དབུ་ཤོག>སྲིད་དོན།
  • ཡན་ཅིན་ཧའེ་ཡིས་ལྗོངས་སྲིད་གཞུང་ཏང་ཙུའུ་ཡི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次旦多吉   |     སྤེལ་དུས།  2022-02-11

    ཚེས་9ཉིན། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་དང་རང་སྐྱོང་ལྗོངས་སྲིད་གཞུང་ཏང་ཙུའི་ཧྲུའུ་ཅི་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཏང་ཙུའུ་ཡི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་ནས་རྒྱུན་སྲིང་ལྷོད་མེད་ཀྱི་སྒོ་ནས་སྤྱོད་ཚུལ་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱེད་དགོས་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་སྐུལ་སློང་བཀོད་སྒྲིག་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད།

    ཚོཌ་འདུའི་ཐོག་ཚོཌ་ཞུཌ་མི་སྣས་ཀྲུང་གོ་གུང་ཁྲན་ཏང་མིའི་སྙིང་སྟོབས་བརྒྱུད་རབས — 《“ལམ་གཉིས”ཀྱི་སྙིང་སྟོབས》ཞེས་པའི་ཆེད་དོན་གློག་བརྙན་གཅིག་སྡུད་ཐོག་བལྟས་པ་དང་། ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་དགེ་རྒན་ཆེ་མོ་བ་ཆོས་འཛོམས་ཀྱི《“ལམ་གཉིས”ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་བོད་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས》ཞེས་པའི་ཆེད་དོན་འཆད་ཁྲིད་ཉན་པ་རེད། སྲིད་གཞུང་ཏང་ཙུའི་ཚན་ཁག་གི་ཁོངས་མིས“‘ལམ་གཉིས’ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་ཐོག་མའི་བསམ་འདུན་དང་འགན་འཁྲི་སྒྲུབ་པར”དམིགས་ཏེ་སྤེལ་རེས་གཏམ་བཤད་བྱས་པ་རེད།

    ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། སྤྱོད་ཚུལ་གྱི་གནད་དོན་ངོ་བོའི་ཐོག་ནས་བརྗོད་ན་ཏང་གཤིས་ཀྱི་གནད་དོན་ཡིན་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་པ་དང་། སྤྱོད་ཚུལ་འཛུགས་སྐྱོང་གི་ལྟེ་བའི་གནད་དོན་ནི་ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་ཡིན་པར་གོ་བ་གཏིང་ཟབ་ལེན་པ། ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་བླང་བྱ་གཞིར་བཟུང་འགོ་ཁྲིད་ལས་བྱེད་པའི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཞན་ཆ་དང་མི་འདང་སར་ཞིབ་ལྟ་ནན་ཏན་བྱེད་པ། རང་ངོས་གསར་བརྗེའི་རྣམ་འགྱུར་དང་སྙིང་སྟོབས་ལ་བརྟེན་ནས“ཞིབ་བཤེར་བཞི་དང་འདྲི་བ་བཞི”ནན་ཏན་སྤེལ་བ། སྤྱོད་ཚུལ་འཛུགས་སྐྱོང་ལེགས་སུ་གཏོང་བ་དང་ཤུགས་སྣོན་རྒྱག་རྒྱུ་དེ་ཏང་གཤིས་བློ་སྦྱོང་གི་ནང་དོན་གལ་ཆེན་ཞིག་ལ་བརྩིས་ནས་རྒྱུན་སྲིང་ལྷོད་མེད་བྱེད་པ། བློ་བརྟན་འགྱུར་མེད་ངང་ཏང་གི་དམིགས་ཡུལ་ལག་བསྟར་བྱེད་པ་དང་མི་དམངས་གོང་དུ་བཀུར་བའི་ལངས་ཕྱོགས་བརྟན་སྲུང་བྱེད་རྒྱུ་དེ་སྤྱོད་ཚུལ་འཛུགས་སྐྱོང་བྱ་རྒྱུའི་ཐོག་དོན་འཁྱོལ་བྱེད་པ། དངོས་དངོས་རྗེན་རྗེན་གྱི་ལས་ཀའི་ཕན་འབྲས་ལ་བརྟེན་ནས་མང་ཚོགས་ཀྱིས་ཡིད་ཆེས་དང་རེ་སྒུག་བྱེད་པར་དྲིན་ལན་འཇལ་བ་བཅས་བྱས་ཏེ་མི་དམངས་ཀྱི་སྤྱི་ཞབས་པའི་རང་བཞིན་ནམ་ཡང་གནས་པར་བྱེད་དགོས།

    ཡན་ཅིན་ཧའེ་ཡིས་བླང་བྱ་བཏོན་དོན། ལྗོངས་ཡོངས་ཀྱི་སྲིད་གཞུང་ཁོངས་གཏོགས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས“ལམ་གཉིས”ཀྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་ཤུགས་ཆེན་གཏོང་བ་དང་གསོ་རླུང་དཀོན་ཡང་སྙིང་སྟོབས་མི་ཉམས་པ་དང་། དཀའ་ཚེགས་ཆེ་ཡང་དཀའ་སྡུག་ལ་མི་སྐྲག་པ། ས་བབ་མཐོ་ཡང་བསམ་བློའི་གོ་རྟོགས་དེ་བས་མཐོ་བ་བཅས་བྱས་ནས། ལས་ཀའི་ཁྲོད་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། འཇོན་ཐང་ཆེར་གཏོང་དང་སྤྱོད་ཚུལ་ལ་ཞུན་བརྡར་སྤྲས་ནས་བློ་བརྟན་འགྱུར་མེད་ངང་མི་རིགས་མཐུན་སྒྲིལ་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་དང་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུ་རྒྱུན་འཁྱོངས་ལྷོད་མེད་བྱེད་པ། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་བསྟར་ཁུལ་ཞིག་ནུས་ཤུགས་ཡོད་རྒུས་བཏོད་དེ་གངས་ལྗོངས་ས་མཐོའི་སྲོག་ཆགས་དང་། རྩྭ་རྩི་ཤིང་། རི་ཆུ་ཀླུང་གསུམ་བཅས་ལ་སྲུང་སྐྱོང་ཏན་ཏིག་བྱེད་པ། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་ཡོལ་གྱི་འགོག་སྲུང་འཛིང་རགས་དང་པོ་བརྟན་དུ་གཏོང་བ། སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་མཐའ་གཅིག་ཏུ་དོན་འཁྱོལ་བཅས་བྱས་ཏེ་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག“ལམ་གཉིས”ཀྱི་སྙིང་སྟོབས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་བ་དང་། “ལམ་གཉིས”ཀྱི་སྙིང་སྟོབས་ཀྱི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་དགོས།

    ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། ད་ཐེངས་ཀྱི་སློབ་སྦྱོང་ཚོགས་འདུ་ནི་བསམ་བློ་སྤེལ་རེས་ཚོགས་འདུ་ཞིག་དང་དུས་ཆེན་རྗེས་ཀྱི་སེམས་བསྡུའི་ཚོགས་འདུ་ཞིག་ཡིན་ལ། དམིགས་ཡུལ་གཏན་འཁེལ་དང་གདོང་མཆོང་གི་སྐུལ་སློང་ཚོགས་འདུ་ཞིག་དེ་བས་ཀྱང་ཡིན། རྒྱུན་སྲིང་ལྷོད་མེད་ངང་སྦྱོང་བ་དང་། རང་འགུལ་ངང་ལས་དོན་སྒྲུབ་པ། བརྟན་ཐོག་ཡར་འཕེལ་ངང་དམ་འཛིན་བཅས་བྱེད་པ་དང“གོམ་པ་དང་པོ་ནི་མཐའ་མའི་གདོང་མཆོང་དང་འགོ་ཚུགས་པ་ནི་ཐག་གཅོད་དམག་འཐབ་ཡིན་པའི”སྙིང་སྟོབས་ཐོག་ནས་བསམ་བློའི་ཐད་ཞུན་བརྡར་དང་བྱ་སྤྱོད་ཐད་འབད་བརྩོན་ཧུར་ཐག་བྱས་ནས་གང་མགྱོགས་ལས་ཀར་སེམས་གནས་ཐུབ་པ་བྱེད་པ་དང་། ཚན་རིག་དང་མཐུན་པའི་ཐབས་ཇུས་འགོད་པ། འགན་འཁྲི་ཁ་གསལ་བཟོ་བ། འཇོན་ཐང་ཆེ་རུ་གཏོང་བ། སྟོན་ཕྱོགས་ཡང་དག་འཛུགས་པ། བྱ་དགའ་དང་ཆད་གཅོད་ཀྱི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། འགན་འཁྲི་འཁུར་ཕོད་པ། མ་འཇོག་ལ་དམ་འཛིན། ནང་མཁོར་དམ་འཛིན། བརྟན་ལྷིང་ལ་དམ་འཛིན། དོན་འཁྱོལ་ལ་དམ་འཛིན་བཅས་བྱས་ནས། དུས་ཚིགས་དང་པོར་བཀྲ་ཤིས་འགོ་འཛུགས་ཀྱིས་ལོ་ཧྲིལ་པོར་གྲུབ་འབྲས་ཡག་པོ་ཐོབ་པར་སྐུལ་ཁྲིད་ཐུབ་རྒྱུར་འབད་བརྩོན་བྱེད་དགོས། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།