ཉིན་ཤས་གོང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་རང་སྐྱོང་ལྗོངས་སྲིད་གཞུང་གི་ཏང་ཙུའི་ཧྲུའུ་ཅི་ཡན་ཅིན་ཧའེ་ཡིས་སྲིད་གཞུང་གི་ཏང་ཙུའི(རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་དུས་གནང་བའི་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སོགས་བརྒྱུད་བསྒྲགས་དང་སློབ་སྦྱོང་གནང་བ་དང་། ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་བཀོད་སྒྲིག་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་བླང་བྱ་ལྟར་སྲིད་གཞུང་ཁོངས་གཏོགས་ཀྱི་ལག་བསྟར་དོན་འཁྱོལ་ལས་དོན་ལ་ཞིབ་འཇུག་ཀྱང་གནང་བ་རེད།
ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག་གནང་བའི་གསུང་བཤད་གལ་ཆེན་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བཅས་ནི་གཟིགས་རྒྱང་རིང་བ་དང་། དགོངས་པ་གཏིང་ཟབ་པ། ནང་དོན་ཕུན་སུམ་ཚོགས་པ་བཅས་ཡོད། ང་ཚོས་བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱའི་ཐོག་གཅིག་གྱུར་ཡོང་བ། “དོན་ཆེན་བཞི”དང“འགན་ལེན་བཞིར”དམིགས་པ། “འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞི”གཏན་འཁེལ་བཅས་བྱས་ཏེ་ཏང་གི་ལོ་རྒྱུས་སྦྱོང་བ་དང་། དགོངས་དོན་རྟོགས་པ། བྱ་བ་དངོས་སྒྲུབ་པ། རྣམ་པ་གསར་པ་གཏོད་པ་བཅས་སྔར་བས་བྱེད་དགོས། ཕྱོགས་ཡོངས་ནས་ཚད་གཞི་དང་ཡང་ཡང་བསྡུར་བ་དང“འགག་རྩའི་ཉུང་ཤས”ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ་ཏང་གི་ལོ་རྒྱུས་ཁྲོད་ནས་བསམ་པའི་གོ་རྟོགས་འཕེལ་བ་དང་། ཡིད་ཆེས་དང་འཐབ་སེམས་ཆེ་རུ་འགྲོ་བ། ཉམས་མྱོང་དང་འཇོན་ཐང་སྦྱོང་བ་བཅས་བྱེད་དགོས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས་ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་རྒྱུ་མཐའ་འཁྱོངས་དང་། ལས་འགན་ཁག་དོན་འཁྱོལ་ཏན་ཏིག་དང་། དོན་འཁྱོལ་ཞིབ་ཚགས། དོན་འཁྱོལ་གནད་འཁེལ་བཅས་ཡོང་བར་སྐུལ་འདེད་ཏན་ཏིག་བཏང་སྟེ་བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས།
ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། ཀྲུང་ཧྭའི་རིག་གནས་ཀྱི་ལངས་ཕྱོགས་ཐོག་མཐའ་བར་གསུམ་དུ་བརྟན་པོ་བསྲུངས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་རིག་རྩལ་ལས་དོན་གྱི་བརྗོད་དོན་གཙོ་བོ་དང་གཙོ་རྐང་དུ་བརྩི་བ་དང་། མི་དམངས་ལྟེ་བར་འཛིན་པའི་གསར་རྩོམ་གྱི་སྟོན་ཕྱོགས་མཐའ་འཁྱོངས་བྱེད་པ། དྲང་སྲུང་གསར་གཏོད་དང་རྙིང་དོར་གསར་འབྱེད་བཅས་བྱས་ཏེ་རིག་རྩལ་གྱི་བརྩམས་ཆོས་རྩེ་གྲ་དང“བོད་ཀྱི་རྩེར་སོན་བརྩམས་ཆོས”དེ་བས་མང་བ་འདོན་དགོས། བརྟན་ཐོག་ཡར་འཕེལ་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས“བརྟན་པོ་དྲུག”དང“འགན་ལེན་དྲུག”གི་ལས་དོན་ཏན་ཏིག་སྒྲུབ་དགོས། སྒྱུར་བཅོས་ལ་སྐུལ་འདེད་དང་སྒོ་དབྱེ་འབྱེད་རྒྱ་ཆེ་རུ་བཏང་ནས“རྒྱུད་གཅིག་ལམ་གཅིག”མཉམ་བསྐྲུན་ནང་མཉམ་འདྲེས་གཏིང་ཟབ་ཐུབ་པར་བྱས་ཏེ་ནེ་པ་ལར་རོགས་སྐྱོར་དང་མཉམ་ལས་བྱེད་ཟབ་ཏུ་གཏོང་དགོས། སྐྱེ་ཁམས་ལ་དམ་འཛིན་དང་མཐོ་ས་བཙུགས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་ཡོངས་ནས་ལྗང་མདོག་ཏུ་འགྱུར་བར་སྐུལ་འདེད་གཏོང་དགོས། ཆབ་སྲིད་ཀྱི་ཁ་ཕྱོགས་འཕྱུགས་མེད་དང་། ཆབ་སྲིད་ཀྱི་རང་མདངས་ནམ་ཡང་གནས་པ། འགན་འཁྲི་འཁུར་སེམས་མངོན་པ། མཐའ་ཚད་བརྟན་པོ་སྲུང་བ། སློབ་གསོ་བཅོས་སྒྲིག་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས་ཆབ་སྲིད་ཀྱི་བྱང་ཚད་མཐོ་བ་དང་། ལས་སྒོ་བྱང་ཆུབ་པ། འགན་འཁྲི་ཐེག་ཐུབ་པ། སྒྲིག་ཁྲིམས་ནན་པ། སྤྱོད་ཚུལ་ལེགས་པ་བཅས་ཀྱི་སྤྱི་བདེ་དང་ཁྲིམས་འཛིན་གྱི་དཔུང་ཁག་ཧྲག་པོ་ཞིག་ནུས་ཤུགས་ཡོད་རྒུས་གཏོད་དགོས། དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་བཏང་ནས་གཞི་རིམ་གྱི་རྨང་གཞི་བརྟན་དུ་གཏོང་བ་དང་། ལས་བྱེད་པའི་དཔུང་ཁག་སྟོབས་ཆེར་གཏོང་བ། ཡིག་བསྐུར་ངོ་བཅར་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་དམངས་ཀྱི་གནས་ཚུལ་ཤེས་རྟོགས་དང་། དམངས་ཀྱི་བློ་གྲོས་གཅིག་སྡུད། དམངས་ཀྱི་ཁེ་ཕན་སྲུང་སྐྱོབ། དམངས་སེམས་གཅིག་སྒྲིལ་བཅས་དེ་བས་ལེགས་པར་བྱེད་དགོས། ཁྲོམ་ར་ཅན་གྱི་སྒྱུར་བཅོས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་ཆུ་ཚད་མཐོ་བའི་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་སྟེ་བོད་ཀྱི་ཁྱད་ཆོས་ལྡན་པའི་སྒྱུར་བཅོས་བྱེད་ཐབས་དེ་བས་མང་བ་བཏོན་ནས་བློ་བརྟན་འགྱུར་མེད་ངང་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་མཐོ་ས་གསར་པ་གཏོད་དགོས།