དབུ་ཤོག>སྲིད་དོན།
  • འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་གསར་དར་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བར་ཤུགས་སྣོན་བརྒྱབ་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  尼玛次仁   |     སྤེལ་དུས།  2022-02-16

    13e378ff-a357-4eaf-a26c-a8e0baaeaf44.jpg.jpg

    ཟླ་2ཚེས་14ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་དུ་བརྟག་ཞིབ་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་གིས་རིམས་འགོག་དངོས་རྫས་གསོག་འཇོག་མཛོད་ཁང་དུ་ཕེབས་ནས་རང་ལྗོངས་ཀྱིས་ཏོག་གསར་རིམས་ནད་ལ་ཁ་གཏད་གཅོག་པའི་དངོས་རྫས་འགན་ལེན་བྱས་ཚུལ་ནན་ཏན་ངང་མཁྱེན་རྟོགས་གནང་བཞིན་པ།

    ཚེས་14ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་དུ་བརྟག་ཞིབ་གནང་སྐབས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་བླང་བྱ་མཐའ་འཁྱོངས་བཅས་བྱས་ནས། རང་རྟོགས་ངང་བོད་ཀྱི་དཔལ་འབྱོར་ལས་དོན་དེ་ཏང་དང་རྒྱལ་ཁབ་ཀྱི་སྤྱི་ཡོངས་ཁྲོད་བཞག་སྟེ་བསམ་གཞིག་ཇུས་འགོད་དང་། “འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིའི”འཐབ་ཇུས་བཀོད་སྒྲིག་ཁྲོད་བཞག་ནས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བ། གསར་དར་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    ཝང་ཅུན་ཀྲེང་བོད་ཀྱི་གྲངས་གཞི་ཆེ་མོའི་འཁོར་རྒྱུག་ཚོད་འཛིན་ལྟེ་གནས་དང་རིམས་འགོག་དངོས་ཟོག་གསོག་འཇོག་མཛོད་ཁང་དུ་ཕེབས་ནས་གློག་རྡུལ་སྲིད་དོན་ཞབས་ཞུ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་དོ་དམ། ས་ཆ་གཞན་དུ་སྨན་བཅོས་རྩིས་རྒྱག་སོགས་ཀྱི་ལས་སྟེགས་འཁོར་རྒྱུག་དང་རང་ལྗོངས་ཀྱིས་ཏོག་གསར་རིམས་ནད་ལ་ཁ་གཏད་གཅོག་པའི་དངོས་ཟོག་འགན་ལེན་བྱས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་མ་ཟད། འཐབ་ཕྱོགས་དང་པོའི་ལས་བྱེད་པ་དང་ལས་བཟོར་འཚམས་འདྲི་དང་བྱམས་བརྩེའི་ངང་གླེང་མོལ་གནང་ཞིང་། ཁོང་གིས“དྲ་སྦྲེལ+”བྱེད་ཐབས་གང་ལེགས་སྤྱོད་པ་དང་ཆ་འཕྲིན་ཅན་གྱི་ལས་སྟེགས་ཡག་པོ་སྐྲུན་པ་དང་སྤྱད་དེ་སྟབས་བདེའི་ཞབས་ཞུས་མི་སེམས་དྲོ་བ་བྱས་ནས་བྱ་བ་དངོས་ཡག་པོ་སྒྲུབ་པ་དང་དམངས་འཚོར་ཕན་འདོགས་པ་བྱེད་དགོས། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བླང་བྱ་དོན་འཁྱོལ་ཞིབ་ཕྲ་ཐུབ་པ་བྱས་ནས། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དངོས་ཟོག་འགན་ལེན་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་དགོས་པའི་ནན་བཤད་གནང་བ་རེད།

    ཝང་ཅུན་ཀྲེང་གིས་བསྟན་དོན། ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་ཆ་འཕྲིན་ཅན་ཁོངས་གཏོགས་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། རང་འཁྲིའི་ལས་གནས་ལ་གཞི་ཚུགས་པ་དང་རང་འགན་གཙང་སྒྲུབ་དང་། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་དང་ཆ་འཕྲིན་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་སོགས་ཐད་ཀྱི་ལས་དོན་འབོར་ཆེན་བསྒྲུབས་ནས་ལྗོངས་ཡོངས་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལྟེ་བའི་དོན་སྙིང་དང་དམིགས་བསལ་བླང་བྱར་གོ་བ་གཏིང་ཟབ་ལེན་པ་དང་ཁོང་དུ་ཡང་དག་ཆུད་པ་བྱེད་པ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དེ་ནི་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བཅས་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཞིག་ཡིན་པ་ཤེས་རྟོགས་གཏིང་ཟབ། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་བླང་བྱ་མཐའ་འཁྱོངས། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས། ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ལངས་ཕྱོགས་དེ་གཞི་རྩའི་ལངས་ཕྱོགས་སུ་བརྩི་བ། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་བྱ་རྒྱུ་དེ་རྩ་བའི་འགོ་འཛུགས་ས་དང་དོན་ལ་བབས་སར་བྱེད་པ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་གཏོང་རྒྱུར་ཕན་འདོགས་མིན་དེ་རྩ་བའི་ཚད་གཞིར་བྱེད་པ། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་རྩ་བའི་སྔོན་འགྲོའི་ཆ་རྐྱེན་དུ་བྱེད་པ། ཏང་གིས་དཔལ་འབྱོར་ལས་དོན་ལ་འགོ་ཁྲིད་བྱེད་པར་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ། བདེ་འཇགས་དང་འཕེལ་རྒྱས་བར་གྱི་འབྲེལ་བ་དང་། དངོས་པོ་དང་བསམ་པའི་བར་གྱི་འབྲེལ་བ། དཔལ་འབྱོར་འཛུགས་སྐྲུན་དང་སྤྱི་ཚོགས་འཛུགས་སྐྲུན་བར་གྱི་འབྲེལ་བ། དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བར་གྱི་འབྲེལ་བ། ལས་ཆོད་དང་གཞུང་དྲང་བར་གྱི་འབྲེལ་བ། སྲོལ་རྒྱུན་ལ་སྲུང་སྐྱོང་དང་གསར་གཏོད་འཕེལ་རྒྱས་བར་གྱི་འབྲེལ་བ་བཅས་ལ་སྟངས་འཛིན་ཡང་དག་བྱས་ནས། དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་དངོས་དང་གྲུབ་འབྲས་ལ་བརྟེན་ནས“གཏན་འཁེལ་གཉིས”སྲུང་སྐྱོང་དང“སྲུང་སྐྱོང་གཉིས”ཐུབ་པར་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཐོན་ལས་དཔལ་འབྱོར་ནི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འདེགས་སྐྱོར་གལ་ཆེན་ཞིག་ཡིན། ཐོན་ལས་འབུར་དུ་ཐོན་པ་བྱེད་པར་ཐོན་ལས་དང་པོ་བཟང་སྒྲིག་དང་། ཐོན་ལས་གཉིས་པ་སྟོབས་ཆེར་གཏོང་བ། ཐོན་ལས་གསུམ་པ་གོང་མཐོར་གཏོང་བ་བཅས་མཐའ་འཁྱོངས་དང་། ཁྱད་ལྡན་ལེགས་ཆའི་ཐོན་ལས་རྒྱ་སྟོབས་ཆེ་རུ་གཏོང་བ། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་སྐྱེད་སྲིང་ཧུར་ཐག བོད་ཀྱི་ཁྱད་ལྡན་སྤུས་ལེགས་ཐོན་ཁུངས་ཀྱི་ལེགས་ཆ་དང་དགེ་མཚན་ཆེ་རིགས་ལ་གཞི་ཚུགས་པ། ལྗང་མདོག་བཟོ་ལས་དང་། ལྗང་མདོག་གཏེར་ལས། ལྗང་མདོག་འཛུགས་སྐྲུན་རྒྱུ་ཆ། རང་བྱུང་འཐུང་ཆུ། མི་རིགས་ལག་ཤེས་བཟོ་ལས། བོད་ལུགས་གསོ་རིག་དང་བོད་སྨན། ཞིང་འབྲོག་ཐོན་རྫས། དེང་རབས་ཚྭ་མཚོའི་ཐོན་ལས་སོགས་སྲོལ་རྒྱུན་ཐོན་ལས་རིམ་སྤོར་དང་གསར་དར་ཐོན་ལས་སྐྱེད་སྲིང་བྱེད་མགྱོགས་སུ་གཏོང་བ་བཅས་བྱས་ཏེ་གཙོ་གནད་ཚད་བརྒལ་གྱི་ཐོག་ནས་ཐོན་ལས་ཧྲིལ་པོ་འཕེལ་རྒྱས་ལ་སྐུལ་འདེད་དང་དངོས་ཚན་དཔལ་འབྱོར་སྟོབས་ཆེར་གཏོང་དགོས། གྲངས་འཛིན་ཐོན་ལས་ཅན་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ་དང་། ཐོན་ལས་གྲངས་འཛིན་ཅན་ལ་གང་མགྱོགས་སྐུལ་འདེད་གཏོང་བ། གྲངས་འཛིན་དང་ཐོན་ལས་མཉམ་འདྲེས་གཏིང་ཟབ་ངང་འཕེལ་རྒྱས་འགྲོ་བར་སྔར་བས་སྐུལ་འདེད་གཏོང་བ་བཅས་བྱས་ནས། འཐབ་ཇུས་རང་བཞིན་གྱི་གསར་དར་ཀ་རྟེན་ཐོན་ལས་རྒྱུན་ཆད་མེད་པར་སྐྱེད་སྲིང་བྱེད་དགོས། ཐོན་ལས་ཀྱི་ཁྲིད་སྟོན་དང་འཆར་འགོད་ལ་ཤུགས་སྣོན་རྒྱག་པར་ནོར་ཁྲལ་དངུལ་རྩས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཚོང་འགུགས་མ་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བ། ཚོང་གཉེར་གྱི་ཁོར་ཡུག་བཟང་པོ་གཏོད་པ། ཁྲོམ་རའི་དགོས་མཁོ་དང་ཐོན་ལས་འཕེལ་རྒྱས་ཟུང་འབྲེལ། ཐོན་ཁུངས་ཀྱི་ལེགས་ཆ་དང་ཤེས་ལྡན་མི་སྣའི་ལག་རྩལ་གྱི་ལེགས་ཆ་ཟུང་འབྲེལ་བཅས་བྱས་ཏེ། དངོས་ཡོད་ཀྱི་ཐོན་སྐྱེད་ནུས་ཤུགས་རྒྱུན་ཆད་མེད་པར་གྲུབ་པར་བྱས་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་གསོན་ཤུགས་ནུས་ལྡན་འཕེལ་བར་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཏང་གིས་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་ཆབ་སྲིད་ཀྱི་མཐོ་ཚད་ཐོག་ནས་དཔལ་འབྱོར་ལས་དོན་ལ་སྟངས་འཛིན་བྱེད་མཁས་པོ་བྱས་ཏེ། དཔལ་འབྱོར་ལས་དོན་ལ་འགོ་ཁྲིད་བྱེད་པའི་ནུས་པ་ཆེ་རུ་དང་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་དགོས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་ཏུ་བཏང་ནས་ལས་བྱེད་པར་གཞུང་དྲང་སྤྱོད་གཙང་དང་སྤྱོད་གཙང་རང་སྲུང་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ་དབང་ཆ་ཕྱི་གསལ་ནང་གསལ་ངང་སྤྱོད་ཐུབ་པའི་འགན་ལེན་བྱེད་དགོས། སྤྱོད་ཚུལ་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་འགན་འཁྲི་ཁ་གསལ་དང་། རང་འགུལ་ངང་བྱས་རྗེས་འཇོག་པ། བྱས་པའི་རྗེས་དང་འདྲུད་པའི་ཤུལ་ཡོད་པ་བཅས་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་དེ་དོན་འཁྱོལ་དམ་འཛིན་གྱི་ཞིབ་ཕྲའི་བྱ་སྤྱོད་ལ་འགྱུར་བར་བྱས་ཏེ་དམ་པ་དོན་གཉེར་གྱི་སྤྱོད་ཚུལ་ཐོག་ནས་དམིགས་ཚད་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།