བསྟར་མགྱོགས་པོ་བྱེད་པ། ཕྱོགས་ཡོངས་ནས་རིག་དངོས་སྲུང་སྐྱོང་དང་མེ་ཟོན་བདེ་འཇགས་ལས་ཀའི་ནུས་པ་ཆེ་རུ་དང་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས།
རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀརྨ་ཚེ་བརྟན་དང་། ཟླ་བ་ཚེ་རིང་། རྡོ་རྗེ་ཚེ་སྒྲུབ་བཅས་ཞུགས་ཡོད་པ་རེད།