དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་རིག་གནས་ཡུལ་སྐོར་ཁྲོམ་རའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་ཡུལ་སྐོར་ཞབས་འདེགས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-02-09

    ཉེ་ཆར་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་རྡོ་རྗེ་ཚེ་སྒྲུབ་ཀྱིས་བརྟག་ཞིབ་ཚོགས་ཆུང་གི་སྣེ་ཁྲིད་དེ་ཕོ་བྲང་པོ་ཏ་ལའི་ཞོལ་གྲོང་དང་བོད་ཀྱི་ཐང་གའི་ཨར་ཁང་སོགས་སུ་ཕེབས་ནས། དཔྱིད་གསར་དུས་ཆེན་རིང་རིག་གནས་ཡུལ་སྐོར་ཁྲོམ་རའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་། ཡུལ་སྐོར་ཞབས་འདེགས། མེ་ཟོན་བདེ་འཇགས་སོགས་ཀྱི་ལས་དོན་སྤེལ་ཚུལ་ལ་བརྟག་ཞིབ་གནང་བ་དང་འཐབ་ས་དང་པོའི་ཞབས་ཞུའི་མི་སྣར་འཚམས་འདྲི་གནང་བ་རེད།

    བརྟག་ཞིབ་ཚོགས་ཆུང་གིས་རིག་གནས་ཡུལ་སྐོར་སྡེ་ཚན་དང་འབྲེལ་ཡོད་ཁེ་ལས་ཀྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་དོན་འཁྱོལ་ནན་པོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག དུས་ཆེན་རིང་གི་ཞབས་ཞུའི་འགན་ལེན་ཁག་ཡག་པོ་བསྒྲུབས་ནས་གྲོང་མི་དང་ཡུལ་སྐོར་བར་བདེ་འཇགས་དང་། དྲོ་སྐྱིད་ལྡན་པ། སྐྱིད་སྣང་དོད་པ་བཅས་ཀྱི་ཡུལ་སྐོར་ཁོར་ཡུག་ཅིག་གཏོད་དགོས། བདེ་འཇགས་ཐོན་སྐྱེད་ཀྱི་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་བཏང་ནས་མེ་ཟོན་སོགས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་གཏིང་ཟབ་བྱས་ཏེ་ཐོག་མཐའ་བར་གསུམ་དུ་མ་བྱུང་སྔོན་འགོག་བྱེད་དགོས། རིག་དངོས་ཐོན་ཁུངས་སྲུང་སྐྱོབ་དོ་དམ་དང་ལུགས་མཐུན་བེད་སྤྱོད་ལ་ཤུགས་སྣོན་བརྒྱབ་ནས་མཛེས་ལྗོངས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་སྟེ། ཡུལ་སྐོར་ཞབས་ཞུའི་སྤུས་ཚད་དང་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།