དབུ་ཤོག>སྲིད་དོན།
  • ལས་གནས་བརྟན་པོར་སྲུང་མཁན་ངལ་རྩོལ་བར་དུས་ཆེན་གྱི་འཚམས་འདྲི་དང་སྨོན་འདུན་ཞུས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-02-01

    ཏང་དང་སྲིད་གཞུང་གི་ཐུགས་ཁུར་ཟབ་མོ་འཆང་བཞིན། ཚེས་29ཉིན་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་ཚབ་ཞུས་ནས་དུས་ཆེན་རིང་ལས་གནས་བརྟན་པོར་སྲུང་མཁན་ལས་རེས་མི་སྣར་བྱམས་བརྩེའི་འཚམས་འདྲི་གནང་བ་དང་། ཚང་མས་དཀའ་སྤྱད་ལས་སྒྲུབ་དང་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ། འཐབ་ཕྱོགས་ཁག་ཏུ་འབད་འཐབ་བྱེད་མཁན་རྒྱ་ཆེའི་ལས་བྱེད་ལས་བཟོ་དང་ངལ་རྩོལ་བར་དཔྱིད་གསར་དུས་ཆེན་གྱི་འཚམས་འདྲི་དང་སྨོན་འདུན་ཞུས་པ་རེད།

    རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཐང་མིང་དབྱིང་དང་རྒྱ་མཚོ་ལྷ་མོ་ཚོགས་འདུར་ཞུགས་པ་རེད།

    “ལོ་གསར་བཀྲ་ཤིས་བདེ་ལེགས” རྒྱལ་ཁབ་གློག་དྲ་ལྷ་ས་གློག་འདོན་ཀུང་སི་གྲོང་ཁུལ་གློག་འདོན་ཞབས་ཞུ་ལྟེ་གནས་དང་ལྷ་ས་གྲོང་ཁྱེར་སེམས་སྐྱིད་འབར་རླངས་ཚ་ཤུགས་ཚད་ཡོད་ཀུང་སིར། ཡན་ཅིན་ཧའེ་ཡིས་ལས་རེས་མི་སྣར་དཀར་གཙང་མཇལ་དར་བསྒྲོན་ནས་སྨོན་འདུན་བཟང་པོ་ཞུས་པ་དང་འབྲེལ་གློག་ཤུགས་འབར་རླངས་འགན་ལེན་དང་བདེ་འཇགས་ཐོན་སྐྱེད་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས་ཚང་མས་དུས་ཆེན་རིང་ལས་གནས་བརྟན་པོར་བསྲུངས་ཏེ་ཁྱིམ་ཆུང་དོར་ནས་ཁྱིམ་ཆེན་སྐྱོང་བ་དང་། སྐད་གྲགས་མེད་པར་ལེགས་སྐྱེས་འབུལ་བ།རང་ཉིད་ཀྱི་དཀའ་སྤྱད་དང་རྔུལ་ཆུར་བརྟེན་ནས་མང་ཚོགས་ཀྱི་བདེ་སྐྱིད་སྟོན་གྲངས་བརྩོན་ལེན་བཅས་བྱས་ཡོད་པས། ཁྱེད་ཚོར་གུས་འདུད་ཞུ། ཚང་མས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས་བདེ་འཇགས་ཐོན་སྐྱེད་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ་དང་། བདེ་འཇགས་དོགས་ཟོན་བྱེད་ཐབས་ཁག་དོན་འཁྱོལ། མཁོ་སྤྲོད་ཀྱི་འགྱུར་ལྡོག་ལ་ཁ་གཏད་ཧུར་ཐག་གཅོག་པ་བཅས་བྱས་ཏེ། དུས་ཆེན་རིང་ཆུ་དང་། གློག འབར་རླངས་སོགས་དམངས་འཚོའི་མཁོ་སྤྲོད་བདེ་འཇགས་འགན་ལེན་བྱས་ནས་མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བའི་རེ་བ་ཡོད་ཅེས་གསུངས་པ་རེད།

    ལྷ་ས་གྲོང་ཁྱེར་སྤྱི་སྤྱོད་རླངས་འཁོར་གཉེར་སྐྱོང་ཚད་ཡོད་ཀུང་སིར་ད་ཡོད་ཀྱི་སྤྱི་སྤྱོད་རླངས་འཁོར་560ལྷག་ཙམ་ཡོད་པ་དང་། ཉིན་རེར་ཆ་སྙོམས་རླངས་འཁོར་ཐེངས་4210བཏང་ནས་ཉིན་རེར་འགྲུལ་པ་སྐྱེལ་ཚད་མི་ཐེངས་ཁྲི་18ཟིན་གྱི་ཡོད། ཀུང་སིའི་བཀོད་གཏོང་ལྟེ་གནས་སུ་ཡན་ཅིན་ཧའེ་ཡིས་ལས་རེས་མི་སྣ་ཚོ་རེ་རེ་བཞིན་ལ་ཕྱག་བཏང་སྟེ། ཚང་མར་སྨོན་འདུན་དང་འཚམས་འདྲི་ཞུས་པ་དང་འབྲེལ་དུས་ཆེན་རིང་སྤྱི་སྤྱོད་རླངས་འཁོར་འཁོར་སྐྱོད་སྐོར་གྱི་སྙན་སེང་གསན་པ་རེད། ཁོང་གིས་གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར་ནི་སྤྱི་པའི་ཞབས་འདེགས་གལ་ཆེན་ཞིག་རེད། ཚང་མའི་ལས་ཀ་གྲོང་ཁྱེར་འཕེལ་རྒྱས་དང་མི་རིགས་ཁག་གི་མང་ཚོགས་ཀྱི་ལས་ཀ་དང་འཚོ་བར་འབྲེལ་བ་དམ་ཟབ་ཡོད་པས། དཀའ་ཚེགས་ཧ་ཅང་ཆེ་ལ་གཟི་བརྗིད་ཀྱང་ཧ་ཅང་ཆེན་པོ་ཡོད། ཚང་མས་བདེ་འཇགས་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ཏེ། ཚན་རིག་དང་མཐུན་ལ་འོས་ཤིང་འཚམ་པའི་སྐྱེལ་འདྲེན་བཀོད་གཏོང་བྱེད་པ་དང་དམངས་ལ་སྟབས་བདེ་སྐྲུན་ཐབས་དེ་བས་མང་བ་སྤྱད་དེ། གྲོང་མིའི་བདེ་འཇགས་འགྲོ་སྐྱོད་ཀྱི་དགོས་མཁོ་དེ་བས་ལེགས་པར་སྐོང་བའི་རེ་བ་ཡོད་ཅེས་གསུངས་པ་རེད།

    དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ཉེའི་སྐབས་སུ། རྒྱ་ཆེའི་ལྕགས་ལམ་ལམ་སྐྱོང་རུ་མིས་སྔར་རྒྱུན་བཞིན་སྐོར་ཞིབ་དང་ཞིབ་བཤེར་ཞིབ་ཚགས་བྱས་ནས་ལྕགས་ལམ་བརྟན་སྲུང་བྱེད་བཞིན་ཡོད། སྣེའུ་ཁུལ་གསར་ལྕགས་ལམ་ལམ་སྐྱོང་མཉམ་འགོག་རུ་ཁག་མཚོ་བོད་རུ་འབྲིང་དང་པོར། ཡན་ཅིན་ཧའེ་ཡིས་ལམ་སྐྱོང་རུ་མི་ཚོའི་ཉལ་ཁང་དྲོ་པོ་ཡོད་མེད་ལ་གཟིགས་ཞིབ་ནན་ཏན་གནང་བ་དང་། ཁོ་ཚོའི་ལས་རེས་གྲ་སྒྲིག་དང་། མངོན་མེད་རྐྱེན་ངན་གྲལ་བཤེར། རྒྱུན་གཏན་འཚོ་བ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་མ་ཟད། ཁོ་ཚོས་ཡུན་རིང་དཀའ་སྤྱད་འབད་བརྩོན་བྱས་པར་ཐུགས་རྗེ་ཆེ་ཞུས་པ་དང་། ཚང་མར་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་མུ་མཐུད་དར་སྤེལ་བཏང་ནས། ལྕགས་ལམ་ཤར་གཏོང་དང་བདེ་འཇགས་བརྟན་ལྷིང་ལ་སྔར་རྒྱུན་བཞིན་སྲུང་སྐྱོང་ཡག་པོ་བྱེད་དགོས་པའི་ལྕག་སྐུལ་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།