དབུ་ཤོག>སྲིད་དོན།
  • ཝང་ཝུའེ་ཏུང་གིས་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱི་རྒྱུན་ཨུའི་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-02-17

     ཉེ་དུས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཝང་ཝུའེ་ཏུང་གིས་ལྗོངས་སྒྲིག་ཨུད་ཀྱི་རྒྱུན་ཨུའི་ཚོགས་འདུ་གཙོ་སྐྱོང་གནང་ནས། རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་ལས་ཁུངས་ཀྱི་2022ལོར་སྔར་བས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་གྱི་ལས་ཀའི་ལག་བསྟར་ཇུས་གཞི་ཞིབ་འཇུག་བྱས་པ་དང་། སྒྲིག་བཤེར་ལྟ་ཞིབ་ཁོངས་གཏོགས་ཀྱི་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་གྱི་ལས་ཀར་སླར་ཡང་བཀོད་སྒྲིག་དང་སྐུལ་སློང་བྱས་པ་རེད།

    ཚོགས་འདུའི་ཐོག་བསྟན་དོན། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་བྱ་རྒྱུ་དེ་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་བདེ་བླག་ངང་སྐུལ་འདེད་གཏོང་རྒྱུ་དང་འབྲེལ་བ་ཡོད་ལ། ལྗོངས་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་དོན་སྤུས་ཚད་མཐོ་པོས་འཕེལ་རྒྱས་གཏོང་རྒྱུ་དང་ཡང་འབྲེལ་བ་ཡོད། རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་ལས་ཁུངས་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་གྱི་ལས་ཀའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ་དང་། ཆབ་སྲིད་ལས་ཁུངས་ཀྱི་ངེས་གནས་ལ་གཞི་ཚུགས་པ། “ངེས་པར་དུ་བརྒྱད”དང“མིག་དཔེ་དྲུག”གི་བླང་བྱ་དང་ཡང་ཡང་བསྡུར་བ། “ཞིབ་བཤེར་བཞི་དང་གནད་དོན་བཞིར”དམིགས་ཏེ། དེ་བས་མཐོ་བའི་ཆབ་སྲིད་ཀྱི་ཚུགས་གནས་དང་ཆབ་སྲིད་ཀྱི་ཚད་གཞི་དང་། དེ་བས་ཚན་རིག་དང་མཐུན་པའི་འདུ་ཤེས་ཀྱི་བསམ་བློ་དང་བྱེད་ཐབས་ལ་བརྟེན་ནས། འགན་མི་འཁུར་བ་དང་། དགོས་པའི་ལས་མི་བྱེད་པ་དང་མི་དགོས་ལས་རྙོག་བཟོ་བ། ཕྱིའི་བཟོ་ལྟ་ཙམ་སྟོན་པ་བཅས་ཀྱི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་ལ་གྲལ་བཤེར་དང་ཡོ་བསྲང་མཐའ་གཅིག་ཏུ་བྱེད་པ་དང་། ལས་ཁུངས་ཀྱི་སྤྱོད་ཚུལ་མུ་མཐུད་བསྒྱུར་བ་དང་། འགན་འཁྲི་འཁུར་སེམས་མངོན་གསལ་དོད་པོས་ཆེ་རུ་གཏོང་བ། དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ། ཞབས་ཞུ་ལེགས་སུ་ཏན་ཏིག་གཏོང་བ་བཅས་བྱས་ཏེ། སྒྲིག་བཤེར་ལྟ་ཞིབ་ལས་དོན་འགོ་འཛུགས་ས་གསར་པའི་ཐོག་དེ་བས་ཆེ་བའི་ཚད་བརྒལ་ཡོང་རྒྱུར་སྐུལ་འདེད་གཏོང་རོགས་བྱེད་དགོས།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ལྗོངས་ཡོངས་ཀྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་རྩོམ་སྲོལ་དང་འཚོགས་སྲོལ་ལེཌ་སུ་བཏང་ནས། ཡིག་ཆའི་ཚོགས་འདུའི་སྤུས་ཚད་མཐོ་རུ་གཏོང་རྒྱུའི་ཐད་ཤུགས་སྣོན་རྒྱག་པ་དང་། ཡིག་ཆ་ཉུང་ཙམ་བཀྲམ་པ་དང་ཡིག་ཆ་ཐུང་ངུ་སྤྲོད་རྒྱུ་དར་སྤེལ་གཏོང་བ། ཚོགས་འདུ་ཉུང་ཙམ་འཚོག་པ་དང་ཚོགས་འདུ་ཐུང་ངུ་འཚོག་རྒྱུ་མཐའ་འཁྱོངས་བཅས་བྱེད་དགོས། བརྟག་དཔྱད་ཞིབ་འཇུག་ལེགས་སུ་བཏང་ནས། སློབ་སྦྱོང་བྱེད་ཞོར་དུ་བརྟག་དཔྱད་བྱེད་པ་དང་། ལས་དོན་སྒྲུབ་པ། ཕྱོཌ་སྡོམ་བྱེད་པ་བཅས་བྱ་རྒྱུ་མཐའ་འཁྱོངས་ཀྱིས། གྲོང་ཚོ་དང་དུད་ཚང་དུ་བསྐྱོད་པའི་གཞི་རིམ་གྱི་འཐབ་ས་དང་པོར་བརྟག་ཞིབ་བྱེད་རིང་དམངས་ཀྱི་གནས་ཚུལ་ལྟ་ཞིབ་དང་། དམངས་ཀྱི་འདོད་འདུན་འདྲི་བ། དམངས་ཀྱི་སེམས་ཁྲལ་སེལ་བ་བཅས་བྱེད་དགོས། བློ་ཁོག་ཆེན་པོས་འགག་སྒྲོལ་དཀའ་སེལ་བྱས་ནས། འཕྲལ་མཁོ་དང་། དཀའ་ངལ། ཉེན་ཁ་ཆེ་ལ་གལ་འགངས་ཆེ་བ་བཅས་ཀྱི་ལས་འགན་གྱི་མདུན་དུ་ཐོག་མཐའ་བར་གསུམ་དུ་ལས་འགན་སྒྲུབ་སེམས་དང་འགན་འཁྲིའི་བསམ་པ་ཆེན་པོ་རྒྱུན་འཁྱོངས་བྱེད་པ་དང་། དཀའ་བ་དང་དུ་ལེན་ཕོད་པའི་སྙིང་སྟོབས་ལ་བརྟེན་ནས་སྤྱོད་བཟང་རུལ་རྒོལ་རྒྱུན་ཆད་མེད་པར་གཏིང་ཟབ་ཕྱོགས་སུ་ཁྲིད་སྟོན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།