དབུ་ཤོག>སྲིད་དོན།
  • བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-02-09

    འཐུས་མི་རྣམ་པ། 

    ངས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་བཀའ་མངགས་ལྟར། ཚོགས་ཆེན་ཐོག་ལས་དོན་སྙན་སྒྲོན་ཞུ་རྒྱུ་ཡིན་པས་གྲོས་ཞིབ་གནང་རོགས་གནང་། 

    འདས་ཟིན་པའི་ལོ་གཅིག་རིང་གི་ལས་དོན་གཙོ་བོ།

    2021ལོ་ནི་རང་རེའི་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་དང་། མི་དམངས་འཐུས་ཚོགས་ལས་དོན་གྱི་ལོ་རྒྱུས། བོད་ལྗོངས་གོང་འཕེལ་གྱི་ལོ་རྒྱུས་བཅས་ཀྱི་ཐོག་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་པའི་ལོ་ཞིག་ཡིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་། ཞི་ཅིན་ཕིང་གི་མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་གལ་ཆེའི་དགོངས་པ། བོད་ཀྱི་ལས་དོན་སྐོར་གྱི་གལ་ཆེའི་རྣམ་བཤད་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་ཏང་གི་འགོ་ཁྲིད་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་བཞིན་རྒྱལ་ཁབ་སྐྱོང་རྒྱུ་བཅས་གསུམ་ཟུང་འབྲེལ་ནུས་ལྡན་བྱེད་རྒྱུ་མཐའ་འཁྱོངས་བྱེད་པ་དང་། བློ་བརྟན་འགྱུར་མེད་ངང་“གཏན་འཁེལ་གཉིས”ལ་སྲུང་སྐྱོབ་མཐའ་གཅིག་ཏུ་བྱེད་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བྱེད་པ། “དོན་ཆེན་བཞིར”དམ་པོར་དམིགས་ཏེ་ཁྲིམས་བཞིན་རང་འགན་གཙང་སྒྲུབ་བཅས་བྱས་པར་བརྟེན། ལས་དོན་ཁག་ལ་ཡར་རྒྱས་གསར་པ་དང་གྲུབ་འབྲས་གསར་པ་ཐོབ་ཡོད།

    ལོ་གཅིག་རིང་། རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་13དང་ཀྲུའུ་རེན་གྱི་ཚོགས་འདུ་ཐེངས་24འཚོགས་པ་དང་། ཁྲིམས་སྲོལ་ཁག་4གསར་བཟོ་བྱས་པ། ཁྲིམས་སྲོལ་ཁག་22ལ་གྲོས་ཞིབ་བྱས་པ། ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཁག་174ལ་ཚོད་སྐོར་དང་གཙང་བཤེར་བྱས་པ། ཁྲིམས་སྒྱུར་ཞིབ་བཤེར་དང་ལས་དོན་ཞིབ་བཤེར་ཐེངས་31སྤེལ་བ། གྲོས་ཞིབ་བསམ་འཆར་ཁག་127བཏོན་པ། རིཌ་འདྲ་མིན་གྱི་བརྟག་ཞིབ་ཁག་48བྱས་པ། བརྟག་ཞིབ་སྙན་ཞུ་ཁག་56གྲུབ་པ། འཐུས་མིའི་གྲོས་གཞི་དང་གྲོས་འཆར་ཁག་267གཉེར་སྒྲུབ་ནན་ཏན་བྱས་པ། རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱ་མི་ཐེངས་120ཁྲིམས་བཞིན་བསྐོ་འཐེན་བཅས་བྱས་ཡོད།

    གཅིག ཏང་གིས་མི་དམངས་འཐུས་ཚོགས་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ། བློ་བརྟན་འགྱུར་མེད་ངང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱས་ཡོད། 

    ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་རྩ་དོན་ཆེ་ཤོས་ཞིག་ལ་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་འཛུགས་སྐྱོང་བྱེད་རྒྱུ་དེ་ཨང་དང་པོར་བཞག་ཐོག་མི་དམངས་འཐུས་ཚོགས་ལས་ཀའི་ཆབ་སྲིད་ཀྱི་ཡང་དག་ཁ་ཕྱོགས་འགན་ལེན་བྱས་ཡོད། 

    (གཅིག) དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན་བྱས་ནས་ཐོག་མཐའ་བར་གསུམ་དུ“སྲུང་སྐྱོང་གཉིས”བྱེད་རྒྱུ་དེ་ཆབ་སྲིད་ཀྱི་ཚད་གཞི་མཐོ་ཤོས་དང་གཞི་རྩའི་ཆབ་སྲིད་ཀྱི་སྒྲིག་ལམ་ལ་བརྩིས་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་དང་གལ་ཆེའི་མཛུབ་སྟོན་གྱི་དགོངས་པ་མཐའ་འཁྱོངས་བྱེད་རྒྱུ་དེ་གཙོ་བོའི་གྲོས་དོན་བྱེད་ཡུལ་ལ་བརྩིས་ནས་དུས་ཐོག་ཏུ་དྲིལ་བསྒྲགས་སློབ་སྦྱོང་དང་། ལག་བསྟར་དོན་འཁྱོལ་བྱེད་རྒྱུར་ཞིབ་འཇུག རང་རྟོགས་ངང་དཔེ་བསྡུར་ཚད་བསྡུར་བཅས་བྱས་ཏེ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐོག་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱས་ཡོད། ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱེད་པ་མཐའ་འཁྱོངས་བྱེད་རྒྱུ་དེ་མི་དམངས་འཐུས་ཚོགས་ཀྱི་ལས་ཀའི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ཐད་མངོན་ཐུབ་པ་བྱས་ནས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཁྲོད་ཏང་ཀྲུང་དབྱང་གི་གལ་ཆེའི་ཐབས་ཇུས་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་ཁག་ཕྱོགས་ཡོངས་ནས་དོན་འཁྱོལ་དང་ལག་བསྟར་ནུས་ལྡན་ཐུབ་པ་བྱས་ཡོད།

    (གཉིས) ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲོས་རྒྱུ་དང་། མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་སྤྱི་འདོམས་བྱེད་རྒྱུ་མཐའ་འཁྱོངས་བྱས་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་བོད་དུ་གཟིགས་ཞིབ་གནང་སྐབས་ཀྱི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་སློབ་སྤྱོང་ནན་ཏན་དང་ཁོང་དུ་གཏིང་ཟབ་ཆུད་པ་བྱས་ཡོད་ལ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང“དེ་བས་གསུམ”གྱི་ཆེད་དོན་སློབ་གསོ་གཏིང་ཟབ་སྤེལ་རྒྱུ་དེ་ཏང་གི་ལོ་བརྒྱའི་འབད་འཐབ་ལོ་རྒྱུས་དང་། མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་ཀྱི་གོང་འཕེལ་ལོ་རྒྱུས། བོད་ཞི་བས་བཅིངས་འགྲོལ་བཏང་ཚུན་གྱི་ལོ་ངོ་70རིང་གི་གོང་འཕེལ་ཡར་ཐོན་གྱི་ལོ་རྒྱུས་བཅས་དང་ཟུང་འབྲེལ་བྱས་ཐོག ལོ་རྒྱུས་སྦྱངས་ནས་གནས་ལུགས་གསལ་རྟོགས་དང་། ལོ་རྒྱུས་སྦྱངས་ནས་དད་སེམས་འཕེལ་བ། ལོ་རྒྱུས་སྦྱངས་ནས་སྤྱོད་བཟང་གོང་དུ་བཀུར་བ། ལོ་རྒྱུས་སྦྱངས་ནས་ལག་ལེན་བསྟར་ཐུབ་པ་བཅས་བྱས་ཡོད། རྒྱུན་ལས་ཨུ་ལྷན་གྱི་ཁོངས་མི་དང་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་སྣེ་ཁྲིད་དེ་སྒྲོག་འགྲེལ་བྱས་ནས་མི་རིགས་ཁག་གི་མང་ཚོགས་རྣམ་པའི“མོས་སེམས་ལྔ”ཟམ་མི་ཆད་པར་ཤུགས་ཆེར་བཏང་སྟེ་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ལ་ཁྲིད་སྟོན་བྱས་ཡོད། གལ་ཆེའི་གཙོ་དོན་ལ་དམིགས་ཏེ་རིགས་གཞུང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་དང་། ཆེད་དོན་བགྲོ་གླེང་། མི་དམངས་འཐུས་ཚོགས་ཀྱི་འཆད་སྟེགས་བཅས་ཐེངས་36གཉེར་ཡོད།

    (གསུམ) མི་དམངས་འཐུས་ཚོགས་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བླང་བྱ་གསར་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པ། ཀྲུང་དབྱང་གི་མི་དམངས་འཐུས་ཚོགས་ལས་དོན་ཚོགས་འདུ་ནི་ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་ཀྱི་ལོ་རྒྱུས་བཅས་ཚང་མའི་ཐོག་ཐེངས་དང་པོ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གལ་ཆེའི་གསུང་བཤད་ཀྱིས་དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ལས་དོན་གྱི་མཛུབ་ཁྲིད་བསམ་བློ་དང་། གཞི་རྩའི་རྩ་དོན། གཙོ་གནད་ལས་དོན་བཅས་གཏན་འཁེལ་གསལ་པོ་བྱས་ཡོད། རྒྱུན་ལས་ཨུ་ལྷན་གྱིས་དགོངས་དོན་གྱི་ངོ་བོར་གོ་བ་གཏིང་ཟབ་ལོན་པ་བྱས་ནས་བསམ་བློའི་ངོས་འཛིན་ཟམ་མི་ཆད་པར་གཅིག་གྱུར་ཡོང་བ་དང་ལག་བསྟར་དོན་འཁྱོལ་དམ་འཛིན་ཡག་པོ་བྱས་ཡོད། ངེས་གནས་གསར་པར་གཞི་ཚུགས་པ་དང་། དམིགས་ཚད་གསར་པར་བརྟེན་པ། ཐབས་ལམ་གསར་པར་ཞིབ་འཇུག་བཅས་བྱས་ནས《དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་དང་ལེགས་བཅོས་བྱེད་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་བསམ་འཆར》བཟོ་འདོན་བྱས་ཡོད། ལྗོངས་ཡོངས་ཀྱི་ས་གནས(གྲོང་ཁྱེར)དང་རྫོང(ཆུད)མི་དམངས་འཐུས་ཚོགས་ཀྱི་ཀྲུའུ་རེན་གྱི་གསོ་སྦྱོང་ཚོགས་འདུ་དང་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ལས་དོན་ལ་སྐུལ་སྤེལ་གཏོང་བའི་ཚོགས་འདུ་དུས་ཐོག་ཏུ་འཚོགས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་དང་ཀྲུང་དབྱང་གི་མི་དམངས་འཐུས་ཚོགས་ལས་དོན་སྐོར་གྱི་ཚོགས་འདུའི་དགོངས་དོན་གཞི་རིམ་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཁྲོད་དོན་འཁྱོལ་ཐུབ་པ་བྱས་ཡོད། 

    (བཞི) མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཁག་ཐོག་མཐའ་བར་གསུམ་དུ་ཏང་གི་འགོ་ཁྲིད་འོག་བསྒྲུབ་རྒྱུ་མཐའ་འཁྱོངས་བྱས་པ། རང་ལྗོངས་ཏང་ཨུད་ཀྱིས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་མི་དམངས་འཐུས་ཚོགས་ལས་དོན་ཁྲོད་ཀྱི་གལ་ཆེའི་དོན་གནད་དང་གནད་དོན་ཁག་ལ་དུས་ཐོག་ཏུ་ཞིབ་འཇུག་ཐག་གཅོད་བྱས་ཡོད། རྒྱུན་ལས་ཨུ་ལྷན་ཏང་ཙུས་ཁ་ཕྱོགས་སྟངས་འཛིན་དང་། སྤྱི་ཡོངས་ལ་དོ་དམ། དོན་འཁྱོལ་དམ་འཛིན་བཅས་བྱེད་པའི་འགོ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་ཐུབ་པ་བྱས་ཡོད་ལ། རྒྱུན་ལས་ཨུ་ལྷན་གྱི་ལས་ཀའི“གཙོ་གནད་གཅིག་དང་འཆར་གཞི་གསུམ”བཟོས་ཡོད། དགོངས་སྐོར་སྙན་ཞུའི་ལམ་ལུགས་ལག་བསྟར་ནན་པོ་བྱས་ཏེ་ལོ་ཧྲིལ་པོར་གལ་ཆེའི་ཚོགས་འདུ་དང་། གལ་ཆེའི་ཁྲིམས་བཟོ། གལ་ཆེའི་ལས་དོན། གལ་ཆེའི་དོན་གནད་སོགས་རང་སྐྱོང་ལྗོངས་ཏང་ཨུད་ལ་དགོངས་སྐོར་སྙན་སེང་ཐེངས་72ཞུས་ཡོད། ཏང་གིས་ལས་བྱེད་པར་དོ་དམ་བྱེད་པའི་རྩ་དོན་དང་མི་དམངས་འཐུས་ཚོགས་ཀྱིས་ཁྲིམས་བཞིན་མི་དོན་བསྐོ་འཐེན་བྱེད་རྒྱུ་གཉིས་ཟུང་འབྲེལ་ནུས་ལྡན་བྱས་ནས་དུས་ཐོག་ཏུ་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འཚོགས་ཏེ་རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱ་ཁྲིམས་བཞིན་བསྐོ་འཐེན་བྱས་པར་བརྟེན། ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གལ་ཆེའི་མི་དོན་བཀོད་སྒྲིག་ཐད་ཀྱི་དགོངས་འདུན་ལམ་ལྷོངས་བྱུང་ཡོད། རྩ་ཁྲིམས་ལ་དམ་བཅའ་འཇོག་རྒྱུ་སྒྲིག་འཛུགས་ནན་ཏན་བྱས་པས་ལས་བྱེད་པའི་རྩ་ཁྲིམས་ཀྱི་འདུ་ཤེས་དང་ཁྲིམས་སྐྱོང་གི་འདུ་ཤེས་ཤུགས་ཆེར་ཕྱིན་ཡོད། 

    གཉིས། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ལས་འགན་ཨང་དང་པོ་མཐའ་འཁྱོངས་བྱས་ནས་མི་དམངས་འཐུས་ཚོགས་ཀྱིས་ཐེག་པ་འཁུར་ལེན་དང་ལས་རྗེས་འཇོག་ཚུལ་གང་ལེགས་མངོན་པར་བྱས་ཡོད།

    སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོ་བཙུགས་ཏེ་ཐོག་མཐའ་བར་གསུམ་དུ་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུ་ནི་མཐའ་དག་ལས་ལྷག་པའི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོ་དང་ཆབ་སྲིད་ཀྱི་འགན་འཁྲི་ཨང་དང་པོར་བརྩིས་ཐོག རྒྱལ་ཁབ་ཀྱི་བདེ་འཇགས་དང་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུར་དམ་པོར་དམིགས་ཏེ་མི་དམངས་འཐུས་ཚོགས་ཀྱི་འགན་འཁྲི་ནན་ཏན་བསྒྲུབས་ཡོད། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་འཐབ་ཇུས་རང་བཞིན་གྱི་ལས་འགན་དང་གཙོ་དོན་གཙོ་རྐང་ལ་བརྩི་རྒྱུ་མཐའ་འཁྱོངས་བྱས་པ་དང་། 《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་རྒྱུའི་སྲོལ་ཡིག》དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་རྒྱུ་དེ་གཙོ་བོའི་དམ་འཛིན་བྱེད་སར་བརྩིས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོ་རྒྱ་ཆེར་སྤེལ་བ་དང་། ཕྱོགས་ཡོངས་ནས་སྲོལ་ཡིག་ལག་བསྟར་ལ་ཁྲིམས་སྒྱུར་ཞིབ་བཤེར་བྱས་པ། སྲོལ་ཡིག་ལག་བསྟར་ལ་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་འཚོགས་པ་བཅས་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་པར་སྐུལ་འདེད་བཏང་ཡོད། ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་སྲོལ་ཡིག་དང་སྲིད་འཛིན་ཁྲིམས་སྒྱུར་གྱི་ལྟ་སྐུལ་སྲོལ་ཡིག་བཟོས་པ་དང་། སྐུད་མེད་གློག་འཕྲིན་གྱི་དོ་དམ་སྲོལ་ཡིག་ལ་བཟོ་བཅོས་བརྒྱབ་པ། རང་སྐྱོང་ལྗོངས་ཀྱི་དུས་བདེ་འཛུགས་སྐྱོང་བྱེད་པའི་སྲོལ་ཡིག་དང་མཐའ་མཚམས་དོ་དམ་སྲོལ་ཡིག མེ་སྐྱོན་འགོག་གསོད་སྲོལ་ཡིག་སོགས་ལ་གྲོས་ཞིབ་བྱས་པ། ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་སྤེལ་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ལས་དོན་སྙན་ཞུ་ཉན་ནས་གྲོས་ཞིབ་བྱས་ཡོད། རྒྱུན་ལས་ཨུ་ལྷན་འགོ་ཁྲིད་ཀྱིས་ས་གནས་གྲོང་ཁྱེར་དང་རྫོང་ཁག་ལ་གནས་སྡོད་ཀྱིས་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཐད་མཛུབ་ཁྲིད་བྱས་ནས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བརྟན་ལྷིང་སྲུང་སྐྱོང་སྐོར་གྱི་བྱ་ཐབས་ཁག་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བཏང་ཡོད། དགོན་སྡེར་ཁག་ལ་བསྐྱོད་དེ་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་དང་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ་དྲིལ་བསྒྲགས་བྱེད་པ་དང་། ཆོས་ལུགས་ལས་དོན་ཁྲིམས་སྐྱོང་ཅན་དུ་འགྱུར་བར་ཆེད་དོན་བརྟག་ཞིབ་བྱས་ཏེ་ཆོས་ལུགས་ཁྱབ་ཁོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཡག་པོ་སྒྲུབ་ཆེད་ནུས་པ་འདོན་སྤེལ་ཧུར་ཐག་བྱས་ཡོད། བོད་དུ་ཡོད་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སྒྲིག་འཛུགས་བྱས་ནས་མཐའ་མཚམས་ཀྱི་ས་གནས་གྲོང་ཁྱེར་4དང་མཐའ་མཚམས་རྫོང་21ལ་བསྐྱོད་དེ་ཆེད་དོན་བརྟག་ཞིབ་བྱས་པ་མ་ཟད། མཐའ་མཚམས་སྟོབས་ཆེར་གཏོང་རྒྱུའི་ལས་དོན་ཐད་བསམ་འཆར་དང་གྲོས་འཆར་བཏོན་ཡོད། “བདེ་སྐྱིད་ལྡན་པའི་བོད་ལྗོངས་གསར་པ་དང་གོང་འཕེལ་གྱི་རྣམ་པ་གསར་པ”ཞེས་པའི་དྲ་ཐོག་གི་འཚམ་འདྲིའི་ཕྱི་དོན་བྱེད་སྒོ་སྤེལ་ཡོད། 

    གསུམ། ལྟེ་བའི་ལས་དོན་ལ་དམིགས་རྒྱུ་མཐའ་འཁྱོངས་བྱས་ཏེ་ཁྲིམས་བཟོའི་སྤུས་ཚད་དང་ལས་ཕྱོད་སྔར་བས་མཐོ་རུ་བཏང་ཡོད།

    དོན་དངོས་ལ་གཞི་ཚུགས་པ་དང་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བ་བྱས་ནས་གཙོ་གནད་ཁྱབ་ཁོངས་ཀྱི་ཁྲིམས་བཟོའི་གོམ་སྟབས་ཇེ་མགྱོགས་སུ་བཏང་བས་ཁྱབ་ཁོངས་འགའ་རེའི་ཁྲིམས་བཟོའི་ལས་དོན་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཚད་མཐོའི་མཐོང་ཆེན་དང་ཤུགས་ཆེའི་རྒྱབ་སྐྱོར་གནང་བ་མ་ཟད། ཨུ་ཡོན་ཀྲང་ལིད་ཀྲན་ཧྲུའུ་ཡིས་བོད་ལྗོངས་ཀྱི་ཁྲིམས་བཟོའི་ལས་དོན་ཐད་གལ་ཆེའི་བཀའ་མཆན་གནང་བ་དང་། ཨུ་ཡོན་ཀྲང་སྐུ་གཞོན་ཝང་ཁྲེན་བོད་དུ་གཟིགས་ཞིབ་གནང་སྐབས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་ཁྲིམས་བཟོའི་ལས་དོན་ཐད་གདེང་འཇོག་གང་ལེགས་གནང་ཡོད། 

    (གཅིག) རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་དབང་གྲགས་ལ་སྲུང་སྐྱོང་བྱས་ཏེ་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ལ་ཕྱོགས་ཡོངས་ནས་གཙང་བཤེར་བྱས་པ། རྩ་ཁྲིམས་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པར་སྐུལ་འདེད་བཏང་སྟེ་རང་སྐྱོང་ལྗོངས་ཀྱི་རྩ་ཁྲིམས་དམ་བཅའི་ལམ་ལུགས་ཀྱི་ལག་བསྟར་བྱ་ཐབས་སྐོར་ལ་ཁྲིམས་སྒྱུར་ཞིབ་བཤེར་བྱས་ཡོད། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུར་དམིགས་ཏེ་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ལ་ཚོད་སྐོར་དང་གཙང་བཤེར་བྱེད་པའི་ལས་དོན་སྤེལ་ཡོད། དམངས་དོན་ཁྲིམས་གཞུང་དང་འགྱུར་ལྡན་གོང་ཁྲིམས་ལ་གཞིགས་ཏེ་མ་བུའི་འཕྲོད་སྦྱོར་བཅའ་ཁྲིམས་ཀྱི་ལག་བསྟར་བྱ་ཐབས་སོགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཁག་8ལ་བཟོ་བཅོས་བརྒྱབ་པ་དང་། གསོ་ཉར་བཅའ་ཁྲིམས་ཀྱི་བབ་བསྟུན་གཏན་འབེབས་དང་ལས་ཐོག་ཉེས་གསོག་སྔོན་འགོག་གི་ལས་དོན་སྲོལ་ཡིག་མེད་པར་བཟོས་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་མངགས་བཅོལ་བྱས་པའི་གལ་ཆེའི་ཁྲིམས་བཟོའི་ཐད་ཀྱི་བསམ་འཆར་བསྡུ་ལེན་བྱེད་རྒྱུའི་ལས་དོན་ལེགས་གྲུབ་བྱས་ཡོད།

    (གཉིས) དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་གོང་འཕེལ་གཏོང་རྒྱུའི་ཐད་ཀྱི་ཁྲིམས་སྐྱོང་དགོས་མཁོར་དམིགས་ཏེ་གཙོ་གནད་ཁྱབ་ཁོངས་ཀྱི་ཁྲིམས་བཟོ་རྒྱུར་སྐུལ་སྤེལ་ཇེ་མགྱོགས་སུ་བཏང་བ། ཁྲལ་འབབ་ཀྱི་ཁྲིམས་བཀོད་རྩ་དོན་དོན་འཁྱོལ་བྱས་ཏེ་གན་ཁྲལ་གྱི་ཞིབ་ཕྲའི་སྤྱོད་འཐུས་ཁྲལ་ཚད་སོགས་ཀྱི་འབྲེལ་ཡོད་གཏན་འབེབས་བཟོས་ཡོད། ས་བོན་བཅའ་ཁྲིམས་ཀྱི་ལག་བསྟར་བྱ་ཐབས་ལ་བཟོ་བཅོས་བརྒྱབ་ནས་སོན་རིགས་སྲུང་སྐྱོབ་དང་འདེམས་གསོ། སོན་བཟང་ཐོན་སྐྱེད་དང་ཚོང་གཉེར་བཅས་བྱེད་པའི་བྱ་སྤྱོད་ཚད་ལྡན་དུ་བཏང་ཡོད། དུས་ཐོག་ཏུ་ཁྲིམས་བཟོའི་རྣམ་གྲངས་ལེགས་སྒྲིག་བྱས་ནས་རང་སྐྱོང་ལྗོངས་ཀྱི་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྲོལ་ཡིག་ཟིན་འགོད་བྱེད་རྒྱུར་ཁྲིད་སྟོན་བྱས་པ་མ་ཟད། གྲོས་ཞིབ་ཐེངས་གཉིས་བྱས་ཡོད། ཐོལ་བྱུང་གི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་གྱི་འཕྲལ་སྡོམ་སྲོལ་ཡིག་ལ་ཁྲིམས་བཟོའི་བརྟག་ཞིབ་བྱས་པ་དང་སྨན་རྫས་དོ་དམ་གྱི་སྲོལ་ཡིག་ལ་གྲོས་ཞིབ་བྱས་ཡོད། 

    (གསུམ) ལྗོངས་ཡོངས་ཀྱི་ཁྲིམས་བཟོའི“བསམ་ཇུས་གཅིག”མཐའ་འཁྱོངས་བྱས་ཏེ་ཁྲིམས་བཟོའི་ལས་དོན་ལ་མཛུབ་ཁྲིད་བྱེད་རྒྱུར་ཤུགས་སྣོན་བརྒྱབ་པ། ཆུད་བཙུགས་པའི་གྲོང་ཁྱེར་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་ས་གནས་ཁྲིམས་བཟོའི་དབང་ཆ་ལག་བསྟར་བྱེད་པའི་ལས་དོན་ཐད་མཛུབ་ཁྲིད་བྱེད་རྒྱུར་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་པ་མ་ཟད། ཁྲིམས་སྲོལ་གྱི་རྣམ་གྲངས་འཛུགས་རྒྱུ་དང་། ནང་དོན་ཚད་ལྡན་བཟོ་རྒྱུ། ལས་རིམ་བཟོ་རྒྱུ་སོགས་ཐད་ཀྱི་འགག་སྒོ་ནན་པོ་བསྲུངས་ཏེ་ཆུད་བཙུགས་པའི་གྲོང་ཁྱེར་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་ནས་ཆོག་མཆན་ཐོབ་རེ་ཞུས་པའི་ཁྲིམས་སྲོལ་ཁག་6ལ་ཆོག་མཆན་སྤྲད་ཡོད། ནག་ཆུ་གྲོང་ཁྱེར་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་བཟོ་འགོ་རྩོམ་པའི་དུས་ཚོད་གཏན་འཁེལ་སྐོར་གྱི་གཏན་འབེབས་བཟོས་ཡོད། 

    (བཞི) མིག་སྔར་གཞི་ཚུགས་ཤིང་། མིག་རྒྱང་རིང་པོའི་ཐོག་ནས་ཁྲིམས་བཟོའི་ལས་དོན་ལ་ཞིབ་འཇུག་བྱས་པ། རང་ལྗོངས་ཀྱི་ཁྲིམས་བཟོའི་ལས་དོན་དང་། ལྷག་པར་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་སྐྱེ་ཁམས་ཤེས་དཔལ་དར་སྤེལ་གཏོང་རྒྱུའི་སྐོར་གྱི་ཁྲིམས་བཟོའི་ཉམས་མྱོང་བཟང་པོར་ཕྱོགས་བསྡོམས་ནན་ཏན་བྱས་པ་མ་ཟད། དུས་རབས་གསར་པའི་བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་གོང་འཕེལ་གཏོང་རྒྱུའི་གཙོ་གནད་ཁྱབ་ཁོངས་ཀྱི་ཁྲིམས་བཟོའི་ཕུགས་ཕན་གྱི་དཔྱོད་དོན་ལ་ཞིབ་འཇུག་བྱས་པར་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། 

    བཞི། ལྟ་སྐུལ་དང་རྒྱབ་སྐྱོར་གལ་ཆེ་མཉམ་འཛིན་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ་སྤུས་ཚད་མཐོ་བའི་གོང་འཕེལ་དང་། ནུས་ཕྱོད་ཆེ་བའི་བཅོས་སྐྱོང་། སྤུས་ཚད་མཐོ་བའི་འཚོ་བ་བཅས་ཀྱི་ཐད་སྐུལ་འདེད་བཏང་ཡོད།

    ལྟེ་བར་དམིགས་པ་དང་། གཙོ་གནད་འབུར་ཐོན། དངོས་ཕན་ཆེར་གཏོང་བཅས་ལ་དམིགས་ཏེ་ལྟ་སྐུལ་ཡང་དག་དང་། ལྟ་སྐུལ་ནུས་ལྡན། ཁྲིམས་བཞིན་ལྟ་སྐུལ་བཅས་བྱས་ནས་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ཡོང་བར་སྐུལ་འདེད་བཏང་ཡོད། 

    (གཅིག) སྤུས་ཚད་མཐོ་བའི་གོང་འཕེལ་གཏོང་རྒྱུར་དམིགས་ཏེ་ཁྲིམས་བཞིན་ལྟ་སྐུལ་བྱས་པ། 2020ལོའི་ནོར་སྲིད་ངེས་རྩིས་སྙན་ཞུར་ཁྲིམས་ལྟར་ཞིབ་བཤེར་བྱས་པ་དང་། 2021ལོའི་སྔོན་རྩིས་ལེགས་སྒྲིག་བྱེད་ཐབས་སྐོར་གྱི་སྙན་ཞུར་གྲོས་ཞིབ་བྱས་ཡོད། ཉེ་བའི་ལོ་གསུམ་རིང་གི་ནོར་སྲིད་མ་དངུལ་བེད་སྤྱོད་དང་དོ་དམ་བྱས་ཚུལ་དང་། གཞུང་ཁོངས་རྒྱུ་ནོར་ལ་དོ་དམ་བྱས་ཚུལ། གཞུང་ཁོངས་ཀྱི་རང་བྱུང་ཐོན་ཁུངས་རྒྱུ་ནོར་ལ་དོ་དམ་བྱས་ཚུལ། དམངས་གཉེར་དཔལ་འབྱོར་གོང་འཕེལ་ལ་མཇུག་འདེད་ཞིབ་བཤེར་བྱས་ཚུལ་སོགས་ཐད་ཀྱི་སྙན་ཞུ་ཉན་ནས་གྲོས་ཞིབ་བྱས་ཡོད། 2020ལོའི་རིམ་པ་དེ་གའི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་། ནོར་སྲིད་ཀྱི་གཏོང་ཡོང་གཞན་དག་ལ་རྩིས་བཤེར་བྱས་ནས་ཞིབ་རྩད་ཐུབ་པའི་གནད་དོན་བཅོས་སྒྲིག་བྱས་ཚུལ་སྐོར་གྱི་སྙན་ཞུ་ཉན་ནས་གྲོས་ཞིབ་བྱས་པ་མ་ཟད་བློ་མོས་བྱུང་ཚད་ལ་དཔྱད་གདེང་བྱས་ཡོད། སྲིད་གཞུང་གི་བུ་ལོན་དོ་དམ་བྱས་ཚུལ་ལ་བརྟག་དཔྱད་བྱས་པ་དང་། ཡུལ་སྐོར་བཅའ་ཁྲིམས་དང་རང་སྐྱོང་ལྗོངས་ཀྱི་ཡུལ་སྐོར་སྲོལ་ཡིག་ཐད་ཁྲིམས་སྒྱུར་ཞིབ་བཤེར་བྱས་ཡོད། དབུལ་གྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་གཏོང་རྒྱུ་དང་ཟུང་འབྲེལ་ནུས་ལྡན་བྱེད་རྒྱུ་དང་། དེ་བཞིན་རྩྭ་ཐང་འབྲོག་ལས་དང་ཞིང་ལས་དེང་རབས་ཅན་སོགས་ཀྱི་ལས་དོན་ཐད་ཆེད་དོན་བརྟག་ཞིབ་བྱས་ནས་ཞིང་འབྲོག་པའི་ཡོང་འབབ་འཕར་སྣོན་དང་ཞིང་འབྲོག་ལས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། 

    (གཉིས) ནུས་ཕྱོད་ཆེ་བའི་བཅོས་སྐྱོང་བྱེད་རྒྱུར་དམིགས་ཏེ་ལྟ་སྐུལ་ཡང་དག་བྱས་པ། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་བྱས་ཚུལ་སྐོར་གྱི་སྙན་ཞུ་ཉན་ནས་གྲོས་ཞིབ་བྱས་པ་མ་ཟད་ཆེད་དོན་འདྲི་རྩད་བྱས་ཡོད། 《བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུའི་སྲོལ་ཡིག》ལག་བསྟར་བྱེད་པར་སྐུལ་འདེད་བཏང་བ་དང་སྦྲགས། 2020ལོའི་ལྗོངས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་གནས་ཚུལ་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་དམིགས་ཚད་ལེགས་གྲུབ་བྱས་ཚུལ་སྐོར་གྱི་སྙན་ཞུ་ཉན་ནས་གྲོས་ཞིབ་བྱས་ཡོད། ཀྲུང་ཧྭའི་ཁོར་ཡུག་སྲུང་སྐྱོབ་ཀྱི་དུས་རབས་བྱེད་སྒོ——མུ་མཐུད་བོད་དུ་སྤེལ་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། དེ་བཞིན་གཏེར་ཁའི་ཐོན་ཁུངས་ཀྱི་དོ་དམ་སྲོལ་ཡིག་དང་། སྲ་མཁྲེགས་སྙིགས་རོས་ཁོར་ཡུག་ལ་སྦགས་བཙོག་བཟོ་རིགས་འགོག་བཅོས་བྱེད་པའི་བཅའ་ཁྲིམས། ནགས་ཚལ་བཅའ་ཁྲིམས་དང་དེའི་ལག་བསྟར་བྱ་ཐབས་བཅས་ལ་ཁྲིམས་སྒྱུར་ཞིབ་བཤེར་བྱས་ཡོད། ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཁག་24ཞིབ་བཤེར་སྙན་དཔོད་བྱས་པ་དང་། དེའི་ནང་གི་ཡིག་ཆ་ཁག་3བཟོ་འབེབས་བྱེད་མཁན་ལས་ཁུངས་ལ་འགན་དཀྲིས་ནས་བཟོ་བཅོས་བྱེད་དུ་བཅུག་ཡོད། 

    (གསུམ) སྤུས་ཚད་མཐོ་བའི་འཚོ་བ་བསྐྱལ་རྒྱུར་དམིགས་ཏེ་ལྟ་སྐུལ་ནུས་ལྡན་བྱས་པ། དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་ཏུ་བསྒྲིལ་རྒྱུ་དང་། མི་དམངས་མང་ཚོགས་ཀྱི་གླེང་ཆ་ཆེ་ས་དང་དཀའ་གནད་ལ་དམིགས་ཏེ་བཟའ་བཅའི་བདེ་འཇགས་བཅའ་ཁྲིམས་དང་ཀྲུང་ལུགས་གསོ་རིག་བཅའ་ཁྲིམས་ལ་ཁྲིམས་སྒྱུར་ཞིབ་བཤེར་བྱས་པ་དང་། གྲོང་ཁྱེར་གྲོང་གསེབ་ཀྱི་ཡུལ་མིའི་སྨན་བཅོས་འགན་བཅོལ་དང་། སློབ་གསོའི་གྲོན་དངུལ་གཏོང་ཕྱོགས་དང་བེད་སྤྱོད་དོ་དམ་བྱས་ཚུལ་གྱི་སྙན་ཞུ་ཉན་ནས་གྲོས་ཞིབ་བྱས་ཡོད། ཞིང་འབྲོག་ཁུལ་གྱི་སློབ་ལོ་མ་ལོན་གོང་གི་སློབ་གསོ་དང་། དམག་ཞབས་ཐིམ་པའི་དམག་མིར་ཞབས་ཞུ་འགན་སྲུང་བྱེད་ཚུལ་སོགས་ཐད་ལ་ཆེད་དོན་བརྟག་ཞིབ་བྱས་ནས་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་ཉིན་རེ་བཞིན་ཆེ་རུ་འགྲོ་བ་དང་འཚམ་ཐབས་བྱས་ཡོད། 

    ལྔ། འཐུས་མིའི་གཙོ་རྐང་གནས་བབ་མཐའ་འཁྱོངས་བྱས་ནས་འཐུས་མིའི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་བཅོས་བྱས་ཡོད། 

    འཐུས་མིའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་འཐུས་མིར་ཞབས་ཞུ་འགན་སྲུང་བྱེད་པའི་ལས་དོན་ལ་ཤུགས་སྣོན་བརྒྱབ་པ་དང་ལེགས་བཅོས་བྱས་ཏེ་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད། 

    (གཅིག) གྲོང་ཁྱེར་དང་རྫོང་། ཤང་བཅས་ཀྱི་མི་དམངས་འཐུས་ཚོགས་ཀྱི་སྐབས་བརྗེའི་ལས་དོན་ཡོངས་སུ་ལེགས་སྒྲུབ་བྱས་པ། རྫོང་དང་ཤང་མི་དམངས་འཐུས་ཚོགས་ཀྱི་སྐབས་བརྗེའི་མཛུབ་ཁྲིད་བསམ་འཆར་ཞིབ་འཇུག་བཟོ་འདོན་བྱས་ཏེ་རྫོང་དང་ཤང་མི་དམངས་འཐུས་ཚོགས་ཀྱི་སྐབས་བརྗེ་འདེམས་བསྐོའི་དུས་ཚོད་དང་། རྫོང་རིམ་པའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་བགོ་སྐལ་མིང་གྲངས། རྫོང་རིམ་པའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཁོངས་མིའི་བགོ་སྐལ་མིང་གྲངས། དེ་བཞིན་ལྷ་ས་དང་ལྷོ་ཁ། ཉིང་ཁྲི་བཅས་གྲོང་ཁྱེར་གསུམ་གྱི་སྐབས་གསར་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་བགོ་སྐལ་མིང་གྲངས་དང་རྒྱུན་ལས་ཨུ་ལྷན་གྱི་ཁོངས་མིའི་བགོ་སྐལ་མིང་གྲངས་སོགས་ཀྱི་གཏན་འབེབས་ཁག་ལ་ཁྲིམས་བཞིན་གྲོས་འཆམ་བྱས་པ་མ་ཟད། སྐབས་བརྗེའི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་རྒྱུར་མཛུབ་ཁྲིད་བྱས་ཡོད། 

    (གཉིས) འཐུས་མིའི་འགན་སྒྲུབ་ཀྱི་ཞབས་ཞུ་འགན་སྲུང་དང་དོ་དམ་ལྟ་སྐུལ་གྱི་ལས་དོན་ལ་ཤུགས་སྣོན་བརྒྱབ་པ། ཡོང་འབབ་བརྟན་པོ་མེད་པའི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཁ་གསབ་དང་འཐུས་མིའི་རྟོག་ཞིབ་བྱེད་སྒོའི་གྲོན་དངུལ་ཚད་གཞི་མཐོ་རུ་བཏང་བ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་འཕྲིན་གཏོང་དང་འགྲིམ་འགྲུལ་གྱི་ཁ་གསབ་རོགས་དངུལ་མང་དུ་བཏང་ཡོད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་བྱེད་སྒོའི་འགྲོ་གྲོན་ལ་དོ་དམ་དང་བེད་སྤྱོད་བྱ་ཐབས་བཟོས་པ་དང་། “མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཁྱིམ་གཞིས”ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད། འཐུས་མིའི་འགན་སྒྲུབ་ཞབས་ཞུའི་ལས་སྟེགས་དང་འགན་སྒྲུབ་ཡིག་ཚགས་ཚད་ལྡན་བཟོ་རྒྱུར་སྐུལ་སྤེལ་བཏང་ཡོད། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་མི་ཐེངས་330སྒྲིག་འཛུགས་བྱས་ནས་དྲ་ཐོག་དང་དྲ་མིན་གྱི་སྦྱོང་བརྡར་སྤྲས་ནས་འཐུས་མིའི་འགན་སྒྲུབ་ནུས་པ་འཛུགས་སྐྱོང་བྱེད་པར་ཤུགས་སྣོན་བརྒྱབ་ཡོད། 

    (གསུམ) གྲོས་གཞི་དང་གྲོས་འཆར་གཉེར་སྒྲུབ་བྱེད་པའི་སྤུས་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་བ། འཐུས་མིའི་གྲོས་འཆར་དུས་ཐོག་ཏུ་སྒྲུབ་སྤྲོད་བྱས་པ་དང་། གཙོ་གནད་གྲོས་འཆར་སྒྲུབ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ཡོད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པའི་རིང་འཐུས་མིས་བཏོན་པའི་གྲོས་འཆར་ཁག་250ཡོད་པར་ལན་འདེབས་བྱེད་ཚད་100%ཟིན་ཡོད། 

    (བཞི) ཏན་ཏིག་ནུས་ལྡན་ངང“འབྲེལ་གཏུག་གཉིས”ཀྱི་ལམ་ལུགས་ལེགས་སུ་བཏང་བ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་རྫོང་རིམ་པའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་འགན་ཁུར་བློ་མཐུན་མི་ཐེངས་252རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུར་ཟུར་ཞུགས་དང་ཆེད་དོན་ལས་དོན་ཨུ་ལྷན་གྱི་བྱེད་སྒོ་ཁག་ནང་ཞུགས་རྒྱུར་གདན་ཞུས་བྱས་པ་མ་ཟད། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་མི་ཐེངས་213སྒྲིག་འཛུགས་བྱས་ནས་ལྟ་སྐུལ་ཞིབ་བཤེར་ནང་ཞུགས་ཡོད། རྒྱུན་ལས་ཨུ་ལྷན་གྱི་འགོ་ཁྲིད་གཙོ་བོ་དང་ཟུར་ཞུགས་འཐུས་མིའི་དབར་བཞུགས་མོལ་བྱས་པ་དང་། འཐུས་མིའི་བསམ་འཆར་དང་གྲོས་འཆར་ཁག་སྒྲུབ་སྤྲོད་བྱས་ཏེ་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་ཁག་གཅིག་ཐག་གཅོད་བྱེད་རྒྱུར་སྐུལ་སྤེལ་བཏང་ཡོད། 

    དྲུག བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ་དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ལས་དོན་གྱི་བླང་བྱ་གསར་པ་དང་འཚམ་ཐབས་བྱས་ཡོད།

    ཏང་གི་ཆབ་སྲིད་འཛུགས་སྐྱོང་གིས་སྤྱི་འདོམས་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཟམ་མི་ཆད་པར་ཤུགས་ཆེར་བཏང་ཡོད། ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ། ལྷག་པར་དུ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སྒྲིག་ཁྲིམས་བཅས་ནན་པོ་བསྲུངས་ཏེ་ཡིན་མིན་གྱི་གནད་དོན་ཆེན་པོའི་ཐད་ཐོག་མཐའ་བར་གསུམ་དུ་དར་ཆ་གསལ་སྟོན་དང་། ལངས་ཕྱོགས་བརྟན་པོ། བྱ་སྤྱོད་བློ་ཐག་ཆོད་པོ་བཅས་ཡོང་བ་བྱས་ཡོད། མི་དམངས་འཐུས་ཚོགས་ལས་ཁུངས་ཀྱི་ཏང་གི་རྩ་འཛུགས་ཁོངས་གཏོགས་འཐུས་སྒོ་ཚང་དུ་གཏོང་རྒྱུར་གཞིགས་ཏེ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཡན་ལག་ཏང་ཙུའུ་བཙུགས་ཡོད། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་མཐའ་འཁྱོངས་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན། དེ་བཞིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལག་བསྟར་བྱ་ཐབས་བཅས་ལག་བསྟར་ནན་པོ་བྱས་ཏེ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་རྒྱུན་མཐུད་བཅོས་སྒྲིག་བྱས་ཡོད། ལས་ཁུངས་ཀྱི་ལས་ཀའི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ལས་གཏོད་གསར་གཏོད་བྱེད་ཤུགས་ཆེ་རུ་བཏང་བར་བརྟེན། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ལས་ཁུངས་ཀྱི་སྤྱི་ཡོངས་ལས་ཀའི་ཆུ་ཚད་དང་ལས་ཀའི་ལས་ཕྱོད་ཟམ་མི་ཆད་པར་ཆེ་རུ་སོང་ཡོད། གསར་དུ་བསྐོ་བཞག་བྱས་པའི་མི་དམངས་འཐུས་ཚོགས་ཀྱི་ལས་བྱེད་པའི་སྦྱོང་བརྡར་འཛིན་གྲྭ་དང་བགྲོ་གླེང་འཛིན་གྲྭ་གཉེར་བས་ལྗོངས་ཡོངས་ཀྱི་རིམ་ཁག་མི་དམངས་འཐུས་ཚོགས་དབར་མཐུན་སྦྱོར་མཉམ་འགུལ་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་སོང་ཡོད། 

    གྲུབ་འབྲས་དེ་དག་ཐོབ་པའི་ཆེས་རྩ་བར་ཐུག་ས་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་གནང་བ་ལས་བྱུང་བ་ཞིག་ཡིན་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ལྷག་པར་དུ་མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཚན་རིག་དང་མཐུན་པའི་དགོངས་པའི་ཁྲིད་སྟོན་ལས་བྱུང་བ་ཞིག་ཡིན་པ་མ་ཟད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཚད་མཐོའི་མཐོང་ཆེན་དང་ཞུམ་མེད་སྟོབས་ལྡན་གྱིས་འགོ་ཁྲིད་གནང་བའི་འབྲས་བུ་ཡིན་པ་དང་། རྒྱུན་ལས་ཨུ་ལྷན་གྱི་ཁོངས་མི་དང་། འཐུས་མི་ཡོངས། རིམ་ཁག་མི་དམངས་འཐུས་ཚོགས་བཅས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་པའི་འབྲས་བུ་ཡིན་པ། རང་སྐྱོང་ལྗོངས་ཀྱི“གཞུང་གཅིག་ཨུད་གཅིག་ཁང་གཉིས”བཅས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་པའི་འབྲས་བུ་ཡིན་པ། རང་སྐྱོང་ལྗོངས་ཀྱི་སྲིད་གྲོས་ཨུ་ཡོན་དང་། མི་དམངས་ཚོགས་པ་ཁག དེ་བཞིན་སྤྱི་ཚོགས་ལས་རིགས་ཁག་དང་མི་རིགས་ཁག་གི་ལས་བྱེད་མང་ཚོགས་བཅས་ཀྱིས་ཤུགས་ཆེའི་རྒྱབ་སྐྱོར་གནང་བའི་འབྲས་བུའང་ཡིན། འདིར་ངས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཚབ་ཞུས་ཏེ་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་དང་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། 

    དེ་དང་ཆབས་ཅིག་ང་ཚོས་རིག་པ་དྭངས་གསལ་གྱི་སྒོ་ནས་ངོས་འཛིན་ཐུབ་དགོས་པ་ནི། རྒྱུན་ལས་ཨུ་ལྷན་གྱི་ལས་དོན་དེ་དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ཀྱི་ལས་ཀའི་བླང་བྱ་གསར་པ་དང་བསྡུར་ན་ད་དུང་ཧེ་བག་ཡོད་པ་སྟེ། “འཇུག་སྒོ་ཆུང་བའི”ཁྲིམས་བཟོའི་ཐབས་ལམ་སྔར་བས་འཚོལ་ཞིབ་བྱེད་དགོས་པ་དང་། ལྟ་སྐུལ་གྱི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ལ་སྔར་བས་ཤུགས་སྣོན་རྒྱག་དགོས་པ། མི་དམངས་འཐུས་ཚོགས་ལས་ཁུངས་ཀྱི་སྤྱོད་ཚུལ་སྔར་བས་ལེགས་བཅོས་བྱེད་དགོས་པ་སོགས་ཡིན། རྒྱུན་ལས་ཨུ་ལྷན་གྱིས་གནད་དོན་གྱི་འཛིན་ཕྱོགས་མཐའ་འཁྱོངས་བྱས་ནས་ཁེངས་སྐྱུང་ངང་འཐུས་མི་དང་ཕྱོགས་ཁག་གི་བསམ་འཆར་དང་གྲོས་འཆར་ཉན་ནས་ལེགས་བཅོས་ཏན་ཏིག་བྱེད་རྒྱུ་ཡིན། 

    སླད་ཕྱིན་ལོ་གཅིག་རིང་གི་ལས་དོན་བཀོད་སྒྲིག

    འཐུས་མི་རྣམ་པ།

    2022ལོའི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་ཀའི་སྤྱིའི་བླང་བྱ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་དང་། དེ་བཞིན་ཀྲུང་དབྱང་གི་མི་དམངས་འཐུས་ཚོགས་ལས་དོན་ཚོགས་འདུ་དང་། ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུ། རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་དོན་ཚོགས་འདུ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་། མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་གལ་ཆེའི་རྣམ་བཤད་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། རླབས་ཆེན་གྱི་ཏང་འཛུགས་སྙིང་སྟོབས་དར་སྤེལ་ཤུགས་ཆེ་གཏོང་བ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ། ཏང་གི་འགོ་ཁྲིད་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་བཞིན་རྒྱལ་ཁབ་སྐྱོང་རྒྱུ་བཅས་གསུམ་གཅིག་གྱུར་དམ་ཚགས་ཡོང་བ་མཐའ་འཁྱོངས་བྱེད་པ་བཅས་བྱས་ནས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་བཀོད་སྒྲིག་ལ་དམ་པོར་དམིགས་ཏེ་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་དགོངས་གཞི་མཐའ་འཁྱོངས་དང་། གོང་འཕེལ་གྱི་བསམ་གཞི་གསར་པ་ཆ་ཚང་ཞིང་ཡང་དག་པ་དང་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ཟམ་མི་ཆད་པར་གོང་འཕེལ་གཏོང་བ། “དོན་ཆེན་བཞིར”དམིགས་ཏེ་ཁྲིམས་བཞིན་འགན་འཁྲི་བསྒྲུབ་རྒྱུ་དང་རང་འགུལ་ངང་ཐེག་པ་ཁུར་ལེན་གྱིས་ཁྲིམས་བཟོ་དང་། ལྟ་སྐུལ། འཐུས་མི། རང་ངོས་འཛུགས་སྐྱོང་སོགས་ཀྱི་ལས་དོན་སྤུས་ཚད་མཐོ་བའི་སྒོ་ནས་ཡག་པོ་སྒྲུབ་པ་བཅས་བྱས་ཐོག“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞི”ཐུབ་པ་བྱེད་རྒྱུར་ཁྲིམས་སྐྱོང་གི་འགན་སྲུང་ནུས་ལྡན་བྱས་ཏེ་གཡུར་དུ་ཟ་བའི་གྲུབ་འབྲས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་སྐོང་ཚོགས་བྱེད་རྒྱུར་བསུ་བ་ཞུ་རྒྱུ་དེ་ཡིན།

    གཅིག “གཏན་འཁེལ་གཉིས”ལ་སྲུང་སྐྱོབ་བྱེད་པར་ཤུགས་བརྒྱབ་སྟེ“སྲུང་སྐྱོང་གཉིས”ཀྱི་ལག་ལེན་པ་རྣམ་དག་ཅིག་བྱེད་དགོས།

    “གཏན་འཁེལ་གཉིས”ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ཆབ་སྲིད་གྲུབ་འབྲས་གལ་ཆེན་ཞིག་དང་། ལོ་རྒྱུས་ཀྱི་ཉམས་མྱོང་གལ་ཆེན་ཞིག་རེད་ལ། ང་ཚོས་རྒྱང་ལམ་གསར་པ་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་བར་འབད་བརྩོན་བྱེད་པའི་རྩ་བའི་ཆབ་སྲིད་ཀྱི་འགན་སྲུང་ཞིག་ཀྱང་ཡིན། ང་ཚོས་ཚད་མཐོའི་བསམ་བློའི་རང་རྟོགས་དང་། ཆབ་སྲིད་ཀྱི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ལ་བརྟེན་ནས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ“གཏན་འཁེལ་གཉིས”ལ་སྲུང་སྐྱོབ་མཐའ་གཅིག་ཏུ་བྱེད་རྒྱུ་མ་ཟད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཉིད་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་ཡིན་པའི་གནས་བབ་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་རྒྱུ་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན། རྒྱུན་འཁྱོངས་ལྷོད་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་སྤྱི་འདོམས་བྱས་ཏེ“གསལ་སྟོན་བཅུའི”དགོངས་དོན་གྱི་ངོ་བོ་དང་། གཙོ་བོའི་སྙིང་དོན། ལག་ལེན་གྱི་བླང་བྱ་བཅས་གོ་བ་གཏིང་ཟབ་ལོན་པ་དང་ཕྱོགས་ཡོངས་ནས་ཤེས་རྟོགས་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་མི་དམངས་འཐུས་ཚོགས་ལས་དོན་ཚོགས་འདུའི་ཐོག་གནང་བའི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་། ཁོང་དུ་ཆུད་པ། ལག་བསྟར་གཏིང་ཟབ་བཅས་བྱེད་རྒྱུ་མ་ཟད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་བོད་ལྗོངས་ཀྱི་མི་དམངས་འཐུས་ཚོགས་ལས་དོན་སྐོར་ལ་བཏོན་གནང་བའི“ཕྱོགས་ལྔའི”ཐད་ཀྱི་ཞིབ་ཕྲའི་བླང་བྱ་གཞིར་བཟུང་། དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་དང་ལེགས་བཅོས་བྱེད་རྒྱུ། མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་དང་ལེགས་བཅོས་བྱེད་རྒྱུའི་སྐོར་གྱི་ཀྲུང་དབྱང་གི་བསམ་འཆར་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་མི་དམངས་འཐུས་ཚོགས་ལས་དོན་ཚོགས་འདུ་སྐོང་ཚོགས་བྱེད་རྒྱུའི་གྲ་སྒྲིག་ཡག་པོ་བྱེད་རྒྱུ། ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱེད་པའི་ཆབ་སྲིད་ཀྱི་རྩ་དོན་ཆེ་ཤོས་དེ་མཐའ་འཁྱོངས་བྱས་ནས་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་ཏང་གི་འགོ་ཁྲིད་དེ་མི་དམངས་འཐུས་ཚོགས་ལས་དོན་གྱི་ཕྱོགས་ཁག་དང་ལས་རིམ་ཧྲིལ་པོའི་ནང་ལག་བསྟར་དོན་འཁྱོལ་ཐུབ་རྒྱུར་འགན་ལེན་བྱེད་རྒྱུ་མ་ཟད། ཏང་གི་དགོངས་འདུན་དེ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་གཅིག་མཐུན་ངོས་འཛིན་དང་རང་རྟོགས་ཀྱི་བྱ་སྤྱོད་ལ་འགྱུར་བ་བྱེད་རྒྱུ།

    གཉིས། “གདེང་ཚོད་བཞི”བརྟན་དུ་གཏོང་བར་ཤུགས་བརྒྱབ་སྟེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དད་སེམས་བརྟན་པོ་ཞིག་བྱེད་དགོས། 

    རང་ལྗོངས་འདི་ཉིད་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་བཅད་གལ་ཆེན་ཞིག་ཡིན་ལ། ཨ་རི་སོགས་ཀྲུང་གོར་ངོ་རྒོལ་བྱེད་མཁན་ནུབ་ཕྱོགས་ཕྱོགས་གཏོགས་ཀྱིས་ཀྲུང་གོ་ཁ་ཕྲལ་གཏོང་བའི་ངན་ཇུས་ལ་བཀག་འགོག་བྱེད་སའི་འཐབ་ས་མདུན་མ་དང་། མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་གཙོ་གནད་ས་ཁུལ་ཞིག་ཀྱང་ཡིན། ལྗོངས་ཡོངས་ཀྱི་རིམ་ཁག་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་དང་། རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་ལས་བྱེད་པ་བཅས་ཀྱིས་གཙོ་འཛིན་གྱི་མངག་བཅོལ་ཟབ་མོ་ཡིད་ལ་བརྟན་པོར་བཅངས་ཏེ་ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་པོ་བསྲུང་རྒྱུ་དང་། ཕུགས་བསམ་དང་དད་སེམས་བརྟན་དུ་བཏང་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་ལ་བརྟེན་ནས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་ཀྱི་བསམ་བློའི་རྨང་གཞི་བརྟན་དུ་གཏོང་རྒྱུ་མ་ཟད“འཛུགས་གཏོད་བཞིར”སྐུལ་སྤེལ་གཏོང་རྒྱུའི་ཐད་ཤུགས་རྒྱག་པ་དང“མདུན་གྲལ་དུ་སླེབས་པ་བཞི”བྱེད་ཐུབ་པའི་བསམ་པའི་སྒུལ་ཤུགས་ཆེན་པོ་ཞིག་མཁོ་འདོན་བྱེད་རྒྱུ། འགྲོ་ལམ་གྱི་གདེང་ཚོད་བརྟན་དུ་གཏོང་བར་སྣེ་ཁྲིད་རྒྱུ་སྟེ། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་བསྐྱོད་རྒྱུ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་འགྲོ་ལམ་མཐའ་འཁྱོངས་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་རྒྱུ་དང་། དར་ཆ་གསལ་སྟོན་གྱིས་ཁ་ཕྲལ་ལ་ངོ་རྒོལ་དང་། རང་རྟོགས་ངང་མེས་རྒྱལ་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་རྒྱུ་མ་ཟད། ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་གཅོག་རྒྱུའི་གྲ་སྒྲིག་ཨང་གསར་བྱེད་རྒྱུ། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད་བརྟན་དུ་གཏོང་བར་སྣེ་ཁྲིད་རྒྱུ་སྟེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་རང་བཞིན་དང་བདེན་དོན་རང་བཞིན་གྱི་དད་མོས་བརྟན་དུ་གཏོང་རྒྱུ་མ་ཟད། རྒྱུན་འཁྱོངས་ལྷོད་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་རྒྱུ། ལམ་ལུགས་ཀྱི་གདེང་ཚོད་བརྟན་དུ་གཏོང་བར་སྣེ་ཁྲིད་རྒྱུ་སྟེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དད་སེམས་བརྟན་དུ་གཏོང་རྒྱུ་དང་། མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་མ་ཟད། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་དང་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོར་སྐུལ་སྤེལ་ཟམ་མི་ཆད་པར་བཏང་ནས་མི་དམངས་རང་ཁྱིམ་རང་བདག་ཡོང་བར་འགན་སྲུང་བྱེད་རྒྱུ། རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏོང་བར་སྣེ་ཁྲིད་རྒྱུ་སྟེ། ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་། གསར་བརྗེའི་རིག་གནས། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་བཅས་ཀྱི་གདེང་ཚོད་བརྟན་དུ་བཏང་ནས“ལམ་གཉིས”ཀྱི་སྙིང་སྟོབས་དང་། བོད་སྐྱོད་རྒན་རབས་པའི་སྙིང་སྟོབས། ཁུང་ཧྥན་སན་གྱི་སྙིང་སྟོབས་བཅས་དར་སྤེལ་གཏོང་རྒྱུ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བས་ཁྲིད་སྟོན་བྱས་ཏེ་ཀྲུང་ཧྭའི་རིག་གནས་འདི་ཉིད་བོད་ཀྱི་མི་རིགས་ཁག་གི་བརྩེ་སེམས་ཀྱི་འཆང་ས་དང་བསམ་པའི་བརྟེན་ས་ཞིག་ཏུ་འགྱུར་བར་སྐུལ་སྤེལ་གཏོང་རྒྱུ་མ་ཟད། རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ཀྱི་མོས་སེམས་ཆེ་རུ་ཏན་ཏིག་གཏོང་རྒྱུ། 

    གསུམ། “འཛུགས་གཏོད་བཞི”སྐུལ་སྤེལ་གཏོང་བར་ཤུགས་བརྒྱབ་སྟེ་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་དོན་འཁྱོལ་ཏན་ཏིག་བྱེད་མཁན་གྱི་འགན་འཁུར་བ་ཞིག་བྱེད་དགོས།

    དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ཁོང་དུ་གཏིང་ཟབ་ཆུད་པ་བྱེད་རྒྱུ་དང་། “དོན་ཆེན་བཞིའི”ཐད་ནུས་ཤུགས་གཅིག་ཏུ་སྒྲིལ་རྒྱུར་དམིགས་ཏེ“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞི”བྱེད་པའི་ཁྲོད་ཐེག་པ་ཁུར་ལེན་དང་ལས་རྗེས་འཇོག་རྒྱུ་མ་ཟད། ཁྲིམས་སྐྱོང་གི་བསམ་གཞི་དང་། ཁྲིམས་སྐྱོང་གི་བློ་རིག ཁྲིམས་སྐྱོང་གི་ཐབས་ལམ། ཁྲིམས་སྐྱོང་གི་བྱེད་ཐབས་བཅས་ལ་བརྟེན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་རྒྱུའི་ཁྲིམས་སྐྱོང་གི་ལམ་བུའི་ཐོག་བརྟན་བགྲོད་རྒྱང་འཁྱོལ་ཐུབ་པ་བྱེད་རྒྱུ། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོ་བཙུགས་ནས་སྤྱི་ཚོགས་ཁྱོན་ཡོངས་ཞི་མཐུན་བརྟན་ལྷིང་ཡོང་བར་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་རྒྱུ། “དུས་ལྔ་མཉམ་འཁེལ”གྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་ལ་སྟངས་འཛིན་ཡང་དག་བྱས་ཏེ་ཉེན་ཁའི་འདུ་ཤེས་ཟབ་ཏུ་གཏོང་རྒྱུ་དང་། མཐའ་ཚད་ཀྱི་བསམ་གཞི་འཛུགས་པ། ཉེན་བརྡ་རྒྱུན་གཏོང་དང་རྟག་ཏུ་དོགས་ཟོན་བྱེད་རྒྱུ་མཐའ་འཁྱོངས་བཅས་བྱས་ནས་རྒྱལ་ཁབ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་ལྷིང་སོགས་ཀྱི་རྩ་དོན་ཆེན་པོའི་གནད་དོན་ཐད་ཁ་གྲགས་ཕོད་པ་དང་། དཔའ་དམ་བཤམས་ཕོད་པ་བྱས་ནས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཨང་དང་པོ་དེ་འཁུར་ཐུབ་པ་དང་། ཡག་པོ་འཁུར་བ། དངོས་སུ་འཁུར་བ་བཅས་བྱེད་རྒྱུ། རྒྱལ་ཁབ་བདེ་འཇགས་ཀྱི་བཅའ་ཁྲིམས་ལ་ཁྲིམས་སྒྱུར་ཞིབ་བཤེར་བྱེད་རྒྱུ་དང་། རང་སྐྱོང་ལྗོངས་ཀྱི་དུས་བདེ་འཛུགས་སྐྱོང་བྱེད་པའི་སྲོལ་ཡིག་དང་དྲ་རྒྱའི་བདེ་འཇགས་ཐད་ཀྱི་འབྲེལ་ཡོད་ཁྲིམས་སྲོལ་བཟོ་འབེབས་བྱེད་རྒྱུ། སྤྱི་ཡོངས་ཀྱི་རྒྱལ་ཁབ་ཕྱི་འབྲེལ་ལ་གཞོགས་འདེགས་བྱས་ནས་བོད་འབྲེལ་ཐད་ཀྱི་འཐབ་རྩོད་ཧུར་ཐག་སྤེལ་ཏེ་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། གོང་འཕེལ་གྱི་ཁེ་ཕན་བཅས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་རྒྱུ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་རྒྱུར་དམིགས་ནས་ནུས་ཤུགས་གཅིག་ཏུ་བསྒྲིལ་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་རྒྱུ་གཙོ་རྐང་དུ་བྱེད་པ་དང་། རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་པའི་སྲོལ་ཡིག་ལག་བསྟར་བྱེད་རྒྱུ་དམ་འཛིན་བྱེད་སར་འཛིན་པ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བ་བྱེད་རྒྱུ་ཁ་ཕྱོགས་སུ་བཅས་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་རྒྱུ་དེ་གཞི་རྒྱ་དེ་བས་ཆེ་བ་དང་། ཁུལ་ཁོངས་དེ་བས་ཆེ་བ། གདིང་རྩ་དེ་བས་ཟབ་པ་བཅས་སུ་རྒྱ་སྐྱེད་བཏང་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་རྒྱུའི་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ། སྲོལ་ཡིག་ལ་ལག་བསྟར་ལ་ཁྲིམས་སྒྱུར་ཞིབ་བཤེར་དང་། ཆེད་དོན་བརྟག་ཞིབ། ཆེད་དོན་འདྲི་རྩད་བཅས་བྱེད་རྒྱུ་མ་ཟད། རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་ཚུལ་སྐོར་གྱི་སྙན་ཞུ་ཉན་ནས་གྲོས་ཞིབ་བྱེད་རྒྱུ། ལྗོངས་ཡོངས་ཀྱི་རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སྒྲིག་འཛུགས་དང་སྐུལ་སློང་བྱས་ནས་སྲོལ་ཡིག་ལ་བརྩི་སྲུང་ཞུ་བ་དང་དྲིལ་བསྒྲགས་རྒྱ་ཆེར་བྱེད་རྒྱུ་མ་ཟད། མི་རིགས་མཐུན་སྒྲིལ་ཡར་ཐོན་ཡོང་བ་བྱེད་རྒྱུ་དེ་ཡུལ་སྲོལ་དམངས་ཆིངས་དང་། དགོན་སྡེའི་སྒྲིལ་སྲོལ། གྲྭ་བཙུན་གྱི་ཆིངས་ཡིག་བཅས་ནང་འཇུག་རྒྱུ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་གཏིང་ཟབ་ངང་རྒྱ་ཆེར་སྤེལ་རྒྱུ་དང་། མི་རིགས་ཁག་དབར་རྒྱ་ཁྱབ་ངང་འགྲོ་འོང་དང་། ཕྱོགས་ཡོངས་ནས་སྤེལ་རེས། མཉམ་འདྲེས་ཟབ་མོ་བཅས་ཡོང་བ་བྱས་ནས་ཀྲུང་ཧྭ་མི་རིགས་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་གང་ཐུབ་བསྐྲུན་རྒྱུ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་རྒྱུན་མཐུད་ཁྱབ་གདལ་གཏོང་རྒྱུར་དམིགས་ཏེ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་བཅའ་ཁྲིམས་ཐད་ཁྲིམས་སྒྱུར་ཞིབ་བཤེར་བྱེད་རྒྱུ་དང་། འབྲེལ་ཡོད་ཀྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ལ་ཕྱོགས་ཡོངས་ནས་ཚོད་སྐོར་དང་གཙང་བཤེར་བྱེད་རྒྱུ་དང་། དག་བཅོས་འཐུས་ཚང་དུ་གཏོང་རྒྱུ་མ་ཟད། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་རྒྱུར་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་གཏན་འབེབས་བཟོ་རྒྱུ། ཆོས་ལུགས་ལས་དོན་ཐད་ཀྱི“ངེས་པར་དུ་དགུའི”བླང་བྱ་ཁོང་དུ་བརྟན་པོ་ཆུད་པ་བྱེད་རྒྱུ་དང“ཕན་ཡོད་ལྔའི”ཚད་གཞིར་བརྩི་སྲུང་ཞུས་ཏེ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བ་བྱེད་རྒྱུ་དང་། ཆོས་ལུགས་ལས་དོན་ཁྲིམས་སྐྱོང་ཅན་དུ་འགྱུར་བར་སྐུལ་འདེད་བཏང་ནས་བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་རྒྱུ། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་གོང་འཕེལ་གཏོང་རྒྱུའི་སྔོན་སྤེལ་ཁུལ་འཛུགས་གཏོད་བྱེད་རྒྱུར་དམིགས་ནས་ནུས་ཤུགས་གཅིག་ཏུ་བསྒྲིལ་ཏེ། “མངོན་པ་གསུམ་དང་ཕན་ཡོད་གཅིག”གི་བླང་བྱ་གཞིར་བཟུང་། རང་སྐྱོང་ལྗོངས་ཀྱི་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྲོལ་ཡིག་བཟོ་འདོན་བྱས་ནས་ཁེ་ལས་འབྲིང་ཆུང་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་། སྤྱི་པའི་འཕྲོད་བསྟེན། སྲོག་ཆགས་ཀྱི་ནད་ཡམས་སོགས་འབྲེལ་ཡོད་ཁྱབ་ཁོངས་ཀྱི་ཁྲིམས་བཟོ་རྒྱུར་སྐུལ་སྤེལ་ཧུར་ཐག་གཏོང་རྒྱུ། དཔལ་འབྱོར་ལས་དོན་ལ་ལྟ་སྐུལ་དང་སྔོན་རྩིས་ཞིབ་བཤེར་ལ་ལྟ་སྐུལ་བྱེད་པར་ཤུགས་སྣོན་རྒྱག་རྒྱུའི་གཏན་འབེབས་དག་བཅོས་བྱེད་རྒྱུ། དབུལ་སྐྱོར་ཐོན་ལས་དང་། ནུས་རྒྱུ་གཙང་མའི་ཐོན་ལས། གྲངས་གཞིའི་དཔལ་འབྱོར། དབུལ་གྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་གཏོང་རྒྱུ་དང་ཟུང་འབྲེལ་ནུས་ལྡན་བྱེད་རྒྱུ་སོགས་ཀྱི་ཆེད་དོན་སྙན་ཞུ་ཉན་ནས་གྲོས་ཞིབ་བྱེད་རྒྱུ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་བྱེད་རྒྱུར་དམིགས་ནས་ནུས་ཤུགས་གཅིག་ཏུ་བསྒྲིལ་ཏེ། བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་བྱེད་པའི་སྲོལ་ཡིག་ལ་ཁྲིམས་སྒྱུར་ཞིབ་བཤེར་བྱེད་རྒྱུ་མ་ཟད། སྲོལ་ཡིག་ལག་བསྟར་གྱི་ལོ་འཁོར་བཞུགས་མོལ་ཚོགས་འདུ་འཚོག་རྒྱུ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལ་གཞོགས་འདེགས་ཧུར་ཐག་བྱས་ནས་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོབ་ཐད་ཀྱི་ཁྲིམས་བཟོའི་ལས་དོན་ཡག་པོ་བསྒྲུབ་རྒྱུ། ཀྲུང་ཧྭའི་ཁོར་ཡུག་སྲུང་སྐྱོབ་ཀྱི་དུས་རབས་བྱེད་སྒོ་བོད་དུ་སྤེལ་རྒྱུ་གཞི་རྟེན་དུ་བྱས་ནས་འབྲི་ཆུའི་སྟོད་རྒྱུད་དང་འབྲི་ཆུ་རྒྱུག་ཁུལ་བོད་ལྗོངས་དུམ་མཚམས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ལ་ཁྲིམས་སྒྱུར་ཞིབ་བཤེར་བྱེད་རྒྱུ། 2021ལོའི་ལྗོངས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གནས་ཚུལ་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་དམིགས་ཚད་ལེགས་གྲུབ་བྱས་ཚུལ་གྱི་སྙན་ཞུ་ཉན་ནས་གྲོས་ཞིབ་བྱེད་རྒྱུ། ཁུལ་ཁོངས་དང་རྒྱུག་ཁུལ་བརྒལ་བའི་སྐྱེ་ཁམས་སྲུང་སྐྱོབ་བྱེད་རྒྱུའི་ཐད་མཉམ་དུ་ཁྲིམས་བཟོ་དང་མཉམ་དུ་ལྟ་སྐུལ་བྱེད་ཐབས་འཚོལ་ཞིབ་ཧུར་ཐག་བྱེད་རྒྱུ། མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་འཛུགས་གཏོད་བྱེད་རྒྱུར་དམིགས་ནས་ནུས་ཤུགས་གཅིག་ཏུ་བསྒྲིལ་ཏེ། རང་སྐྱོང་ལྗོངས་ཀྱི་མཐའ་མཚམས་དོ་དམ་སྲོལ་ཡིག་ལ་བཟོ་བཅོས་རྒྱག་རྒྱུ་དང་། མཐའ་བརྟན་དང་མཐའ་དར་ཟུང་འབྲེལ་དང་། མཐའ་དར་དང་དམངས་ཕྱུག་མཉམ་འདྲེས་མཐའ་འཁྱོངས་བྱེད་རྒྱུ་མ་ཟད། མཐའ་མཚམས་བདེ་འཇགས་ནུས་པ་འཛུགས་སྐྱོང་དང་། མཐའ་མཚམས་གྲོང་ཁྱེར་གྲོང་རྡལ་འཛུགས་སྐྲུན་སོགས་ཀྱི་གཙོ་གནད་ལས་དོན་ལ་སྐུལ་སྤེལ་བྱེད་མགྱོགས་སུ་གཏོང་རྒྱུར་དམིགས་ཏེ་ལྟ་སྐུལ་དང་བརྟག་ཞིབ་བྱེད་རྒྱུ་དང་། མཐའ་བརྟན་དང་མཐའ་དར་དམངས་ཕྱུག་ལག་བསྟར་བྱས་ཚུལ་གྱི་སྙན་ཞུ་ཉན་འཇོག་བྱེད་རྒྱུ། 

    བཞི། “འགན་ནུས་བཞི”བསྒྲུབ་རྒྱུའི་ཐད་ཤུགས་བརྒྱབ་སྟེ་མི་དམངས་ལྟེ་བར་འཛིན་པའི་བསམ་བློའི་ལག་ལེན་པ་རྣམ་དག་ཅིག་བྱེད་དགོས། 

    མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱས་ཏེ་སྤྱི་ཚོགས་གཞུང་དྲང་དྲང་བདེན་ཡོང་བར་སྐུལ་འདེད་བཏང་ནས་མི་རིགས་ཁག་གི་མི་དམངས་ཀྱི་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱེད་རྒྱུ། ཁྲིམས་བཟོའི་ལས་དོན་གྱི་སྤུས་ཚད་མཐོ་རུ་གཏོང་རྒྱུ་སྟེ། རྩ་ཁྲིམས་ཀྱི་དབང་གྲགས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ནས་སྤྱི་ཚོགས་ཡོངས་ནང་རྩ་ཁྲིམས་དང་བཅའ་ཁྲིམས་དྲིལ་བསྒྲགས་བྱེད་པའི་སློབ་གསོ་རྒྱུན་མཐུད་གཏིང་ཟབ་སྤེལ་རྒྱུ། 2022ལོའི་ཁྲིམས་བཟོའི་ལས་དོན་གྱི་འཆར་གཞི་བཟོ་རྒྱུ། རྒྱལ་ཁབ་ཀྱི་ཁྲིམས་སྐྱོང་གཅིག་གྱུར་ལ་འགན་ལེན་བྱེད་པའི་སྔོན་འགྲོའི་འོག ཁྲིམས་བཟོའི་རྣམ་པ་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ“གཞི་ཆེ་རིགས”འགའ་བཟོ་དགོས་ལ། དེ་བས་ཀྱང“ཆུང་མྱུར་ཞིབ”བཅས་མང་ཙམ་བཟོ་རྒྱུ་དང་སྦྲགས། ཁྲིམས་བཟོའི་དམིགས་སའི་རང་བཞིན་དང་། བཀོལ་སྤྱོད་རང་བཞིན། སྤྱོད་འཐུས་རང་བཞིན་བཅས་ཤུགས་ཆེར་བཏང་ནས་ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན་བྱེད་པར་འཕྲལ་མཁོ་ཆེ་བའི་ཁྲིམས་སྲོལ་གྱི་ཞན་ཆ་གང་ཐུབ་གསབ་རྒྱུ། རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་དོན་གྲོས་ལམ་སྲོལ་དང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་དོན་གྲོས་ལམ་སྲོལ་ལ་དག་བཅོས་བྱེད་རྒྱུ། རང་སྐྱོང་ལྗོངས་ཀྱི་ལོ་ལྔ་ཚན་བརྒྱད་པའི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་གྲོས་ཆོད་བཟོ་རྒྱུ།  སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ནང་བཅུག་སྟེ་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་བདེ་འཇགས་སྲ་བརྟན་གཏོང་རྒྱུ་དང་སྲུང་སྐྱོང་བྱེད་རྒྱུ། ལྟ་སྐུལ་ལས་ཀའི་ཕན་འབྲས་ཆེ་རུ་གཏོང་རྒྱུ་སྟེ། “གཞུང་གཅིག་ཨུད་གཅིག་ཁང་གཉིས”ཀྱིས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་བསྟར་བྱས་ཚུལ་དང་། འཆར་གཞི་དང་སྔོན་རྩིས་ལག་བསྟར་བྱས་ཚུལ། དེ་བཞིན་འབྲེལ་ཡོད་གྲོས་ཆོད་དང་གཏན་འབེབས་དོན་འཁྱོལ་བྱས་ཚུལ་བཅས་ལ་དམིགས་ནས་ལྟ་སྐུལ་བྱེད་རྒྱུ། སྤུས་ཚད་མཐོ་བའི་གོང་འཕེལ་དང་“དམངས་འཚོའི་ལས་གཞི་ཆེན་པོ་བཅུར”དམིགས་ཏེ་ལས་ཞུགས་ལས་གཏོད་དང་གྲོང་ཁྱེར་གྲོང་གསེབ་ཀྱི་ཡུལ་མིའི་མ་མཐའི་འཚོ་བའི་འགན་སྲུང་། བུ་ལོན་དོ་དམ་སོགས་ཀྱི་གནས་ཚུལ་གྱི་ཆེད་དོན་སྙན་ཞུ་ཉན་ནས་གྲོས་ཞིབ་བྱེད་རྒྱུ། དངུལ་རྩའི་གཞུང་ཁོངས་ཁེ་ལས་བསྒྱུར་བཅོས་ཐད་ཆེད་དོན་བརྟག་ཞིབ་བྱས་ནས་གཞུང་ཁོངས་རྒྱུ་ནོར་དོ་དམ་བྱས་ཚུལ་གྱི་ཕྱོགས་བསྡུས་སྙན་ཞུ་ཉན་ཏེ་གྲོས་ཞིབ་བྱེད་རྒྱུ་མ་ཟད་ཆེད་དོན་འདྲི་རྩད་བྱེད་རྒྱུ། སྙན་དཔོད་ཞིབ་བཤེར་ལས་དོན་གྱི་སྤུས་ཚད་མཐོ་རུ་བཏང་སྟེ། བཅའ་ཁྲིམས་ཀྱི་གཏན་འབེབས་ལས་འགལ་བའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་ཚད་ལྡན་རང་བཞིན་གྱི་ཡིག་ཆ་གཞན་དག་ལ་ཁྲིམས་ལྟར་དག་བཅོས་བྱེད་རྒྱུ་དང་མེད་པ་བཟོ་རྒྱུ། འཐུས་མིའི་ལས་དོན་ཐད་ཡར་རྒྱས་གསར་པ་ཡོང་བར་བྱེད་རྒྱུ་སྟེ། མི་དམངས་འཐུས་ཚོགས་ལས་དོན་གྱི་རྨང་གཞི་ནི་འཐུས་མིར་རག་ལས་པ་དང་གསོན་ཤུགས་ནི་འཐུས་མིར་རག་ལས་ཡོད། དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་དང་ལེགས་བཅོས་བྱེད་རྒྱུའི་སྐོར་གྱི་རྒྱུན་ལས་ཨུ་ལྷན་གྱི་བསམ་འཆར་དོན་འཁྱོལ་ནན་ཏན་བྱས་ཏེ། འཐུས་མིས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་དང་འཐུས་མིའི་བཞུགས་མོལ་ཚོགས་འདུར་ཟུར་ཞུགས་བྱེད་རྒྱུ་དང་། རྒྱལ་ཁབ་ལས་ཁུངས་ཀྱིས་འཐུས་མིར་འབྲེལ་གཏུག་བྱེད་པའི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། ཁྲིམས་བཟོའི་བརྟག་ཞིབ་དང་། ཆེད་དོན་བརྟག་ཞིབ། ཁྲིམས་སྒྱུར་ཞིབ་བཤེར་སོགས་ཀྱི་བྱེད་སྒོའི་ནང་འཐུས་མི་གདན་ཞུ་བྱེད་རྒྱུ། “མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཁྱིམ་གཞིས”སོགས་འཐུས་མིའི་འགན་སྒྲུབ་ཀྱི་ལས་སྟེགས་འཛུགས་རྒྱུ་དང་དོ་དམ་ལ་མུ་མཐུད་ཤུགས་སྣོན་རྒྱག་རྒྱུ་མ་ཟད། འཐུས་མིའི་སློབ་སྦྱོང་དང་། སྤེལ་རེས། སྦྱོང་བརྡར་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་འཐུས་མིའི་འགན་སྒྲུབ་ནུས་པ་ཤུགས་ཆེར་གཏོང་རྒྱུ། འཐུས་མིའི་གྲོས་གཞི་དང་གྲོས་འཆར་གྱི་ལས་དོན་ནན་ཏན་བསྒྲུབས་ནས་གཉེར་སྒྲུབ་ཀྱི་སྤུས་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་རྒྱུ། ཁྲིམས་བཞིན་གོ་རིམ་ལྡན་པའི་ངང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་འཐུས་མིའི་སྐབས་བརྗེ་འདེམས་བསྐོའི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དང་། ཁྲིམས་བཞིན་གོ་རིམ་ལྡན་པའི་ངང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་འཐུས་མིའི་སྐབས་བརྗེ་འདེམས་བསྐོ་ཡག་པོ་བྱེད་རྒྱུ། གཏན་འབེབས་དང་བསྐོ་འཐེན་ལས་དོན་དུས་ཐོག་ཏུ་བསྒྲུབ་རྒྱུ་སྟེ། ཏང་གིས་ལས་བྱེད་པར་དོ་དམ་བྱེད་པའི་རྩ་དོན་མཐའ་འཁྱོངས་དང་ཁྲིམས་བཀོད་ཀྱི་གོ་རིམ་གཞིར་བཟུང་། ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་མི་དོན་བཀོད་སྒྲིག་བྱེད་པའི་དགོངས་འདུན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་རྒྱུ་དང་། རྩ་ཁྲིམས་ལ་དམ་བཅའ་འཇོག་རྒྱུ་སྒྲིག་འཛུགས་ཡག་པོ་བྱེད་རྒྱུ། 

    ལྔ། “ལས་ཁུངས་བཞི”འཛུགས་སྐྱོང་ལ་ཤུགས་བརྒྱབ་སྟེ་སྤྱོད་ཚུལ་ལེགས་བཅོས་དང་དོན་འཁྱོལ་དམ་འཛིན་གྱི་ལག་ལེན་པ་རྣམ་དག་ཅིག་བྱེད་དགོས། 

    སྤྱོད་ཚུལ་སྔར་བས་ལེགས་བཅོས་བྱེད་པར་དམ་འཛིན་ནན་པོ་བྱེད་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བསམ་འཆར་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་མ་ཟད“སྤྱོད་ཚུལ་དང་། འགན་འཁྲི། སྐྱོན་ཆ། དོན་འཁྱོལ་བཅས་ལ་ཞིབ་བཤེར་བྱེད་རྒྱུ”གཙོ་བོའི་ནང་དོན་དུ་བྱས་པའི་སྤྱོད་ཚུལ་ལེགས་བཅོས་དང་དོན་འཁྱོལ་དམ་འཛིན་གྱི་སློབ་གསོའི་བྱེད་སྒོ་གཏིང་ཟབ་སྤེལ་ཏེ། ཏང་ཡོན་འགོ་ཁྲིད་ལས་བྱེད་པས“མིག་དཔེ་དྲུག”གི་ནུས་པ་འདོན་སྤེལ་ཏན་ཏིག་བྱེད་རྒྱུ། རྒྱུན་ལས་ཨུ་ལྷན་ཏང་ཙུའུ་དང་། རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ། ཀྲུའུ་རེན་ཚོགས་འདུ། ལས་ཁུངས་ཏང་ཙུའུ། ཡན་ལག་ཏང་ཙུའུ་ཁག་བཅས་ཀྱི་སློབ་སྦྱོང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུ། མི་དམངས་འཐུས་ཚོགས་ལས་ཀའི་ཆེད་སྒྲུབ་ཚོགས་ཆུང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་རྒྱུ་དང་། མི་དམངས་འཐུས་ཚོགས་ཀྱི་རིགས་གཞུང་ཞིབ་འཇུག་དང་གསར་འགྱུར་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་པོ་བསྲུངས་ཏེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན། དེ་བཞིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བྱ་ཐབས་ལག་བསྟར་ནན་པོ་བྱེད་རྒྱུ། ཏང་ལ་དོ་དམ་དང་ཏང་ནན་སྐྱོང་གི་གཙོ་རྐང་འགན་འཁྲི་ཕྱོགས་ཡོངས་ནས་ལག་ལེན་བསྟར་རྒྱུ་མ་ཟད། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་བསྒྲུབ་རྒྱུ། དུས་རབས་གསར་པའི་ལས་བྱེད་པ་བཟང་པོའི་ཚད་གཞི་དང་མི་རིགས་ས་ཁུལ་གྱི་ལས་བྱེད་པའི“ཤིན་ཏུ་བཞིའི”བླང་བྱ་མཐའ་འཁྱོངས་བྱས་ཏེ་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པ་དང་དམངས་ལ་ཞབས་ཞུ། ཁྲིམས་སྐྱོང་གོང་བཀུར། དམངས་གཙོ་དར་སྤེལ། དཀའ་སྤྱད་འབད་སྒྲུབ་བཅས་ཀྱི་མི་དམངས་འཐུས་ཚོགས་ལས་དོན་གྱི་དཔུང་ཁག་ཅིག་གཏོད་རྒྱུར་ཤུགས་སྣོན་བརྒྱབ་ནས་ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཐུགས་བློ་བདེ་པོ་དང་། མི་རིགས་ཁག་གི་མང་ཚོགས་བློ་ཡིད་ཚིམ་པའི་ཆབ་སྲིད་ལས་ཁུངས་དང་། རྒྱལ་ཁབ་ཀྱི་དབང་ཆའི་ལས་ཁུངས། ལས་དོན་ལས་ཁུངས། འཐུས་མིའི་ལས་ཁུངས་བཅས་འཛུགས་གཏོད་ཧུར་ཐག་བྱེད་རྒྱུ་ཡིན། 

    འཐུས་མི་རྣམ་པ། 

    འགན་འཁྲི་ཕྲག་ཏུ་འཁུར་བ་གཟི་བརྗིད་ཆེ། དམ་པ་དོན་གཉེར་ཐོག་ནས་འབྱུང་འགྱུར་གཏོད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ནས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག གཞུང་འཁྱོངས་གསར་འབྱེད་དང་། ཐེག་པ་ཁུར་ལེན་དང་ལས་རྗེས་འཇོག་པའི་ཐོག་ནས་དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ཀྱི་ལས་ཀའི་རྣམ་པ་གསར་པ་ཧུར་ཐག་བཏོད་དེ་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུ་ཡིན།

    (རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པའི་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང) 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།