དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་བཟའ་བཅའ་དང་སྨན་རྫས་བདེ་འཇགས་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-02-17

    ཚེས་15ཉིན། རང་སྐྱོང་ལྗོངས་བཟའ་བཅའ་དང་སྨན་རྫས་བདེ་འཇགས་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་འཚོགས་ཤིང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས། ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་བཟའ་བཅའ་དང་སྨན་རྫས་བདེ་འཇགས་ལས་དོན་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་མི་དམངས་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་ཀྱིས་ཆོད་སེམས་སྔར་བས་ཆེ་བ་དང་བྱེད་ཐབས་སྔར་བས་ཏན་ཏིག་ཐོག་ནས་བཟའ་བཅའ་དང་སྨན་རྫས་བདེ་འཇགས་ཀྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་སྟེ་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་ཆེད་དུས་བདེ་ལྷིང་འཇགས་ཀྱི་ཁོར་ཡུག་བཟང་པོ་གཏོད་དགོས་ཞེས་ནན་བཤད་གནང་ཡོད།

    ལྕགས་རྭ་བློ་བཟང་བསྟན་འཛིན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། རྒྱལ་མཚན་གྱིས་ན་ནིང་གི་དཔྱད་ཞིབ་འབྲས་བུ་བརྡ་ཁྱབ་བཏང་གནང་བ། ལུའོ་མེས་འབྲེལ་ཡོད་ས་ཁུལ་དང་གྲོང་ཁྱེར་དང་སྡེ་ཚན་གྱི་འཐུས་མི་དང་འགན་འཁྲིའི་ཡི་གེར་མིང་རྟགས་བཀོད་གནང་བ་རེད།

    ན་ནིང་གི་ལས་དོན་གྲུབ་འབྲས་ལ་ཁས་ལེན་གནང་རྗེས། ཡན་ཅིན་ཧའེ་ཡིས་བཟའ་བཅའ་དང་སྨན་རྫས་བདེ་འཇགས་ནི་རྒྱལ་ཇུས་དམངས་འཚོ་དང་འབྲེལ་བ་ཡོད་པ་དང་བདེ་སྐྱིད་ཁམས་བཟང་དང་འབྲེལ་བ་ཡོད་པའི་དོན་ཆེན་ཞིག་ཡིན་ལ་ལྗོངས་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་དང་འབྲེལ་བ་ཡོད་པའི་དོན་ཆེན་ཞིག་ཀྱང་རེད། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། དམངས་ཀྱི་ཆེད་དུ་བྱ་བ་སྒྲུབ་པའི་ཐོག་མའི་བསམ་འདུན་བརྟན་སྲུང་བྱེད་པ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ཡག་པོ་བྱེད་པ། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་བླང་བྱ་གཞིར་བཟུང་། མི་དམངས་མང་ཚོགས་ཀྱི་བཟའ་བཏུང་དང་སྨན་སྤྱོད་བདེ་འཇགས་ནུས་ཤུགས་ཡོད་རྒུས་འགན་ལེན་བཅས་བྱེད་དགོས་ཞེས་གསུངས་ཡོད།

    ཡན་ཅིན་ཧའེ་ཡིས། ལས་དོན་གྱི་གཙོ་གནད་ཁོང་དུ་ཆུད་པ་དང་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོ་སྲུང་དགོས། དུས་དང་རྣམ་པ་ཀུན་ཏུ“ནན་ཤོས་བཞིའི”བླང་བྱ་དང་ཡང་ཡང་བསྡུར་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་གཏོང་བ་དང་། ཕྱོགས་ཡོངས་དང་བརྒྱུད་རིམ་ཧྲིལ་པོར་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ། ཐོན་ཡུལ་གྱི་ཁོར་ཡུག་གཙང་བཟོའི་བྱ་སྤྱོད་དང“བཀག་སྡོམ་ལས་འགལ་བར་བཅོས་སྒྲིག་དང་། སྨན་རྫས་ལྷག་ལུས་ལ་ཚོད་འཛིན། མཐོར་གཏོང་ལ་སྐུལ་འདེད”བཅས་ཀྱི་ཆེད་དོན་བྱ་སྤྱོད་ལ་མུ་མཐུད་སྐུལ་འདེད་གཏོང་བ། ཁེ་ལས་ཀྱི་ཐོན་རྫས་ཁུངས་འདེད་མ་ལག་འཛུགས་པར་ཤུགས་སྣོན་རྒྱག་པ། བཟའ་བཏུང་གི་སྤུས་ཚད་བདེ་འཇགས་མཐོར་གཏོང་གི་བྱ་སྤྱོད་སྤེལ་བ།“དྲ་སྦྲེལ་+ཐབ་ཚང་ཕྱི་གསལ་ནང་གསལ”ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། གཙོ་གནད་ས་ཁོངས་དང་། གཙོ་གནད་ཚན་པ། གཙོ་གནད་སྣ་ཁ། དེ་བཞིན་བོད་ཀྱི་ལོ་གསར་སོགས་དུས་ཆེན་གྱི་ཁྲོམ་རར་དམིགས་ནས་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་ཆེད་དོན་ཞིབ་བཤེར་བྱས་ཏེ་མང་ཚོགས་ཀྱིས་གླེང་མང་བའི་ཁྲིམས་འགལ་གྱོད་གཞི་ཁག་གཅིག་ལ་ཆད་པ་ནན་པོ་གཅོད་དགོས་པའི་བླང་བྱ་བཏོན་གནང་ཡོད།

    ཡན་ཅིན་ཧའེ་ཡིས། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ངེས་པར་དུ་མི་དམངས་མང་ཚོགས་ཀྱི་གཟུགས་གཞི་བདེ་ཐང་དང་ཚེ་སྲོག་བདེ་འཇགས་ཐོག་མཐའ་བར་གསུམ་དུ་ཨང་དང་པོར་བཞག་ནས་ལམ་ལུགས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་ལྟ་འདོམས་ཀྱི་ཕན་ནུས་ཆེ་རུ་གཏོང་དགོས། སྤྱོད་ཚུལ་ལ་འགྱུར་ལྡོག་གཏོང་བ་དང་འགན་འཁྲི་ནན་དུ་བཏང་ནས་བཟའ་བཅའ་དང་སྨན་རྫས་བདེ་འཇགས་ཐད་ཏང་སྲིད་འགན་འཁྲི་གཅིག་མཚུངས་རྒྱུན་མཐུད་དོན་འཁྱོལ་བྱས་ནས་ཁེ་ལས་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་དང་། མཐུན་སྦྱོར་ལ་སྣང་ཆེན་དང་མཉམ་ཤུགས་ཆགས་པར་བྱས་ཏེ་སྲུབ་གསེང་མ་ལུས་པར་ལྟ་འདོམས་བྱེད་པ། གསར་གཏོད་ལ་སྐུལ་འདེད་གཏོང་བ་དང་ཕན་ནུས་ཆེ་རུ་བཏང་ནས་མ་དངུལ་གཏོང་ཤུགས་མུ་མཐུད་ཆེ་རུ་གཏོང་བ་དང་ཞན་ཆ་སེལ་བ། ཚད་གཞི་ནན་དུ་བཏང་བ་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་རྒྱལ་ཁབ་ཀྱི་བཟའ་བཅའི་བདེ་འཇགས་དཔེ་སྟོན་གྲོང་ཁྱེར་དང་རྒྱལ་ཁབ་ཀྱི་ཞིང་ལས་ཐོན་རྫས་སྤུས་ཚད་བདེ་འཇགས་རྫོང་གཏོད་པར་རྒྱུན་མཐུད་སྐུལ་འདེད་གཏོང་བ། འབྱུང་འཕྲོད་དང་། སྐྱེ་ལྡན། ས་ཁམས་མཚོན་རྟགས་བཅས་ཀྱི་ཞིང་ལས་ཐོན་རྫས་ལ་བདེན་དཔང་ར་སྤྲོད་བྱས་ནས་ཁྱད་ལྡན་ལེགས་ཆའི་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཚོགས་འདུའི་ཐོག་ད་དུང་2021ལོའི་ལྗོངས་ཡོངས་ཀྱི་བཟའ་བཅའ་དང་སྨན་རྫས་བདེ་འཇགས་ལས་དོན་གྱི་སྙན་སེང་ཉན་པ་དང་། 《བོད་རང་སྐྱོང་ལྗོངས་བཟའ་བཅའ་དང་སྨན་རྫས་བདེ་འཇགས་ཨུ་ལྷན་གྱི་ལས་ཀའི་སྒྲིག་སྲོལ》དང་། 《2022ལོའི་ལྗོངས་ཡོངས་ཀྱི་བཟའ་བཅའི་བདེ་འཇགས་ལས་དོན་གྱི་གཙོ་གནད》 《2022ལོའི་ལྗོངས་ཡོངས་ཀྱི་སྨན་རྫས་བདེ་འཇགས་ལས་དོན་གྱི་གཙོ་གནད》བཅས་ལ་གྲོས་ཞིབ། ལྷ་ས་གྲོང་ཁྱེར་སྲིད་གཞུང་དང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་སྤེལ་རེས་གཏམ་བཤད་བཅས་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།