ཟླ་2ཚེས་8ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་རང་སྐྱོང་ལྗོངས་ནོར་སྲིད་ཐིང་དུ་བརྟག་ཞིབ་གནང་བར་ཕེབས་ཤིང་། འདི་ནི་ཝང་ཅུན་ཀྲེང་གིས་འཐབ་ས་དང་པོའི་སྡེ་ཚན་དུ་ཕེབས་ནས་ལས་བྱེད་པ་དང་ལས་བཟོར་གཟིགས་པ་དང་འཚམས་འདྲི་གནང་ནས་ཚང་མ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་བཞིན་པ།
ཚེས་8ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་རང་སྐྱོང་ལྗོངས་ནོར་སྲིད་ཐིང་དུ་བརྟག་ཞིབ་གནང་བར་ཕེབས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་སྤྱི་ཡོངས་ཀྱི་འདུ་ཤེས་དང་། སྒྱུར་བཅོས་ཀྱི་འདུ་ཤེས། འཕེལ་རྒྱས་ཀྱི་འདུ་ཤེས་བཅས་ཟབ་ཏུ་གཏོང་བ་དང་རང་འགན་གཙང་སྒྲུབ་དང་ལས་དོན་ཧུར་ཐག་བསྒྲུབས་ཏེ་ནོར་སྲིད་ལས་དོན་གྱི་སྤུས་ཚད་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་དགོས་པའི་ནན་བཤད་གནང་བ་རེད།
ཝང་ཅུན་ཀྲེང་འཐབ་ས་དང་པོའི་སྡེ་ཚན་དུ་ཕེབས་ཏེ་ལས་བྱེད་པ་དང་ལས་བཟོར་གཟིགས་པ་དང་འཚམས་འདྲི་གནང་ནས་ཚང་མ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་ཞིང་། སྔོན་རྩིས་ཁྲུའུ་དང་། སྤྱི་ཚོགས་འགན་སྲུང་ཁྲུའུ། ཚན་སློབ་དང་རིག་གནས་ཁྲུའུ་སོགས་སྡེ་ཚན་དུ་ཕེབས་ནས་ཚང་མའི་ལས་ཀ་དང་འཚོ་བའི་གནས་ཚུལ་ལ་བྱམས་བརྩེའི་ངང་བཀའ་འདྲི་གནང་བ་དང་། ནོར་སྲིད་གཏོང་ཡོང་དང་། སྔོན་རྩིས། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་སྤྱི་ཚོགས་དང་སྨན་བཅོས་འགན་སྲུང་གི་གྲོན་དངུལ་གཏོང་བ་སོགས་ཀྱི་གནས་ཚུལ་ནན་ཏན་ངང་ཤེས་རྟོགས་གནང་ནས་ལྗོངས་ཡོངས་ཀྱི་ནོར་སྲིད་འཐབ་ཕྱོགས་ཐོག་འབད་འཐབ་བྱེད་མཁན་ལས་བྱེད་པ་དང་ལས་བཟོ་ཚོར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད།
ཝང་ཅུན་ཀྲེང་གིས། འདས་ཟིན་པའི་ལོ་གཅིག་ནང་ལྗོངས་ཡོངས་ཀྱི་ནོར་སྲིད་ཁོངས་གཏོགས་ཀྱིས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམ་པོར་དམིགས་ཏེ་དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་ལག་ལེན་བསྟར་བ་དང་རང་སྐྱོང་ལྗོངས་ཀྱི་འཐབ་ཇུས་ལས་འགན་གལ་ཆེན་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་པས་ནོར་སྲིད་ལས་དོན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ནས“ལོ་ལྔ་ཚན་བཅུ་བཞི་པའི”འགོ་ཡག་པོ་ཞིག་འཛུགས་རྒྱུར་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད་ཅེས་གསུངས། ཝང་ཅུན་ཀྲེང་གིས། དུས་རབས་གསར་པའི་བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བར་ནོར་སྲིད་སྡེ་ཚན་ཁག་གིས་དམིགས་བསལ་གྱི་འགན་འཁྲི་འཁུར་བ་དང་འགག་རྩའི་ནུས་པ་འདོན་བཞིན་ཡོད། དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བཅས་ཟབ་སྦྱོང་མཐིལ་རྟོགས་བྱེད་པ། “གཏན་འཁེལ་གཉིས”ཀྱི་དོན་སྙིང་གལ་ཆེན་ལ་གོ་བ་གཏིང་ཟབ་བླངས་ཏེ་ནོར་སྲིད་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ“གཏན་འཁེལ་གཉིས”ཀྱི་ཞིབ་ཕྲའི་བྱ་སྤྱོད་ཅིག་ཏུ་བརྩི་བ། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི“དོན་ཆེན་བཞི”ལ་དམིགས་པ་དང“འཛུགས་གཏོད་བཞི”གཙོ་བོར་བཟུང་བ། གནད་དོན་ཕྱོགས་སྟོན་དུ་འཛིན་ནས་འདུ་ཤེས་བསྒྱུར་བ་དང་འཚོལ་ཞིབ་ཧུར་ཐག་བཅས་བྱས་ཏེ་ཏང་དང་མི་དམངས་ཀྱི་ཆེད་དུ་རྒྱུ་ནོར་བདག་གཉེར་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་སྔར་ལས་ལེགས་པའི་སྒོ་ནས་ཕྲག་ཏུ་འཁུར་དགོས་པའི་ནན་བཤད་གནང་བ་རེད།
ཝང་ཅུན་ཀྲེང་གིས་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱས་ཏེ་དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་དང་འགན་ལེན་བྱེད་དགོས། སྤྱི་ཡོངས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་གོང་འོག་མཉམ་འགུལ་དང་། གྲུབ་ཆ་ལེགས་སྒྲིག གཏོང་སྤྲོད་གནད་སྨིན་བཅས་བྱས་ཏེ“ནོར་གཉེར་དང་། ནོར་སྐྱོང་། ནོར་སྤྱོད”བཅས་ཀྱི་ལས་དོན་ཞིབ་ཚགས་ཡག་པོ་སྒྲུབ་དགོས། “གོམ་སྟབས་གཉིས་སུ་སྤོ་བའི་འཐབ་ཇུས”མཐའ་འཁྱོངས་ཀྱིས་ཏང་ཀྲུང་དབྱང་གིས་བོད་ལ་གནང་བའི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་བེད་སྤྱོད་གང་ལེགས་དང་འདང་ངེས་བྱས་ཏེ་ནོར་སྲིད་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་རང་འགུལ་རང་བཞིན་དང་ནུས་ལྡན་རང་བཞིན་ཆེ་རུ་གཏོང་དགོས། ཐོན་ཁུངས་བསྡུ་སྒྲིལ་ལ་སྣང་ཆེན་བྱས་ཏེ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་འཛུགས་གཏོད་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། ཐོན་ལས་དང་པོ་ལེགས་སུ་གཏོང་བ་དང་། ཐོན་ལས་གཉིས་པ་སྟོབས་ཆེར་གཏོང་བ། ཐོན་ལས་གསུམ་པ་རིམ་སྤོར་བྱེད་པ་བཅས་ལ་དམིགས་ནས་གསར་དར་ཐོན་ལས་སྐྱེད་སྲིང་དང་དཔལ་འབྱོར་གྲུབ་ཆ་ལེགས་སྒྲིག་ལ་མཉམ་དུ་ཤུགས་སྣོན་རྒྱག་རྒྱུ་མཐའ་འཁྱོངས་ཀྱིས་ནོར་སྲིད་མ་དངུལ་ཉུང་དུས་ནུས་པ་ཆེན་པོ་ཐོན་པའི་ཁྲིད་སྟོན་དང་འདེགས་སྐྱོར་གྱི་ནུས་པ་འདོན་སྤེལ་བྱས་ནས་ཁྱད་ལྡན་ལེགས་ཆའི་ཐོན་ལས་ལ་ནོར་སྲིད་ཀྱི་རྒྱབ་སྐྱོར་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་དགོས། གྲོང་ཁྱེར་དང་རྫོང་གི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་འགན་ལེན་བྱེད་པ་དང་ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་བར་འགན་ལེན་བྱས་ཏེ་དངུལ་སྐར་མ་གཅིག་ཀྱང་བེད་སྤྱོད་ཡག་པོ་གཏོང་བ་དང་འགག་རྩའི་ཐོག་ཏན་ཏིག་སྤྱོད་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་བསྟར་བ་དང“དམངས་འཚོའི་འདུ་འགོད་ཆེན་པོ་བཅུ”ལ་དམ་པོར་དམིགས་ནས་མི་རིགས་ཁག་གི་མང་ཚོགས་ཚོས་སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་བས་མང་བ་མཉམ་སྤྱོད་ཐུབ་པར་བྱས་ཏེ་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་རྒྱུར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་། སྐྱེ་ཁམས་སླར་གསོ་དང་སྲུང་སྐྱོང་། སྦགས་བཙོག་འགོག་བཅོས་བཅས་ཀྱི་འགག་སྒྲོལ་དམག་འཐབ་ལ་རྒྱབ་སྐྱོར་བྱེད་པ་དང་ཐཱན་འདུའི་དཔལ་འབྱོར་འཚོལ་ཞིབ་དང་འཕེལ་རྒྱས་གཏོང་རྒྱུར་རམ་འདེགས་བྱེད་པ། ནགས་ཚལ་དང་། འདམ་ར། རྩྭ་ཐང་བཅས་ཀྱི་སྐྱེ་ཁམས་ཕན་འབྲས་ཀྱི་ཁ་གསབ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་སྐྱེ་ཁམས་སྲུང་སྐྱོང་དང་མང་ཚོགས་ཀྱི་འབབ་འཕར་གཉིས་ཕན་དེ་བས་ལེགས་པའི་སྒོ་ནས་མངོན་འགྱུར་ཡོང་བ་བྱེད་དགོས། མཐའ་མཚམས་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་ནས་མཐའ་མཚམས་གྲོང་ཁྱེར་དང་གྲོང་རྡལ་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་བསལ་ཏེ་མཐའ་བརྟན་མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས་པའི་ནན་བཤད་གནང་བ་རེད།
ཝང་ཅུན་ཀྲེང་གིས་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱ་རྒྱུ་དེ་ནོར་སྲིད་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཏེ་ནོར་སྲིད་ཀྱི་དོ་དམ་ནན་པོ་བྱས་ནས་ནོར་སྲིད་དོ་དམ་ཚད་ལྡན་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས། རྣམ་གྲངས་ཀྱི་དུས་འགོའི་ལས་དོན་གཏིང་ཟབ་དང་ཞིབ་ཚགས་བསྒྲུབས་ཏེ་སྔོན་རྩིས་ལས་དོན་གྱི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ཆེ་རུ་གཏོང་བ་དང་། སྔོན་རྩིས་ལག་བསྟར་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་སྔོན་རྩིས་ལག་བསྟར་བྱེད་ཚད་མཐོ་རུ་གཏོང་དགོས། ཉེན་ཁ་དང་མངོན་མེད་རྐྱེན་ངན་འགོག་སེལ་དང་། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁར་དོགས་ཟོན་བྱེད་ཤུགས་ཆེ་རུ་གཏོང་བ། ས་ཁོངས་རང་བཞིན་དང་ཁོངས་གཏོགས་རང་བཞིན་གྱི་ཉེན་ཁ་མི་ཐོན་པའི་མཐའ་ཚད་མཐའ་གཅིག་ཏུ་བསྲུངས་ཏེ་ནོར་སྲིད་ཀྱི་བདེ་འཇགས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས། ཟ་མཁས་འཐུང་མཁས་ཀྱི་བསམ་བློ་བརྟན་པོ་འཛུགས་པ་དང་གཏོང་སྤྱོད་ཀྱི་དོ་དམ་དང་ཚོད་འཛིན་ནན་པོ་བྱས་ཏེ་ནོར་སྲིད་ཀྱི་མ་དངུལ་དེ་བས་མང་བ་གཞི་རྩའི་དམངས་འཚོ་ལེགས་གཏོང་དང་ཁྲོམ་རའི་བྱེད་པོར་རྒྱབ་སྐྱོར་བྱེད་པའི་ཐད་སྤྱོད་དགོས། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་རྒོལ་འཐབ་རྩོད་ལ་དམ་འཛིན་ཡག་པོ་བྱས་ཏེ“འགོ་ཁྲིད་ཨང་དང་པོ”དང་འགོ་ཁྲིད་ཚན་ཁག་གིས་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གནད་འགག་ཆེ་བའི་སྡེ་ཚན་དང་གཙོ་གནད་ཁྱབ་ཁོངས་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་དབང་ཆ་ཉི་འོད་འོག་སྤྱོད་པའི་འགན་ལེན་ཏན་ཏིག་བྱེད་དགོས། ནོར་སྲིད་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ལས་སྒྲུབ་ལས་གཏོད་ཁྲོད་ལས་བྱེད་པ་ཤེས་རྟོགས་དང་། གདམ་གསེས། བེད་སྤྱོད་བཅས་བྱེད་པ་དང་ལོ་ན་མི་འདྲ་བའི་ལས་བྱེད་པའི་ཧུར་བརྩོན་རང་བཞིན་སྐོང་འཐེན་གང་ལེགས་བྱས་ཏེ་འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་སྤྱོད་པ་དང་གྲུབ་འབྲས་དངོས་ལ་བརྟེན་ནས་དཔའ་བོ་གླེང་སྟེ་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་ནོར་སྲིད་ལས་བྱེད་པའི་དཔུང་ཁག་ཅིག་འཛུགས་སྐྱོང་ཧུར་ཐག་བྱེད་དགོས། ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་ཏང་འཛུགས་སྐྱོང་དང་ལས་སྒོ་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་སྟེ་ནོར་སྲིད་ལས་དོན་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་རྒྱུར་འགན་ལེན་ནུས་ལྡན་བྱེད་དགོས་པའི་ནན་བཤད་གནང་བ་རེད།