དབུ་ཤོག>སྲིད་དོན།
  • འཐབ་ཕྱོགས་ཁག་གི་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོ་ཚོས་སྒེར་སེམས་མེད་པར་དཀའ་སྤྱད་ཀྱིས་ལས་དོན་སྒྲུབ་པར་ཐུགས་རྗེ་ཆེ་ཞུས་པ་དང་མི་རིགས་ཁག་གི་མི་དམངས་མང་ཚོགས་དཔྱིད་གསར་སྤྲོ་པོ་ཡོང་བ་དང་བདེ་སྐྱིད་ཁམས་བཟང་ཡོང་བའི་སྨོན་འདུན་ཞུས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-02-03

    2c0beadc-cec6-4ddc-8e13-f6dcc55b082d.jpg.jpg

    དཔྱིད་གསར་དུས་ཆེན་འཆར་ཉེའི་མཚམས་སུ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལས་གནས་བརྟན་སྲུང་བྱེད་མཁན་ངལ་རྩོལ་པ་དང་ལས་རེས་ལས་སྒྲུབ་བྱེད་མཁན་ལ་གཟིགས་པ་དང་འབྲེལ་འཚམས་འདྲི་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་ལྷ་ས་གྲོང་ཁྱེར་གྱི་རྡོ་སེང་གེ་དཀྱིལ་ལམ་དུ་ཕེབས་ནས་གྲང་ངར་ལ་མ་འཛེམས་པར་ངལ་རྩོལ་བྱེད་མཁན་ཁོར་ཡུག་གཙང་སྦྲའི་བཟོ་པར་བྱམས་བརྩེའི་ངང་འཚམས་འདྲི་ཞུས་པ་དང་སྦྲགས་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་ཡང་ཞུས་པ།

    དཔྱིད་གསར་དུས་ཆེན་འཆར་ཉེའི་མཚམས་སུ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ལྷ་ས་གྲོང་ཁྱེར་གྱི་རྡོ་སེང་གེ་དཀྱིལ་ལམ་དང་། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་གནའ་གྲོང་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའུ། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིའི་བཀོད་གཏོང་ལྟེ་གནས་བཅས་སུ་ཕེབས་ཏེ། ལས་གནས་བརྟན་སྲུང་བྱེད་མཁན་ངལ་རྩོལ་པ་དང་ལས་རེས་ལས་སྒྲུབ་བྱེད་མཁན་ལ་འཚམས་འདྲི་གནང་ཞིང་། ཁོང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས་བཅས་ཀྱི་ཚབ་ཞུས་ནས། ལྗོངས་ཡོངས་ཀྱི་རྒྱ་ཆེའི་མི་དམངས་ལ་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་བཟང་པོ་ཞུས་པ་མ་ཟད། ལྗོངས་ཡོངས་ཀྱི་ལས་གནས་བརྟན་སྲུང་བྱེད་མཁན་ལས་བྱེད་པ་དང་ལས་བཟོར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཡང་ཞུས་པ་རེད།

    འཆམ་མཐུན་དང་སྤྲོ་སྣང་ལྡན་པའི་དུས་ཆེན་ཞིག་གཏོང་བར་ལས་གནས་བརྟན་སྲུང་བྱེད་མཁན་ཚོས་སྐད་གྲགས་མེད་པར་ལེགས་སྐྱེས་འབུལ་བ་དང་ཁ་འབྲལ་ཐབས་མེད། “ཕ་ཡུལ་གང་ནས་ཡིན་ནམ། ཁྱིམ་དུ་མི་ག་ཚོད་ཡོད་དམ” “ལོ་གསར་གྱི་གྲ་སྒྲིག་ཚར་སོང་ངམ” ཝང་ཅུན་ཀྲེང་ལྷ་ས་གྲོང་ཁྱེར་གྱི་རྡོ་སེང་གེ་དཀྱིལ་ལམ་དུ་ཕེབས་ཏེ། གྲང་ངར་ལ་མ་འཛེམས་པར་ལས་ཀ་བྱེད་བཞིན་པའི་ཁོར་ཡུག་གཙང་སྦྲའི་བཟོ་པར་དཔྱིད་གསར་དུས་ཆེན་ལ་ཟོལ་མེད་ཀྱི་སྨོན་འདུན་ཞུས་པ་རེད། ཝང་ཅུན་ཀྲེང་གིས་རྒྱ་ཆེའི་ཁོར་ཡུག་གཙང་སྦྲའི་བཟོ་པ་ཚོས་ལོ་མང་རིང“རང་ཉིད་ཀྱི་ལག་གཉིས་དང་གྱོན་ཆས་བཙོག་པ་ཆགས་ཀྱང་ཁྱིམ་ཚང་ཁྲི་སྟོང་མང་པོ་གཙང་སྦྲ་ལྡན་པར་བྱེད་པའི”ཁོར་ཡུག་འཕྲོད་བསྟེན་གྱི་སྙིང་སྟོབས་དར་སྤེལ་བཏང་སྟེ། ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་གྲོང་ཁྱེར་མཛེས་བཟོ་དང་རྒྱ་ཆེའི་གྲོང་མི་ཚོར་འཚོ་བའི་ཁོར་ཡུག་གཙང་མ་ཞིག་གཏོད་བཞིན་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྔར་རྒྱུན་བཞིན་ཁོར་ཡུག་འཕྲོད་བསྟེན་ལས་དོན་ལ་སེམས་ཁུར་དང་མཐོང་ཆེན་བྱས་ནས། ཁོར་ཡུག་གཙང་སྦྲའི་བཟོ་པ་ཚོའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱས་ཏེ་ཁོང་ཚོར་ལས་ཀའི་ཁོར་ཡུག་ཡག་པོ་གཏོད་དགོས་པ་མ་ཟད། སྤྱི་ཚོགས་ཡོངས་ཀྱིས་བྱ་སྤྱོད་ལ་བརྟེན་ནས་དྲོ་སྐྱིད་སྦྱིན་ཏེ་ཁོར་ཡུག་གཙང་སྦྲའི་ལས་ཀ་དར་སྤེལ་དང་། ཁོར་ཡུག་གཙང་སྦྲའི་བཟོ་པར་སེམས་ཁུར། ཁོར་ཡུག་གཙང་སྦྲའི་གྲུབ་འབྲས་ལ་བརྩི་འཇོག་བཅས་ཀྱི་དར་སྲོལ་བཟང་པོ་ཆགས་པར་བྱས་ནས། གྲོང་ཁྱེར་དེ་བས་མཛེས་སྡུག་ཡུན་རིང་དང་། དེ་བས་འཆམ་མཐུན། དེ་བས་ཤེས་དཔལ་བཅས་ལྡན་པར་བྱེད་དགོས་ཞེས་གསུངས་པ་རེད།

    ཝང་ཅུན་ཀྲེང་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་གནའ་གྲོང་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའུ་དང་གཙུག་ལག་ཁང་ཐང་ཆེན་གྱི་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་སུ་ཕེབས་ཏེ། ལས་རེས་ལས་སྒྲུབ་མི་དམངས་ཉེན་རྟོག་པ་རེ་རེ་བཞིན་ལ་ཕྱག་བཏང་ནས། རྒྱ་ཆེའི་འཐབ་ས་དང་པོའི་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད། ཝང་ཅུན་ཀྲེང་གིས། རྒྱ་ཆེའི་བརྟན་ལྷིང་སྲུང་སྐྱོང་འཐབ་ཕྱོགས་ཀྱི་བློ་མཐུན་ཚོས་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་ཀྱི་བདེ་འཇགས་ཆེད་དུ་ལས་གནས་བརྟན་སྲུང་དང་། འབད་འཐབ་བསྟུད་མར་བྱེད་པ། ཁྱིམ་ཆུང་དོར་ནས་ཁྱིམ་ཆེན་སྐྱོང་བ་ལས་ཁྱིམ་ཚང་དང་རྒྱལ་ཁབ་ལ་བཅངས་པའི་བརྩེ་སེམས་ཟབ་མོ་དང་འགན་འཁྲི་འཁུར་སེམས་ཆེན་པོ་མངོན་གྱི་ཡོད་ལ། ལྗོངས་ཡོངས་ཀྱི་སྤྱི་ཚོགས་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱས་ཡོད་ཅེས་གསུངས་པ་རེད། ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། དཔྱིད་གསར་དུས་ཆེན་འཆར་ཉེར་ཡོད་པས། བཀྲ་ཤིས་ཉིན་མོ་སླེབས་ནའང་ལས་རེས་དེ་བས་ཡག་པོ་བྱེད་པ་དང་ཚང་མས་ལེགས་སྐྱེས་མང་ཙམ་ཕུལ་ཚེ། སྤྱི་ཚོགས་དེ་བས་བདེ་འཇགས་དང་མི་དམངས་མང་ཚོགས་དེ་བས་བདེ་སྐྱིད་ལྡན་པ་ཞིག་ཡོང་སྲིད། རྒྱ་ཆེའི་ལས་རེས་ལས་སྒྲུབ་མི་སྣས་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་མུ་མཐུད་དར་སྤེལ་གཏོང་བ་དང་། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་ཏན་ཏིག་གཏོང་བ། བརྟན་ལྷིང་སྲུང་སྐྱོང་གི་ལས་འགན་ཨང་དང་པོར་བརྩི་རྒྱུ་མཐའ་འཁྱོངས། ཉེན་བརྡ་རྒྱུན་སྒྲོག་དང་རྟག་ཏུ་དོགས་ཟོན། སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ། མཐའ་ཚད་ཀྱི་བསམ་བློ་མཐའ་འཁྱོངས། སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། མི་རིགས་ཁག་གི་མང་ཚོགས་ལ་དུས་བདེ་འཆམ་མཐུན་གྱི་དཔྱིད་གསར་དུས་ཆེན་ཞིག་གཏོང་རྒྱུ་ཡོང་བའི་འགན་ལེན་བྱེད་དགོས།

    དུས་ཆེན་རིང་ལྗོངས་ཡོངས་ཀྱི་གློག་ཤུགས་མཁོ་འདོན་འགན་ལེན་བྱ་ཆེད། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིས་གོ་རིམ་ལྡན་པའི་ངང་གློག་མཁོ་འདོན་འགན་ལེན་ལས་དོན་ལ་བཀོད་སྒྲིག་ཞིབ་ཚགས་བྱེད་བཞིན་ཡོད་པ་དང་། འཕྲལ་སྡོམ་མཁོ་སྤྲོད་འགན་ལེན་གྱི་སྔོན་ཇུས་འཐུས་སྒོ་ཚང་དུ་བཏང་ཡོད། ཝང་ཅུན་ཀྲེང་བཀོད་གཏོང་ལྟེ་གནས་སུ་ཕེབས་ནས། གློག་དྲ་བཀོད་གཏོང་འཁོར་སྐྱོད་དང་གློག་ཤུགས་མཁོ་སྤྲོད་སོགས་ཀྱི་ལས་དོན་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་། རྒྱལ་ཁབ་གློག་དྲ་ཀུང་སིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་དཔྱིད་གསར་དུས་ཆེན་རིང་གི་གློག་གཏོང་འགན་ལེན་གྱི་ལས་དོན་ལ་ཐུགས་ཁུར་ཆེན་པོ་གནང་བ་དང་བོད་ཀྱི་ནུས་རྒྱུའི་གྲུབ་ཆ་ལེགས་སུ་གཏོང་བ་སོགས་ཀྱི་གནས་ཚུལ་ལ་དོ་སྣང་ཆེན་པོ་གནང་གི་ཡོད། ཁོང་གིས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་བ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞབས་འདེགས་ཞུ་བ་དང་མཉམ་འདྲེས་ཐུབ་པ། ནུས་རྒྱུའི་གྲུབ་ཆ་ལེགས་སྒྲིག་དང་ལེགས་སུ་གཏོང་བར་སྐུལ་འདེད་གཏོང་བ། བོད་ཀྱི་ནུས་རྒྱུ་གཙང་མའི་ཐཱན་ཉུང་ཕྱོགས་སྒྱུར་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བ། གློག་དྲའི་འགན་འཁྲི་མཐའ་གཅིག་ཏུ་ཁུར་ཏེ་ནུས་རྒྱུ་ཐོན་སྐྱེད་དང་། མཁོ་སྤྲོད། གྲབས་གསོག ཕྱིར་ཚོང་བཅས་ཀྱི་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་ཡོངས་ཀྱི་གཅིག་གྱུར་གློག་ཤུགས་ཁྲོམ་རར་ཧུར་ཐག་ཞུགས་པ། གློག་མཁོ་འདོན་འགན་སྲུང་དང་བཀོད་གཏོང་ལ་ཤུགས་སྣོན་བརྒྱབ་སྟེ། མཁོ་སྤྲོད་འདང་ངེས་དང་རིན་གོང་བརྟན་པོ་ཡོང་བའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད། ཝང་ཅུན་ཀྲེང་གིས། གློག་མཁོ་འདོན་ལས་དོན་དེ་དུད་ཚང་ཁྲི་སྟོང་མང་པོ་དང་འབྲེལ་བ་ཡོད་པས་ནུས་ཤུགས་ཡོད་རྒུས་བདེ་འཇགས་འགན་ལེན་དང་། གློག་མཁོ་འདོན་འགན་ལེན། དམངས་འཚོ་འགན་ལེན། གཙོ་གནད་འགན་ལེན་བཅས་བྱས་ཏེ་དམངས་འཚོའི་གློག་སྤྱོད་མཐའ་ཚད་མཐའ་གཅིག་ཏུ་སྲུང་བ་དང་གློག་ཤུགས་མཁོ་འདོན་འགན་ལེན་གྱི་ལས་དོན་ཏན་ཏིག་བསྒྲུབས་ནས། མི་དམངས་མང་ཚོགས་དྲོ་སྐྱིད་ལྡན་པའི་ངང་དགུན་སྒྲོལ་ཐུབ་པ་དང་དགའ་སྤྲོའི་ངང་ལོ་གསར་གཏོང་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།