དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུས་པུའུ་དོན་ཨུ་ལྷན་གྱི་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次旦多吉   |     སྤེལ་དུས།  2022-02-10

    ཚེས་8ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུས་པུའུ་དོན་ཨུ་ལྷན་གྱི་ཚོགས་འདུ་འཚོགས་ནས། པུའུ་ལས་ཁུངས་ཀྱི་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་གནས་ཚུལ་གཙང་བཤེར་དང་འཚོལ་བཤེར་བྱས་པ་དང་གོམ་སྟབས་རྗེས་མའི་ལས་དོན་ཞིབ་འཇུག་བཀོད་སྒྲིག་བྱས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།

    ལའེ་ཅའོ་ཡིས་བསྟན་དོན། སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ་ནི་ལྗོངས་ཏང་ཨུད་ཀྱིས་གནང་བའི་བཀོད་སྒྲིག་གལ་ཆེན་ཞིག་ཡིན་པས། རྩ་འཛུགས་སྡེ་ཚན་གྱིས་ངེས་པར་དུ་མདུན་དུ་སྐྱོད་པ་དང་མིག་དཔེ་འདོན་དགོས། རྩ་འཛུགས་ལམ་ཕྱོགས་ཀྱིས་ཆབ་སྲིད་ཀྱི་ལམ་ཕྱོགས་ལ་ཞབས་འདེགས་ཞུ་བའི་འགན་འཁྲི་དང་ལས་འགན་ཏན་ཏིག་སྒྲུབ་པ་དང་ལྗོངས་ཏང་ཨུད་ཀྱི་ལྟེ་བའི་ལས་དོན་ལ་དམ་པོར་དམིགས་ནས་སྒྱུར་བཅོས་གསར་གཏོད་དང་དངོས་འཛིན་དངོས་སྒྲུབ་བྱས་ཏེ། ལས་བྱེད་པ་འདེམས་པ་དང་ཚན་ཁག་བཀོད་སྒྲིག དཔུང་ཁག་འཛུགས་པ་དང་ཤེས་ལྡན་མི་སྣ་གཅིག་སྡུད། གཞི་རིམ་ལ་དམ་འཛིན་དང་རྨང་གཞི་འདིང་བ། སྒྲིག་གཞི་དོ་དམ་དང་སྒྲིག་ཁོངས་སྤྱོད་པ་བཅས་ཀྱི་སྤུས་ཚད་དང་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་དགོས། རྩ་འཛུགས་ལས་དོན་གྱི་རིག་གནས་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། ལས་ཁུངས་ཀྱི་ཁོར་ཡུག་འཕྲོད་བསྟེན་བཅོས་སྐྱོང་ཤུགས་ཆེན་དང་། གཞུང་དོན་བསྒྲུབ་ཡུལ་ལེགས་བཅོས་དང་བསྡུ་སྒྲིལ། གཞུང་ལས་ཁོར་ཡུག་མཛེས་སུ་གཏོང་བ། གཟའ་འཁོར་རེར་དཔྱད་སྡོམ་རེ་དང་མཇུག་ལུས་བརྡ་ཁྱབ་གཏོང་བ་སོགས་ཀྱི་ལམ་ལུགས་འཛུགས་པ། བྱ་དགའ་དང་ཆད་གཅོད་ཀྱི་སྐུལ་ལྕག་བྱེད་ཤུགས་ཆེ་རུ་བཏང་སྟེ་གཙང་ཞིང་ཚད་ལྡན་དང་ཤེས་དཔལ་གོ་རིམ་ལྡན་པའི་ལས་ཁུངས་ཀྱི་རྣམ་པ་གཏོད་དགོས། “ཞིབ་བཤེར་བཞི་དང་། འདྲི་རྩད་བཞི། ནུས་པ་གསུམ་མཐོར་གཏོང”བཅས་ཀྱི་བྱེད་སྒོ་ཟབ་ཏུ་བཏང་ནས་ལས་ཀའི་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་། ལས་ཀའི་སྤུས་ཚད་མཐོ་རུ་གཏོང་བ། ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱས་ཏེ“ཆབ་སྲིད་ལ་སྣང་ཆེན་དང་། དྲང་བདེན་གཙོ་བོར་འཛིན་པ། ལས་སྒོར་བྱང་ཆུབ་པ། སྤྱོད་ཚུལ་ལེགས་པ”བཅས་ཀྱི་དཔེ་བཟང་ལས་ཁུངས་འཛུགས་སྐྱོང་བྱེད་དགོས།

    ལའེ་ཅའོ་ཡིས་ནན་བཤད་གནང་དོན། “མིག་དཔེ་དྲུག”སྣེ་ཁྲིད་ནས་ལག་བསྟར་དང་ལས་དོན་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ། གཞི་རིམ་ལས་བྱེད་པའི་བརྗོད་དོན་གཙོ་བོའི་གསོ་སྦྱོང་དང་། ལས་བྱེད་ལས་བཟོའི“ན་ཚར་ཁ་གཡར་ནས་ལས་ཀ་མི་བྱེད་པ”བཅོས་སྐྱོང་། སྒྲིག་ཁྲིམས་དང་སྒྲིག་སྲོལ་ལས་འགལ་ནས་ཏང་ཡོན་གསར་པ་བཅུག་པའི་བཅོས་སྐྱོང་ལ“ཕྱིར་མིག་ལྟ་བ” དད་ལྡན་ཏང་ཡོན་གྲལ་བཤེར་ཐག་གཅོད། གྲོང་སྡོད་ལས་བྱེད་པས་དམངས་ལ་བྱ་བ་དངོས་སྒྲུབ་པ། རང་སྐྱོང་ལྗོངས་དང་། ས་ཁུལ། རྫོང་བཅས་རིམ་པའི་རྩ་འཛུགས་པུའུ་ཀྲང་གིས་སྙིང་གཏམ་ཤོད་པ་བཅས་ཀྱི“ཆེད་དོན་བྱ་སྤྱོད་དྲུག”ཡག་པོ་སྤེལ་ནས། གནད་དོན་དངོས་ཐག་གཅོད་དང་བྱས་རྗེས་དངོས་དང་ཕན་འབྲས་དངོས་དོན་གཉེར་གྱིས་བྱ་སྤྱོད་དངོས་ལ་བརྟེན་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་རྩ་འཛུགས་ཀྱི་འགན་ལེན་བྱེད་དགོས། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།