དབུ་ཤོག>སྲིད་དོན།
  • བོད་རང་སྐྱོང་ལྗོངས་ཀྱི་2021ལོའི་སྔོན་རྩིས་དོན་འཁྱོལ་བྱས་ཚུལ་དང་2022ལོའི་སྔོན་རྩིས་འཆར་ཟིན་སྐོར་གྱི་སྙན་སྒྲོན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次仁曲珍   |     སྤེལ་དུས།  2022-01-28

    འཐུས་མི་རྣམ་པ།

    རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་བཀའ་མངགས་ལྟར། ད་ལྟ་བོད་རང་སྐྱོང་ལྗོངས་ཀྱི་2021ལོའི་སྔོན་རྩིས་དོན་འཁྱོལ་བྱས་ཚུལ་དང་2022ལོའི་སྔོན་རྩིས་འཆར་ཟིན་འདི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པར་ཕུལ་ནས་གྲོས་ཞིབ་གནང་རོགས་ཞུ་རྒྱུ་མ་ཟད། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་རྣམ་པ་དང་ཟུར་ཞུགས་རྣམ་པས་ཀྱང་དགོངས་འཆར་འདོན་རོགས་ཞུ་རྒྱུ་ཡིན།

    གཅིག 2021ལོའི་སྔོན་རྩིས་དོན་འཁྱོལ་བྱས་ཚུལ།

    2021ལོ་ནི། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་70འཁོར་བ་ཞིག་ཡིན་ཞིང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཡང་དག་འགོ་ཁྲིད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་ལྟ་སྐུལ་མཛུབ་ཁྲིད་བཅས་ཀྱི་འོག ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རྒྱུ་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུ་གཉིས་གཅིག་གྱུར་འཆར་འགོད་བྱས་ཏེ། “བརྟན་པོ་དྲུག”གི་ལས་དོན་ཏན་ཏིག་ཡག་པོ་བསྒྲུབས་པ་དང“འགན་སྲུང་དྲུག”གི་ལས་འགན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པ་དང་སྦྲགས། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པས་ཞིབ་བཤེར་ཆོག་མཆན་སྤྲད་པའི་སྔོན་རྩིས་ལག་བསྟར་ནན་པོ་བྱས་པར་བརྟེན་དུས་བཀག་ལྟར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱེད་རྒྱུ་དང་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་དེང་རབས་ཅན་གྱི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་བསྐྱོད་ཐུབ་པ་བྱུང་བ་དང“ལོ་ལྔ་ཚན་བཅུ་བཞི་པའི” འགོ་ཡག་པོ་འཛུགས་ཐུབ་པ་བྱུང་ཡོད་ཅིང་མདོར་ན་སྔོན་རྩིས་དོན་འཁྱོལ་བྱས་ཚུལ་སྤྱི་ཡོངས་ནས་ཡག་པོ་བྱུང་ཡོད།

    (གཅིག) 2021ལོའི་སྔོན་རྩིས་དོན་འཁྱོལ་བྱས་ཚུལ།

    1.སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས། ལྗོངས་ཡོངས་ཀྱི་ཡོང་འབབ་ཀྱི་སྤྱི་འབོར་སྒོར་དུང་ཕྱུར་2970ཡིན་ཞིང་། 11.5%འཕར་བ་དང་སྔོན་རྩིས་ཀྱི་141.3%ཡིན། དེའི་ནང་ས་གནས་ཀྱི་ཡོང་འབབ་སྒོར་དུང་ཕྱུར་213ཡིན་ཞིང་། 3.6%ཆག་པ་དང་སྔོན་རྩིས་ཀྱི་104.7%ཡིན། ཆག་པའི་རྒྱུ་རྐྱེན་གཙོ་བོ་ནི་ཁྲལ་རིན་གཉིས་གཅོག་དང་གནས་ཐང་འཕར་ཁྲལ་ཚབ་འཕྲི་ཁྲལ་སློག་གི་སྲིད་ཇུས་དོན་འཁྱོལ་བྱས་པའི་རྐྱེན་གྱིས་ཡིན་པ་དང་། དེའི་ཁར་ལོ་གོང་མར་ཐེངས་གཅིག་རང་ལ་མཛོད་འཇུག་བྱས་པ་མང་ཙམ་ཡོད་པའི་རྐྱེན་གྱིས་ཡིན། ཀྲུང་དབྱང་གི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་2146.7ཡོད་པ་དེ་ལོ་གོང་མ་དང་བསྡུར་ན་8.7%འཕར་ཡོད། སྤྱིར་བཏང་བུ་ལོན་གྱི་ཡོང་འབབ་སྒོར་དུང་ཕྱུར་104.2དང་། སྔོན་རྩིས་བརྟན་སྙོམས་ཐེབས་རྩ་ནས་བེད་སྤྱོད་བྱས་པ་དང་ལོ་གོང་མ་ནས་འཕྲོས་སྒྱུར་བྱས་པ་སོགས་སྒོར་དུང་ཕྱུར་506.1ཡིན། གཏོང་སྒོའི་སྤྱི་འབོར་སྒོར་དུང་ཕྱུར་2425.6ཡིན་ཞིང་། 0.9%འཕར་ཡོད་པ་དང་སྔོན་རྩིས་ཀྱི་115.4%ཡིན། དེའི་ནང་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར་2060.4ཡིན་ཞིང་6.8%ཆག་ཡོད། བུ་ལོན་གྱི་ངོ་འཇལ་གཏོང་སྒོ་སྒོར་དུང་ཕྱུར་41.6དང་། སྔོན་རྩིས་བརྟན་སྙོམས་ཐེབས་རྩ་སོགས་བཀོད་སྒྲིག་བྱས་པར་སྒོར་དུང་ཕྱུར་323.6ཡིན། གཏོང་ཡོང་མགོ་ཐུག་བཏང་རྗེས། ཕྱི་ལོར་འཕྲོས་སྒྱུར་བྱས་པ་སྒོར་དུང་ཕྱུར་544.4ཡིན། 

    རང་སྐྱོང་ལྗོངས་རིམ་པ་འདི་གའི་ཡོང་འབབ་ཀྱི་སྤྱི་འབོར་སྒོར་དུང་ཕྱུར་2657.5ཡིན་ཞིང་སྔོན་རྩིས་ཀྱི་147.6%ཡིན། དེའི་ནང་ས་གནས་ཀྱི་ཡོང་འབབ་སྒོར་དུང་ཕྱུར་28.5ཡིན་ཞིང་12.6%ཆག་པ་དང་སྔོན་རྩིས་ཀྱི་114%ཡིན། ཆག་པའི་རྒྱུ་རྐྱེན་གཙོ་བོ་ནི་ལོ་གོང་མར་ཆད་དངུལ་དང་གཞུང་བཞེས་ཀྱི་དངུལ་དང་ནགས་ཚལ་རྩི་ཤིང་སླར་གསོའི་གྲོན་དངུལ་སོགས་ཐེངས་གཅིག་རང་ལ་མཛོད་འཇུག་བྱས་པ་མང་ཙམ་ཡོད་པའི་རྐྱེན་གྱིས་ཡིན། ཀྲུང་དབྱང་གི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་2146.7ཡིན་ཞིང་ལོ་གོང་མ་དང་བསྡུར་ན་8.7%འཕར་ཡོད། སྤྱིར་བཏང་བུ་ལོན་གྱི་ཡོང་འབབ་སྒོར་དུང་ཕྱུར་104.2དང་། སྔོན་རྩིས་བརྟན་སྙོམས་ཐེབས་རྩ་ནས་བེད་སྤྱོད་བྱས་པ་དང་ལོ་གོང་མ་ནས་འཕྲོས་སྒྱུར་བྱས་པ་སོགས་སྒོར་དུང་ཕྱུར་378.1ཡིན། གཏོང་སྒོའི་སྤྱི་འབོར་སྒོར་དུང་ཕྱུར་2451.5ཡིན་ཞིང་སྔོན་རྩིས་ཀྱི་136.2%ཡིན། དེའི་ནང་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར་679.4ཡིན་ཞིང་19%འཕར་ཡོད། ས་གནས་དང་གྲོང་ཁྱེར་ལ་ཁ་གསབ་རོགས་དངུལ་སྤྲད་པ་སྒོར་དུང་ཕྱུར་1550.4ཡིན་པ་དང་། བུན་ལོན་གྱི་ངོ་འཇལ་གཏོང་སྒོ་སྒོར་དུང་ཕྱུར་11.3དང་སྐྱི་སྒྱུར་གཏོང་སྒོ་སྒོར་དུང་ཕྱུར་80.2ཡིན། སྔོན་རྩིས་བརྟན་སྙོམས་ཐེབས་རྩ་སོགས་བཀོད་སྒྲིག་བྱས་པར་སྒོར་དུང་ཕྱུར་130.2ཡིན། གཏོང་ཡོང་མགོ་ཐུག་བཏང་རྗེས། ཕྱི་ལོར་འཕྲོས་སྒྱུར་བྱས་པ་སྒོར་དུང་ཕྱུར་206ཡིན།

    2.སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས། ལྗོངས་ཡོངས་ཀྱི་ཡོང་འབབ་ཀྱི་སྤྱི་འབོར་སྒོར་དུང་ཕྱུར་122.5ཡིན་ཞིང་སྔོན་རྩིས་ཀྱི་164.6%ཡིན། དེའི་ནང་ས་གནས་ཀྱི་ཡོང་འབབ་སྒོར་དུང་ཕྱུར་46.1ཡིན་ཞིང་47.8%ཆག་ཡོད་པ་དང་སྔོན་རྩིས་ཀྱི་87.3%ཡིན། ཆག་པའི་རྒྱུ་རྐྱེན་གཙོ་བོ་ནི་ས་གནས་དང་གྲོང་ཁྱེར་གྱི་ས་ཆ་ནང་བཤུག་བཏང་བའི་ཡོང་འབབ་འབོར་ཆེན་ཞིག་ཉུང་དུ་སོང་བས་ཡིན། ཀྲུང་དབྱང་གི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་8.7དང་། ཆེད་དམིགས་བུ་ལོན་གྱི་ཡོང་འབབ་སྒོར་དུང་ཕྱུར་58.1 ལོ་གོང་མ་ནས་འཕྲོས་སྒྱུར་བྱས་པ་སྒོར་དུང་ཕྱུར་9.6བཅས་ཡིན། གཏོང་སྒོའི་སྤྱི་འབོར་སྒོར་དུང་ཕྱུར་84ཡིན་ཞིང་སྔོན་རྩིས་ཀྱི་112.9%ཡིན། དེའི་ནང་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར་81ཡིན་ཞིང་59.5%ཆག་ཡོད། སྒྱུར་འཐེན་མ་དངུལ་སོགས་སྒོར་དུང་ཕྱུར་3ཡིན། གཏོང་ཡོང་མགོ་ཐུག་བཏང་རྗེས། ཕྱི་ལོར་འཕྲོས་སྒྱུར་བྱས་པ་སྒོར་དུང་ཕྱུར་38.5ཡིན།

    རང་སྐྱོང་ལྗོངས་རིམ་པ་འདི་གའི་ཡོང་འབབ་ཀྱི་སྤྱི་འབོར་སྒོར་དུང་ཕྱུར་71.5ཡིན་ཞིང་སྔོན་རྩིས་ཀྱི་467.3%ཡིན། དེའི་ནང་ས་གནས་ཀྱི་ཡོང་འབབ་སྒོར་དུང་ཕྱུར་6.4ཡིན་ཞིང་43.3%ཆག་ཡོད། ཆག་པའི་རྒྱུ་རྐྱེན་གཙོ་བོ་ནི་མཐོ་ཟློས་མྱུར་ཕྱེ་རྣམ་པའི་རྒྱན་ཤོག་ཚོང་མཚམས་བཞག་རྐྱེན་རྒྱན་ཤོག་གི་སྤྱི་ཕན་མ་དངུལ་དང་འགྲེམས་སྤེལ་གྲོན་དངུལ་གྱི་ཡོང་འབབ་འབོར་ཆེན་ཉུང་དུ་སོང་བའི་རྐྱེན་གྱིས་ཡིན། ཀྲུང་དབྱང་གི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་8.7དང་། ཆེད་དམིགས་བུན་ལོར་གྱི་ཡོང་འབབ་སྒོར་དུང་ཕྱུར་58.1 ལོ་གོང་མ་ནས་འཕྲོས་སྒྱུར་བྱས་པ་སྒོར་དུང་ཕྱུར་1.3བཅས་ཡིན། གཏོང་སྒོའི་སྤྱི་འབོར་སྒོར་དུང་ཕྱུར་69.7ཡིན་ཞིང་སྔོན་རྩིས་ཀྱི་455.6%ཡིན། དེའི་ནང་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར་4.3ཡིན་ཞིང་12.2%ཆག་ཡོད། ས་གནས་དང་གྲོང་ཁྱེར་ལ་ཁ་གསབ་རོགས་དངུལ་སྤྲད་པ་སྒོར་དུང་ཕྱུར་7དང་། བུ་ལོན་སྐྱི་སྒྱུར་གྱི་གཏོང་སྒོ་སྒོར་དུང་ཕྱུར་57.1 སྒྱུར་འཐེན་མ་དངུལ་སྒོར་དུང་ཕྱུར་1.3བཅས་ཡིན། གཏོང་ཡོང་མགོ་ཐུག་བཏང་རྗེས། ཕྱི་ལོར་འཕྲོས་སྒྱུར་བྱས་པ་སྒོར་དུང་ཕྱུར་1.8ཡིན། 

    3. གཞུང་ཁོངས་མ་རྩ་གཉེར་སྐྱོང་གི་སྔོན་རྩིས། ལྗོངས་ཡོངས་ཀྱི་ཡོང་འབབ་ཀྱི་སྤྱི་འབོར་སྒོར་དུང་ཕྱུར་10.8ཡིན་ཞིང་སྔོན་རྩིས་ཀྱི་119.9%ཡིན། དེའི་ནང་གཞུང་ཁོངས་ཁེ་ལས་ཀྱིས་འཇལ་སྤྲོད་བྱས་པའི་ཡོང་འབབ་སྒོར་དུང་ཕྱུར་8.5ཡིན་ཞིང་70.1%འཕར་ཡོད། ལོ་གོང་མ་ནས་འཕྲོས་སྒྱུར་བྱས་པ་སྒོར་དུང་ཕྱུར་2.3ཡིན། གཏོང་སྒོའི་སྤྱི་འབོར་སྒོར་དུང་ཕྱུར་9.1ཡིན་ཞིང་སྔོན་རྩིས་ཀྱི་101%ཡིན། དེའི་ནང་གཞུང་ཁོངས་ཁེ་ལས་ཀྱི་མ་རྩ་ཐོ་འཇུག་བྱས་པ་སོགས་ཀྱི་གཏོང་སྒོ་སྒོར་དུང་ཕྱུར་6.5ཡིན་ཞིང་16.3%འཕར་ཡོད། སྒྱུར་འཐེན་བྱས་པའི་མ་དངུལ་སྒོར་དུང་ཕྱུར་2.6ཡིན། གཏོང་ཡོང་མགོ་ཐུག་བཏང་རྗེས། ཕྱི་ལོར་འཕྲོས་སྒྱུར་བྱས་པ་སྒོར་དུང་ཕྱུར་1.7ཡིན།

    རང་སྐྱོང་ལྗོངས་རིམ་པ་འདི་གའི་ཡོང་འབབ་ཀྱི་སྤྱི་འབོར་སྒོར་དུང་ཕྱུར་6.2ཡིན་ཞིང་སྔོན་རྩིས་ཀྱི་95.47%ཡིན། དེའི་ནང་གཞུང་ཁོངས་ཁེ་ལས་ཀྱིས་འཇལ་སྤྲོད་བྱས་པའི་ཡོང་འབབ་སྒོར་དུང་ཕྱུར་4ཡིན་ཞིང་35%འཕར་ཡོད། ལོ་གོང་མ་ནས་འཕྲོས་སྒྱུར་བྱས་པ་སྒོར་དུང་ཕྱུར་2.2ཡིན། གཏོང་སྒོའི་སྤྱི་འབོར་སྒོར་དུང་ཕྱུར་5.2ཡིན་ཞིང་སྔོན་རྩིས་ཀྱི་80.2%ཡིན། དེའི་ནང་གཞུང་ཁོངས་ཁེ་ལས་ཀྱི་མ་རྩ་ཐོ་འཇུག་སོགས་ཀྱི་གཏོང་སྒོ་སྒོར་དུང་ཕྱུར་3.9ཡིན་ཞིང་6.2%ཆག་ཡོད། སྒྱུར་འཐེན་བྱས་པའི་མ་དངུལ་སྒོར་དུང་ཕྱུར་1.3ཡིན། ཕྱི་ལོར་འཕྲོས་སྒྱུར་བྱས་པ་སྒོར་དུང་ཕྱུར་1ཡིན། 

    4.སྤྱི་ཚོགས་ཀྱི་འགན་བཅོལ་ཐེབས་རྩའི་སྔོན་རྩིས། ལྗོངས་ཡོངས་ཀྱི་ཡོང་འབབ་ཀྱི་སྤྱི་འབོར་སྒོར་དུང་ཕྱུར་255.4ཡིན་ཞིང་སྔོན་རྩིས་ཀྱི་116%ཡིན། དེའི་ནང་འགན་བཅོལ་ཞུ་གྲོན་གྱི་ཡོང་འབབ་སྒོར་དུང་ཕྱུར་196.9དང་། ནོར་སྲིད་ཀྱི་ཁ་གསབ་དང་སྐྱེད་ཀ་སོགས་ཡོང་འབབ་གཞན་དག་སྒོར་དུང་ཕྱུར་58.5ཡིན། གཏོང་སྒོའི་སྤྱི་འབོར་སྒོར་དུང་ཕྱུར་187ཡིན་ཞིང་སྔོན་རྩིས་ཀྱི་98%ཡིན། གཏོང་ཡོང་མགོ་ཐུག་བཏང་རྗེས་ལོ་དེའི་ལྷག་འཕྲོ་སྒོར་དུང་ཕྱུར་68.4དང་། ལོ་འཇུག་གི་རིམ་གསོག་ལྷག་འཕྲོ་སྒོར་དུང་ཕྱུར་466.7ཡིན། 

    གསལ་བཤད་བྱེད་དགོས་པའི་དོན་གནད་དེ། གཅིག་ནི་སྔ་ལོ་དང་བསྡུར་ན་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་དང་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་ཀྱི་འཕྲོས་སྒྱུར་བྱེད་རྒྱ་ཆེ་ཙམ་ཡིན། དེའི་རྒྱུ་རྐྱེན་གཙོ་བོ་ནི་ལོ་དེ་གའི་སྔོན་རྩིས་གཏོང་སྒོ་ཇི་མ་ཇི་བཞིན་དུ་མངོན་པ་དང་། སྔོན་རྩིས་བཟོ་འགོད་བྱེད་པའི་གཅིག་གྱུར་འཆར་འགོད་ཀྱི་བྱེད་ནུས་ཆེ་རུ་གཏོང་ཕྱིར། 《སྔོན་རྩིས་དོ་དམ་ལམ་ལུགས་སྔར་བས་བསྒྱུར་བཅོས་གཏིང་ཟབ་བྱེད་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར》(རྒྱལ་སྤེལ〔2021〕ཡིག་ཨང་5པ)ནང་གསལ་གཏན་འབེབས་བྱས་པར་2021ལོ་ནས་བཟུང་གྲོང་ཁྱེར་དང་རྫོང་རིམ་པའི་ནོར་སྲིད་ཀྱི་རྒྱལ་མཛོད་ནས་གཅིག་སྡུད་ཐོག་ལྷག་འཕྲོ་གཏོང་སྤྲོད་བྱེད་པ་དེ་འགན་དབང་ཐོན་པའི་ལམ་ལུགས་ལྟར་འགྲོ་སྒོ་བསྐྱར་དུ་གཏོང་རྒྱུ་ཡིན་ཞིང་ལོ་དེར་དངོས་སུ་བཏང་བའི་དངུལ་གྲངས་ལ་གཞིགས་ནས་གཏོང་སྒོ་མངོན་པར་བྱེད་པ་ལས། དངོས་སུ་གཏོང་དགོས་མ་བྱུང་བའི་མ་དངུལ་ཚང་མ་ཕྱི་ལོར་འཕྲོས་སྒྱུར་བྱེད་དགོས་པ་དེ་ཡིན། གཉིས་ནི་གོང་གསལ་སྔོན་རྩིས་དོན་འཁྱོལ་བྱས་ཚུལ་དེར་ནོར་སྲིད་པུའུ་ནས་ངེས་རྩིས་ཀྱི་མཆན་བཀོད་བཀའ་ལན་གནང་མཐར་འགྱུར་ལྡོག་ཡོང་སྲིད་པས་སྐབས་ཐོག་ཏུ་ཁྲིམས་བཞིན་མི་དམངས་འཐུས་ཚོགས་ལ་འབྲེལ་ཡོད་དོན་གནད་སྙན་སེང་ཞུ་རྒྱུ་ཡིན། 

    (གཉིས) ས་གནས་སྲིད་གཞུང་གི་བུན་ལོར་འགྲེམས་གཏོང་དང་བེད་སྤྱོད་བྱས་ཚུལ།

    ས་གནས་སྲིད་གཞུང་གི་སྤྱིར་བཏང་བུན་ལོར་སྒོར་དུང་ཕྱུར་104.2(གསར་བསྣན་བུན་ལོར་སྒོར་དུང་ཕྱུར་51དང་མ་དངུལ་བསྡུ་རྒྱུག་བསྐྱར་མའི་བུན་ལོར་སྒོར་དུང་ཕྱུར་53.2)དང་། ཆེད་དམིགས་བུན་ལོར་སྒོར་དུང་ཕྱུར་58.1(གསར་བསྣན་བུན་ལོར་སྒོར་དུང་ཕྱུར་48.1དང་མ་དངུལ་བསྡུ་རྒྱུག་བསྐྱར་མའི་བུན་ལོར་སྒོར་དུང་ཕྱུར་10)འགྲེམས་གཏོང་བྱས་ཤིང་། འགྲིམ་འགྲུལ་དང་། གྲོང་དོན། ཆུ་བེད་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱས་ཡོད། 2021ལོའི་ལོ་མཇུག་བར། ལྗོངས་ཡོངས་ཀྱི་ས་གནས་སྲིད་གཞུང་གི་བུན་ལོར་གྱི་བཅད་གྲངས་སྒོར་དུང་ཕྱུར་544.3(སྤྱིར་བཏང་གི་བུ་ལོན་སྒོར་དུང་ཕྱུར་397.3དང་ཆེད་དམིགས་ཀྱི་བུ་ལོན་སྒོར་དུང་ཕྱུར་157)དང་། ལྷག་འཕྲོ་སྒོར་དུང་ཕྱུར་495.7(སྤྱིར་བཏང་གི་བུ་ལོན་སྒོར་དུང་ཕྱུར་340.7དང་ཆེད་དམིགས་བུ་ལོན་སྒོར་དུང་ཕྱུར་155)ཡོད་ཅིང་ཉེན་ཁ་སྤྱིའི་ཆ་ནས་ཚོད་འཛིན་བྱེད་ཐུབ།

    (གསུམ) མི་དམངས་འཐུས་ཚོགས་ཀྱི་གྲོས་ཆོད་དོན་འཁྱོལ་བྱས་ཚུལ་དང་ནོར་སྲིད་ཀྱི་གཙོ་གནད་ལས་དོན་སྤེལ་ཚུལ།

    2021ལོར། ནོར་སྲིད་སྡེ་ཚན་གྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལྟེ་བའི་ལས་དོན་ལ་དམིགས་ནས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པའི་གྲོས་ཆོད་དང་གྲོས་ཞིབ་བསམ་འཆར་དོན་འཁྱོལ་ནན་པོ་བྱས་པ་དང་། འཕར་སྣོན་བརྟན་པོ་དང་ཉེན་ཁར་འགོག་ཟོན་བྱེད་པའི་དགོས་མཁོར་ཕན་ཚུན་ལྟ་རྟོགས་ཀྱིས་སྤུས་འབྲས་ལེགས་གཏོང་ཐད་ཕན་སྐྱེད་ཆེ་བའི་ནོར་སྲིད་སྲིད་ཇུས་ལག་བསྟར་བྱས་པ། ནོར་སྲིད་ཐོན་ཁུངས་གཅིག་གྱུར་འཆར་འགོད་བྱེད་རྒྱུར་ཤུགས་སྣོན་བརྒྱབ་པ་བཅས་ཀྱི་ཐོག་ནས་གཏོང་སྒོའི་གྲུབ་ཆ་ལེགས་སྒྲིག་དང་ལེགས་སྒྱུར་བྱེད་ཤུགས་སྔར་བས་ཆེ་རུ་བཏང་བར་བརྟེན་ནོར་སྲིད་ཀྱི་དོ་དམ་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་སོང་བ་དང་། ནོར་སྲིད་རྒྱུན་མཐུད་ངང་གོང་འཕེལ་ཡོང་བར་སྐུལ་འདེད་ཐུབ་ཡོད།

    1.སྤྱི་ཚོགས་ཁྱོན་ཡོངས་ཞི་མཐུན་བརྟན་ལྷིང་ཡོང་བར་རྒྱབ་སྐྱོར་བྱས་པ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ལས་དོན་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ཡོད། སྲིད་ཁྲིམས་ཀྱི་མ་དངུལ་སྒྱུར་སྤྲོད་དང་བགོ་འགྲེམས་ལམ་ལུགས་ཚགས་ཚུད་དུ་བཏང་སྟེ་སྲིད་ཁྲིམས་སྡེ་ཚན་གྱི་ལས་སྒོའི་གྱོད་གཞི་གཉེར་སྒྲུབ་དང་། ཁྲིམས་འཛིན་གྱི་རོགས་སྐྱོབ། ཁྲིམས་ལུགས་ཀྱི་རོགས་སྐྱོར། ཤེས་ལྡན་པ་གསོ་སྐྱོང་སོགས་བྱེད་པའི་ཐད་གཅིག་གྱུར་འཆར་འགོད་ཀྱིས་རྒྱབ་སྐྱོར་བྱས་པར་བརྟེན་སྲིད་ཁྲིམས་ལས་ཁུངས་ཀྱི་འགན་སྒྲུབ་ནུས་པ་ཆེ་རུ་སོང་ཡོད། སྤྱི་བདེ་ལས་ཁུངས་ཀྱི་སྤྱི་སྤྱོད་འགྲོ་གྲོན་འགན་སྲུང་བྱེད་པའི་ཚད་གཞི་འཐུས་སྒོ་ཚང་དུ་བཏང་བ་དང་། ཁྲིམས་ལུགས་ཁྱབ་གདལ་གཏོང་བའི་འགྲོ་གྲོན་ཚད་གཞི་མཐོ་རུ་བཏང་བ། ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གི་ནོར་དོན་ལ་གཅིག་གྱུར་དོ་དམ་བྱེད་པར་བརྟན་པོའི་ངང་སྐུལ་འདེད་བཏང་བ། དགོན་སྡེའི་ནོར་ཁྲལ་ལ་ལྟ་སྡོམ་བྱེད་པའི་ཁེབས་ཚད་དེ་30%ཟིན་ཞིང་། དགོན་སྡེ་གཙོ་གྲས་ལ་ཡོངས་སུ་ཁེབས་ཐུབ་པ་བྱུང་ཡོད། ཏང་དབུ་བརྙེས་ནས་ལོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་འགྲོ་གྲོན་འགན་སྲུང་ཡག་པོ་བྱས་ཡོད། 

    2.རྨང་གཞིའི་སྒྲིག་བཀོད་རྒྱུན་མཐུད་ངང་ལེགས་སུ་གཏོང་བར་རྒྱབ་སྐྱོར་བྱས་པ། གཞི་རྩའི་འཛུགས་སྐྲུན་གྱི་མ་འཇོག་སྒོར་དུང་ཕྱུར་193.7སྡེབ་རྩིས་སུ་བཀོད་སྒྲིག་བྱས་ནས་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་དང་། འཕྲོད་བསྟེན་དང་བདེ་ཐང་། རིག་གནས་ཡུལ་སྐོར་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་རྒྱུར་འགན་སྲུང་བྱས་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”གལ་ཆེའི་རྣམ་གྲངས་ལ་སྔོན་གྲབས་གྲོན་དངུལ་སྒོར་དུང་ཕྱུར་41.5བཀོད་སྒྲིག་བྱས་ཡོད། མ་དངུལ་སྒོར་དུང་ཕྱུར་246.1བཀོད་སྒྲིག་གིས་གཞུང་ལམ་བཟོ་སྐྲུན་བྱེད་པར་རྒྱབ་སྐྱོར་བྱས་ཡོད། ལྷ་ནག་མྱུར་བགྲོད་གཞུང་ལམ་བསྐྲུན་ཟིན་ནས་ཤར་གཏོང་ཐུབ་པ་དང་། ལྷ་གཞིས་མྱུར་བགྲོད་གཞུང་ལམ་ཡང་བཟོ་སྐྲུན་བདེ་བླག་བྱུང་ཡོད། ནུས་ཤུགས་ཡོད་རྒུས་གཞུང་ལམ་བདག་སྐྱོང་གི་འགྲོ་གྲོན་འགན་སྲུང་བྱས་ཡོད། “3+1”གི་གནམ་ཐང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་རྒྱབ་སྐྱོར་བྱས་ཡོད། མ་དངུལ་སྒོར་དུང་ཕྱུར་6.4བཀོད་སྒྲིག་བྱས་ནས་གསོ་རླུང་གཏོང་བའི་འཛུགས་སྐྲུན་དང་དྲོད་གཏོང་ལས་གཉེར་བྱེད་པར་རྒྱབ་སྐྱོར་བྱས་ཡོད།

    3.གྲོང་གསེབ་དར་རྒྱས་གཏོང་རྒྱུ་ལག་བསྟར་གཏིབ་ཟབ་བྱེད་པར་རྒྱབ་སྐྱོར་བྱས་པ། “མི་འདོར་བ་བཞིའི”བླང་བྱ་དོན་འཁྱོལ་ནན་པོ་བྱས་ནས་མ་དངུལ་སྒོར་དུང་ཕྱུར་153.8ཟླ་སྒྲིལ་བཏང་སྟེ་ཁྱད་ལྡན་ལེགས་ཆ་ཆེ་བའི་ཐོན་ལས་གོང་འཕེལ་གཏོང་བ་དང་། རྨང་གཞིའི་སྒྲིག་བཀོད་ཆུང་གྲས་འཛུགས་སྐྲུན་བྱེད་པ། གནས་སྤོས་དབུལ་སྐྱོར་གྱི་རྗེས་མཐུད་རོགས་སྐྱོར་བྱེད་པ་སོགས་ལ་རྒྱབ་སྐྱོར་བྱས་ཏེ། དབུལ་གྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དང་གྲོང་གསེབ་དར་རྒྱས་གཏོང་རྒྱུ་གཉིས་འབྲེལ་མཐུད་ནུས་ལྡན་བྱེད་པར་སྐུལ་སྤེལ་བཏང་ཡོད། དབུལ་གྲོལ་འགག་སྒྲོལ་སྲ་བརྟན་གཏོང་བའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ལས་གནས་ཁྲི་46.62བཀོད་སྒྲིག་བྱས་པས་ལོ་རེར་མི་རེའི་ཆ་སྙོམས་ངལ་རྩོལ་ཐོབ་ཆ་སྒོར་3500ཟིན་ཡོད། ཞིང་ལས་གོང་འཕེལ་གྱི་སྤུས་ཚད་མཐོ་རུ་གཏོང་བར་ནུས་ཤུགས་འདོན་རོགས་བྱས་ཏེ། གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་གོང་འཕེལ་གཏོང་རྒྱུ་དང་ཚད་གཞི་མཐོ་བའི་ཞིང་ཁ་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱས་པ་དང་སྦྲགས་གྲོང་གསེབ་ཀྱི་གསང་སྤྱོད་གསར་བརྗེ་བྱེད་པར་སྐུལ་འདེད་བཏང་ཡོད། གྲོང་གསེབ་ཀྱི་གཞི་རིམ་རྩ་འཛུགས་ཀྱི་ལས་གཉེར་འགྲོ་གྲོན་འགན་སྲུང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་གྲོང་ཚོའི་ལས་བྱེད་པའི་ཐོབ་ཐང་བརྟན་པོའི་ངང་མཐོ་རུ་བཏང་ཡོད།

    4.ཁྱད་ལྡན་ཐོན་ལས་སྐྱོན་བྲལ་ངང་གོང་འཕེལ་གཏོང་བར་རྒྱབ་སྐྱོར་བྱས་པ། ནས་དང་འབྲི་གཡག་གིས་འཐུས་ཚབ་བྱས་པའི་ཁྱད་ལྡན་ཞིང་འབྲོག་ལས་གོང་འཕེལ་གཏོང་བར་རྒྱབ་སྐྱོར་བྱས་ཡོད། ཡུལ་སྐོར་གོང་འཕེལ་གཏོང་བའི་ཆེད་དམིགས་མ་དངུལ་སྒོར་དུང་ཕྱུར་1.4བཀོད་སྒྲིག་བྱས་ནས་ལྗོངས་ཡོངས་ཀྱི་ཡུལ་སྐོར་ཐོན་ལས་སླར་གསོ་ཡག་པོ་ཡོང་རྒྱུར་སྐུལ་འདེད་བཏང་ཡོད། ཁེ་ལས་འབྲིང་ཆུང་གོང་འཕེལ་གཏོང་བའི་ཆེད་དམིགས་མ་དངུལ་དང“ས་གོ་ལའི་གླིང་སྣེ་གསུམ་པའི”ཁུལ་ཁོངས་ཀྱི་སྤྱི་པའི་གྲགས་རྟགས་གཏོད་རྒྱུ་དང་གོང་འཕེལ་གཏོང་རྒྱུའི་ཆེད་དམིགས་མ་དངུལ་བཙུགས་ཡོད། རང་སྐྱོང་ལྗོངས་རིམ་པའི་མ་དངུལ་བསྡུ་རྒྱུག་གི་ཁག་ཐེག་ཀུང་སི་བཙུགས་པ་དང་སྒོར་དུང་ཕྱུར་3གྱི་མ་དངུལ་བསྡུ་རྒྱུག་གི་ཉེན་ཁའི་སྐྱོང་གསབ་ཐེབས་རྩ་བཙུགས་ཏེ་ཕྲན་ཚེགས་ཁེ་ལས་དང་“ཞིང་གསུམ”གྱི་མ་དངུལ་བསྡུ་རྒྱུག་བྱེད་དཀའ་བ་དང་བསྡུ་རྒྱུག་གི་གོང་ཐང་ཆེ་བའི་གནད་དོན་ཆུང་དུ་བཏང་ཡོད། མཁའ་འགྲུལ་གྱི་དམངས་ཕན་སྤ་སེའི་རིན་གོང་དང་ཧྥུའུ་ཉུང་བདེ་ཐང་འཐུང་ཇ་ལ་ཁ་གསབ་སྤྲོད་པའི་སྲིད་ཇུས་ལག་བསྟར་བྱས་ཏེ། “སྟོན་དུས་ཅི་དགར་ཉོ་སྒྲུབ་བྱེད་དགུན་དུས་བོད་ལ་དྲོ་སྐྱིད་སྟེར”ཞེས་པའི་འཛད་སྤྱོད་ལ་སྐུལ་སྤེལ་གཏོང་བའི་བྱེད་སྒོ་སྤེལ་རྒྱུར་རྒྱབ་སྐྱོར་བྱས་ཡོད། ཚོང་དོན་གྱི་ཟོག་འགྲུལ་མ་ལག་ཐག་རིང་གྲོང་གསེབ་ལ་སྣུར་བསྲིང་བྱེད་རྒྱུར་སྐུལ་སྤེལ་བཏང་ཡོད། 

    5.དམངས་འཚོའི་བདེ་རྩ་རྒྱུན་མཐུད་ངང་ལེགས་བཅོས་ཡོང་བར་རྒྱབ་སྐྱོར་བྱས་པ། ནོར་སྲིད་ཀྱི་གཏོང་སྒོ་80%ཡན་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་པའི་ཐད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཡོད། ལས་ཞུགས་གཙོར་བཟུང་གི་སྲིད་ཇུས་དོན་འཁྱོལ་བྱས་པ། རིགས་འདྲ་མིན་གྱི་ལས་ཞུགས་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་24.2སྡེབ་རྩིས་ཐོག་བཀོད་སྒྲིག་གིས་ཐབས་བརྒྱ་ཇུས་སྟོང་གི་སྒོ་ནས་ལས་ཞུགས་བརྟན་པོ་དང་རྒྱ་སྐྱེད་བཏང་སྟེ། སློབ་ཆེན་ཐོན་པའི་སློབ་མ་ལས་ཞུགས་གང་ལེགས་དང་ལས་གནས་ཀྱི་སྤུས་ཚད་གང་མཐོ་ཡོང་རྒྱུར་སྐུལ་འདེད་བཏང་ཡོད། སྒྲིག་འཛུགས་ཡོད་པའི་སྒོ་ནས་གནས་སྒྱུར་ལས་ཞུགས་དང་རྩལ་ནུས་སྦྱོང་བརྡར་སྤྲོས་ཤུགས་ཆེ་རུ་བཏང་ནས་ཞིང་འབྲོག་མང་ཚོགས་རྒྱུན་མཐུད་ངང་ལས་ཞུགས་ཐུབ་ཁར་འབབ་འཕར་ཡོང་བར་སྐུལ་འདེད་བཏང་ཡོད། སློབ་གསོ་སྤུས་ཚད་མཐོ་བའི་གོང་འཕེལ་ཡོང་བར་སྐུལ་འདེད་བཏང་བ། ལོ་15ཡི་གཞུང་གྲོན་སློབ་གསོ་ལག་བསྟར་བྱས་ཡོད། རྫོང་ཁོངས་ཀྱི་འགན་བབས་སློབ་གསོའི་གཞི་རྩ་དོ་མཉམ་གོང་འཕེལ་གཏོང་རྒྱུར་ཚོད་སྐོར་དང་ཞིབ་བཤེར་རྩིས་ལེན་བྱས་ཡོད། འགན་བབས་སློབ་གསོའི་དུས་མཚམས་ཀྱི་སློབ་མའི་འཚོ་བཅུད་ལེགས་སུ་གཏོང་རྒྱུའི་ཚད་གཞི་དེ་ལོ་རེར་སློབ་མ་རེར་སྒོར་1000ལ་སྤར་ཡོད། བོད་ལྗོངས་ལག་རྩལ་པའི་སློབ་གླིང་འཛུགས་སྐྲུན་ཟིན་ནས་སློབ་འགོ་ཚུགས་པ་དང་། བོད་ལྗོངས་གསོ་རིག་སློབ་ཆེན་འཛུགས་སྐྲུན་བྱེད་རྒྱུར་བརྟན་པོའི་ངང་སྐུལ་འདེད་བཏང་ཡོད། དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུར་རྒྱབ་སྐྱོར་བྱས་ཏེ་སློབ་གསོའི་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་བྱེད་ཐབས་གཏིང་ཟབ་ཏུ་བཏང་ཡོད། འཕྲོད་བསྟེན་དང་བདེ་ཐང་ཐད་མ་དངུལ་འཇོག་ཤུགས་ཆེ་རུ་བཏང་བ། རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་ལས་དོན་ཡག་པོ་བསྒྲུབས་ནས་གཙོ་གནད་དུ་མཐའ་མཚམས་ས་ཁུལ་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་བ་དང་སྦྲགས། ཏོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་རིན་མེད་ཐོག་རྒྱག་རྒྱུ་ལག་བསྟར་བྱས་ཡོད། སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ། གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ཁ་གསབ་རོགས་དངུལ་གྱི་ཚད་གཞི་དེ་མི་རེར་ཆ་སྙོམས་སྒོར་100ལ་སྤར་ཡོད། གཞི་རིམ་འཕྲོད་བསྟེན་དང་བདེ་ཐང་གི་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་དང་སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་བྱེད་པར་རྒྱབ་སྐྱོར་བྱས་ཡོད། ཞིང་ཆེན་བརྒལ་ནས་ས་ཆ་གཞན་དུ་སྨན་བཅོས་བྱེད་རིགས་ལ་ཐད་ཀར་དུས་རྩིས་རྒྱག་རྒྱུར་སྐུལ་སྤེལ་བཏང་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་བྱེད་པར་ནོར་སྲིད་ནས་ཁ་གསབ་སྤྲོད་པའི་ཚད་གཞི་ལོ་རེར་མི་རེར་ཆ་སྙོམས་སྒོར་615ལ་སྤར་ཡོད། སྤྱི་ཚོགས་ཀྱི་འགན་སྲུང་བྱེད་ཚད་བརྟན་པོའི་ངང་གོང་མཐོར་བཏང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་གཞི་རྩའི་རྒན་གསོ་འགན་བཅོལ་གྱི་རྨང་གཞིའི་རྒན་གསོའི་མ་དངུལ་གྱི་ཚད་གཞི་ཟླ་རེར་མི་རེར་ཆ་སྙོམས་སྒོར་205ལ་སྤར་བ་དང་། ཁེ་ལས་ཀྱི་ལས་བྲལ་ལས་འཁྱུར་མི་སྣའི་གཞི་རྩའི་རྒན་གསོའི་མ་དངུལ་ཟླ་རེར་མི་རེར་ཆ་སྙོམས་སྒོར་5629ལ་སྤར་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་མ་མཐའི་འཚོ་བ་འགན་སྲུང་གི་ཚད་གཞི་ཁག་སོ་སོར་ལོ་རེར་མི་རེར་ཆ་སྙོམས་སྒོར་10920དང་5060ལ་སྤར་ཡོད། དམག་ཞབས་ཐིམ་པའི་དམག་མི་དང་རང་བརྟེན་ལས་གཏོད་བྱེད་མཁན་དམག་དཔུང་གི་ལས་བསྒྱུར་ལས་བྱེད་པ་བཀོད་སྒྲིག་བྱེད་རྒྱུར་འགན་སྲུང་བྱས་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་འགན་སྲུང་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་བྱེད་རྒྱུ་དང་གྲོང་གསེབ་ཀྱི་ཉེན་ཆེའི་ཁང་པ་བསྒྱུར་བཀོད་བྱེད་རྒྱུར་རྒྱབ་སྐྱོར་བྱས་ཡོད། རིག་གནས་ལུས་རྩལ་བྱ་གཞག་གོང་འཕེལ་གཏོང་བར་རྒྱབ་སྐྱོར་བྱས་པ། མ་མངུལ་སྒོར་དུང་ཕྱུར་9.4བཀོད་སྒྲིག་བྱས་ནས་རྫོང་(ཆུད)རིག་རྩལ་ཚོགས་པས་སྤྱི་ཕན་འཁྲབ་སྟོན་བྱེད་པ་དང་། གྲོང་ཚོ་རིམ་པའི་རིག་གནས་བྱེད་སྒོ་ཁང་འཛུགས་པ། “ཁང་གསུམ་ཚུགས་གཅིག”རིན་མེད་སྒོ་དབྱེ་བྱེད་པ་སོགས་ཀྱི་ཐད་རྒྱབ་སྐྱོར་བྱས་པ་དང་། རྫོང་རིམ་པའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་འཛུགས་པར་རྒྱབ་སྐྱོར་བྱས་ཡོད། རིག་དངོས་སྲུང་སྐྱོབ་བེད་སྤྱོད་དང་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་རྒྱུན་འཛིན་བྱེད་ཤུགས་ཆེ་རུ་གཏོང་བར་རྒྱབ་སྐྱོར་བྱས་པ་དང་། ས་མཐོའི་ལུས་རྩལ་བྱ་གཞག་གོང་འཕེལ་གཏོང་བར་རྒྱབ་སྐྱོར་བྱས་ཡོད།

    6.སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་དུ་གཏོང་བར་རྒྱབ་སྐྱོར་བྱས་པ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ལས་འགན་དང་འཚམ་པའི་གཏོང་ཆའི་འགན་སྲུང་ལམ་སྲོལ་ཟམ་མི་ཆད་པར་ཚགས་ཚུད་དང་འཐུས་སྒོ་ཚང་དུ་བཏང་སྟེ། སྐྱེ་ཁམས་བདེ་འཇགས་ཀྱི་མཐའ་ཚད་ཡག་པོ་བསྲུངས་ཡོད། མ་དངུལ་སྒོར་དུང་ཕྱུར་88.3བཀོད་སྒྲིག་བྱས་ནས་རེས་སྐོར་གསར་པའི་རྒྱལ་ཁོངས་ས་ཆ་སྔོ་སྒྱུར་གྱི་བྱ་སྤྱོད་སྤེལ་བ་དང་སྦྲགས། “གཙང་གཉིས་ཆུ་བཞི”རྒྱུག་ཁུལ་གྱི་ནགས་བཟོ་སྔོ་སྒྱུར་དང་། བྱེ་སྐྱོན་འགོག་བཅོས། རྩྭ་ཐང་གི་སྐྱེ་ཁམས་སླར་གསོ་བཅོས་སྐྱོང་། ཞན་འགྱུར་འདམ་ར་བཅོས་སྐྱོང་སོགས་བྱེད་པའི་གཙོ་གནད་ལས་གྲྭ་ལག་བསྟར་བྱས་པ་དང་། མཚོ་རྩིས་སྨི་4300མན་གྱི“འགྲམ་བཞིའི”ཤིང་འཛུགས་བྱེད་སྒོར་སྐུལ་འདེད་བཏང་བ། གཞིས་རྩེ་གྲོང་ཁྱེར་དེ་ཉིད་རྒྱལ་ཁབ་ཀྱི་རྒྱལ་ཁོངས་ས་ཆ་སྔོ་སྒྱུར་ཚོད་ལྟ་བྱེད་ཁོངས་སུ་བཅུག་པ། ལྷོ་ཁའི་ཡར་ཀླུང་གཙང་པོ་རྒྱུག་ཁུལ་གྱི་རི་ཆུ་ནགས་ཞིང་མཚོ་རྩྭ་བཅས་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་། སླར་གསོ། བཅོས་སྐྱོང་བྱེད་པར་རྒྱབ་སྐྱོར་བྱས་ཡོད། མ་དངུལ་སྒོར་དུང་ཕྱུར་27.9བཀོད་སྒྲིག་བྱས་ནས་ས་ཁད་ཧ་ཅང་མཐོ་བའི་སྐྱེ་ཁམས་སྲུང་སྐྱོང་གི་གནས་སྤོ་བྱེད་པར་རྒྱབ་སྐྱོར་བྱས་ཡོད། སྐྱེ་ཁམས་ཀྱི་ནུས་པ་ཐོན་ཁུལ་གཙོ་གྲས་ལ་སྒྱུར་སྤྲོད་མ་དངུལ་སྒོར་དུང་ཕྱུར་3བཀོད་སྒྲིག་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་དམངས་འཚོ་ལེགས་བཅོས་བྱེད་པའི་ཐད་གཙོ་གནད་དུ་བེད་སྤྱོད་བཏང་བ་དང་ལྷ་ས་གྲོང་ཁྱེར་གྱི་ཆུའི་སྐྱེ་ཁམས་མ་ལག་བཅོས་སྐྱོང་དང་སླར་གསོ་བྱེད་པར་རྒྱབ་སྐྱོར་བྱས་ཡོད། མ་དངུལ་སྒོར་དུང་ཕྱུར་10.2བཀོད་སྒྲིག་བྱས་ནས་རླུང་ཁམས་ཆེན་པོའི་སྦགས་བཙོག་དང་ཐྭན་ཉུང་དུ་གཏོང་བ་དང་།  ཆུའི་སྦགས་བཙོག་འགོག་བཅོས་དང་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པ། ས་རྒྱུའི་ཁོར་ཡུག་གི་ཉེན་ཁ་ཚོད་འཛིན་དང་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པ་སོགས་ལ་རྒྱབ་སྐྱོར་བྱས་ཏེ་གནམ་སྔོན་དང་། ཆུ་དྭངས། ས་གཙང་བཅས་སྲུང་སྐྱོབ་བྱེད་པའི་དམག་འཐབ་ཡག་པོ་བརྒྱབ་ཡོད། ས་གཤིས་གནོད་འཚེ་འགོག་བཅོས་མ་ལག་འཛུགས་སྐྲུན་དང་རང་བྱུང་གནོད་འཚེའི་ཉེན་ཁ་ཡོངས་བཤེར་བྱེད་པར་རྒྱབ་སྐྱོར་བྱས་ཡོད། 

    7.མཐའ་སྲུང་སྲ་བརྟན་དང་མཐའ་མཚམས་སྟོབས་ཆེར་སྐུལ་འདེད་གཏིང་ཟབ་གཏོང་བར་རྒྱབ་སྐྱོར་བྱས་པ། ནོར་སྲིད་ཀྱི་ཐོན་ཁུངས་གཅིག་གྱུར་འཆར་འགོད་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་མཐའ་མཚམས་གྲོང་ཁྱེར་དང་རྫོང་ལ་མ་དངུལ་སྒྱུར་སྤྲོད་བྱེད་ཤུགས་ཆེ་རུ་བཏང་བ་དང་། མཐའ་མཚམས་ས་ཁུལ་ལ་མ་དངུལ་སྒྱུར་སྤྲོད་བྱེད་པ་དེ་ལྟེ་བའི་ས་ཁུལ་ལས་མངོན་གསལ་དོད་པོས་མཐོ་བ་བྱས་ཡོད། མཐའ་མཚམས་ས་ཁུལ་ལ་སྒྱུར་སྤྲོད་མ་དངུལ་སྒོར་དུང་ཕྱུར་23.4བཀོད་སྒྲིག་བྱས་ནས་མཐའ་མཚམས་ས་ཁུལ་གོང་འཕེལ་གཏོང་རྒྱུ་དང་མཐའ་མཚམས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་དགོས་མཁོར་སྔོན་ལ་ལྟ་རྟོགས་ཀྱིས་འགན་སྲུང་བྱས་ཡོད། སྣ་མང་ཅན་གྱི་མ་དངུལ་གྲབས་གསོག་ལམ་སྲོལ་བཙུགས་ནས་མཐའ་མཚམས་ཀྱི་འབྱོར་འབྲིང་གྲོང་ཚོ་སྐྲུན་པའི་གྲུབ་འབྲས་སྲ་བརྟན་དུ་བཏང་བ་དང་། ས་ཁད་ཧ་ཅང་མཐོ་བའི་ས་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་གི་གནས་སྤོ་བྱེད་རྒྱུ་དེ་མཐའ་མཚམས་ཀྱི་འཐབ་ས་དང་པོར་སྤོ་སྒྱུར་བྱེད་པར་སྐུལ་འདེད་ཇེ་མགྱོགས་སུ་བཏང་ཡོད། མཐའ་མཚམས་སྐོར་སྲུང་བར་ཁ་གསབ་རོགས་དངུལ་སྤྲོད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་མཐའ་མཚམས་མང་ཚོགས་ལ་ཁ་གསབ་རོགས་དངུལ་སྤྲོད་པའི་ཚད་གཞི་བརྟན་པོའི་ངང་མཐོ་རུ་བཏང་ཡོད། མཐའ་མཚམས་ས་ཁུལ་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་དྲ་རྒྱའི་མ་ལག་ཚགས་ཚུད་དུ་གཏོང་རྒྱུར་རྒྱབ་སྐྱོར་བྱས་ཡོད། 

    8.ནོར་སྲིད་ཀྱི་དོ་དམ་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་བཏང་བ། “2+1”གི་ནོར་སྲིད་ཕྱོགས་བསྡུས་བསྒྱུར་བཅོས་བྱེད་ལམ་གསར་གཏོད་བྱས་ཏེ། གཅིག་གྱུར་འཆར་འགོད་ཀྱིས་ལས་རྗེས་སྔོན་རྩིས་དང་། གཞི་གསར་སྔོན་རྩིས། སྔོན་རྩིས་དོ་དམ་བཅས་གཞི་གཅིག་ཅན་གྱི་འཛུགས་སྐྱོང་ལ་མཉམ་འདྲེས་གཏིང་ཟབ་བྱེད་པའི“2+1”གི་ནོར་སྲིད་ཀྱི་ཕྱོགས་བསྡུས་བསྒྱུར་བཅོས་བྱེད་རྒྱུར་སྐུལ་འདེད་བཏང་སྟེ། ལས་རྗེས་ཀྱི་བྱེད་ཐབས་དང་གཞི་གསར་སྔོན་རྩིས་ཀྱི་བསམ་གཞིར་བརྟེན་ནས་འཕར་ཆག་གཉིས་ཐུབ་དང་དེ་བཞིན་འགན་སྲུང་ཡོད་ལ་ཚོད་འཛིན་ཡོད་པའི་སྔོན་རྩིས་བགོ་འགྲེམས་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་བས་གཞི་གྲངས་ཀྱི་གོ་དོན་དང་གཏོང་སྒོ་གཏན་འཇགས་ཡིན་པའི་རྣམ་པ་ལས་གྲོལ་བ་བྱས་ཡོད། སྔོན་རྩིས་དོ་དམ་གཞི་གཅིག་ཅན་གྱི་བསྒྱུར་བཅོས་བྱེད་རྒྱ་སྔར་བས་ཆེ་རུ་བཏང་སྟེ་བརྒྱུད་རིམ་ཧྲིལ་པོར་ལས་རྗེས་དང་གཞི་གསར་སྔོན་རྩིས་སོགས་སྒྲིལ་བཅོས་བྱས་ནས“ལམ་ལུགས་+ལག་རྩལ”གྱི་དོ་དམ་ལམ་སྲོལ་འཛུགས་རྒྱུར་ཤུགས་བརྒྱབ་ཡོད། བསྒྱུར་བཅོས་དེ་དག་ལ་རང་སྐྱོང་ལྗོངས་ཏང་ཨུད་དང་ནོར་སྲིད་པུའི་ཁས་ལེན་དང་བསྔགས་བརྗོད་ཐོབ་ཡོད། ནོར་ཁྲལ་ལམ་སྲོལ་བསྒྱུར་བཅོས་བྱེད་རྒྱུ་རྒྱུན་མཐུད་ངང་གཏིང་ཟབ་ཏུ་བཏང་བ། ས་གནས་ཀྱི་དཔྱ་ཁྲལ་མ་ལག་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་ལྗོངས་ཡོངས་ཀྱི་ཁྱབ་ཁོངས་ནང་གན་རྒྱའི་དཔྱ་ཁྲལ་བསྡུ་འགོ་བཙུགས་ཡོད། ཁེ་ལས་ཀྱི་ཁྲལ་རིན་ཁུར་པོ་རྒྱུན་མཐུད་ནས་ཡང་དུ་བཏང་སྟེ་ལོ་འཁོར་མོར་ཁྲལ་རིན་གཉིས་གཅོག་བྱས་པ་སྒོར་དུང་ཕྱུར་41ཟིན་ཡོད། འགྲིམ་འགྲུལ་སྐྱེལ་འདྲེན་དང་། འཕྲལ་བསྟུན་མྱུར་སྐྱོབ། སློབ་གསོ་སོགས་ཁྱབ་ཁོངས་ཀྱི་ནོར་སྲིད་ཀྱི་དོན་དག་གཅོད་དབང་དང་གཏོང་སྒོའི་འགན་འཁྲི་ལོགས་སུ་དབྱེ་རྒྱུའི་བསྒྱུར་བཅོས་ཇུས་གཞི་པར་འགྲེམས་ལག་བསྟར་བྱས་ཡོད། ནོར་སྲིད་མ་དངུལ་གྱི་རྒྱུན་རྣམ་ཅན་གྱི་ཐད་གཏོང་ལམ་སྲོལ་བཟོས་ཡོད། སེམས་ཐག་གཙང་བཅད་ཀྱིས“འགན་སྲུང་གསུམ”གྱི་མཐའ་ཚད་བརྟན་སྐྱོང་བྱས་ནས“འགན་སྲུང་གསུམ”གྱི་སྔོན་རྩིས་ལ་རང་སྐྱོང་ལྗོངས་ཀྱིས་ཞིབ་དཔྱད་བྱེད་ཁོངས་རྫོང་ཁག་31བར་རྒྱ་སྐྱེད་བཏང་ཡོད། བོགས་མར་བཏང་བ་དང་བེད་མེད་དུ་བཞག་པའི་གཞུང་ཁོངས་རྒྱུ་ནོར་ལ་གཅིག་སྡུད་དུ་གཅིག་གྱུར་དོ་དམ་བྱེད་པར་སྐུལ་འདེད་ཏན་ཏིག་བཏང་ཡོད། བུ་ལོན་གྱི་ཉེན་ཁ་འགོག་ཟོན་དང་སེལ་ཐབས་ཧུར་ཐག་བྱས་པ། བུ་ལོན་ལ་བཅད་གྲངས་ཀྱི་དོ་དམ་ནན་པོ་བྱས་ཏེ“རྣམ་གྲངས་དང་ཆབས་ཅིག་ཏུ་མ་དངུལ་གཏོང་རྒྱུའི”རྩ་དོན་གཞིར་བཟུང་། སྲིད་གཞུང་གི་བུ་ལོན་རྣམ་གྲངས་དང་མ་དངུལ་དོ་དམ་བྱེད་ལམ་ཚགས་ཚུད་དུ་བཏང་སྟེ་བུ་ལོན་གྱི་ངོ་སྐྱེད་འཇལ་སྤྲོད་བྱེད་པའི་གཏོང་སྒོའི་དགོས་མཁོ་གྲངས་ཚང་ཡོང་རྒྱུར་འགན་སྲུང་བྱས་ཡོད། ཁྲིམས་འགལ་སྒྲིག་འགལ་གྱིས་བུ་ལོན་བཟོ་བའི་བྱེད་སྤྱོད་བཀག་འགོག་མཐའ་གཅིག་ཏུ་བྱས་པ་དང་སྦྲགས། མངོན་མེད་བུ་ལོན་གསོག་ཐེབས་བྱེད་རིགས་བརྟན་པོའི་ངང་མེད་པ་བཟོས་པ་དང་། ཀྲུང་དབྱང་ནོར་སྲིད་ཀྱི་ཚོད་ལྟ་བྱེད་པའི་འོས་བབ་རག་ཐབས་བྱས་ཏེ་ལྗོངས་ཡོངས་ཀྱི་རྫོང་རིམ་པའི་མངོན་མེད་བུ་ལོན་གཙང་སེལ་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་སྒྲིག་འཛུགས་བྱས་ནས་བུ་ལོན་འགྲེམས་ཡུན་སོགས་ཀྱི་བྱེད་ཐབས་ཧུར་ཐག་སྤྱད་དེ་བུ་ལོན་གྱི་ཁུར་པོ་ཡང་དུ་བཏང་ཡོད། སྲིད་གཞུང་གིས་གཏོང་མཁས་སྤྱོད་མཁས་བྱེད་རྒྱུ་མཐའ་འཁྱོངས་བྱས་པ། ཧུར་བསྲི་གྲོན་ཆུང་གིས་བྱ་གཞག་མཐའ་དག་བསྒྲུབ་རྒྱུ་མཐའ་འཁྱོངས་བྱས་ཏེ་གཏོང་སྒོ་གྲོན་ཆུང་གི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གཏིང་ཟབ་བྱས་ཡོད། དེའང་རང་སྐྱོང་ལྗོངས་རིམ་པ་འདི་གའི་མ་གཏོང་དཀའ་མེད་དང་གཙོ་གནད་རྣམ་གྲངས་མིན་པའི་གཏོང་སྒོའི་རིགས་3%ཡན་དང་། སྤྱི་སྤྱོད་གྲོན་དངུལ་15.5% “གཞུང་གྲོན་གསུམ”གྱི་འགྲོ་གྲོན་10%བཅས་ཉུང་དུ་བཏང་ཡོད། གསོག་ཐེབས་མ་དངུལ་སྒོར་དུང་ཕྱུར་68.1བསྡུ་ལེན་གྱིས་གྲོན་ཆུང་བྱས་པའི་མ་དངུལ་ཚང་མ་དམངས་འཚོའི་གཙོ་གནད་ཁྱབ་ཁོངས་སུ་བེད་སྤྱོད་བྱས་ཡོད། རང་རྟོགས་ངང་ཕྱོཌ་ཁག་གི་ལྟ་སྐུལ་དང་ལེན་ཞུས་པ། ཁྲིམས་བཞིན་མི་དམངས་འཐུས་ཚོགས་ཀྱི་སྔོན་རྩིས་ཞིབ་བཤེར་ལྟ་སྐུལ་དང་ལེན་ཞུས་པ་དང་སྦྲགས། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་སྔོན་རྩིས་ཀྱི་གྲོས་ཆོད་དོན་འཁྱོལ་བྱས་པ་དང་། རྩིས་བཤེར་གྱིས་རྩད་གཅོད་བྱས་པའི་གནད་དོན་བཅོས་སྒྲིག་དམ་འཛིན་བྱས་ཏེ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལ་རྩིས་བཤེར་གྱིས་རྩད་གཅོད་བྱས་པའི་གནད་དོན་བཅོས་སྒྲིག་བྱས་ཚུལ་དུས་ཐོག་ཏུ་སྙན་སེང་ཞུས་ཁར། ཁྲིམས་བཞིན་སྔོན་རྩིས་ལེགས་སྒྲིག་ཡག་པོ་བྱས་ཡོད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལ་གཞུང་ཁོངས་རྒྱུ་ནོར་དོ་དམ་དང་ལས་རྗེས་དོ་དམ་བྱས་ཚུལ་སྙན་སེང་ཞུས་ཡོད། དེ་བཞིན་སྔོན་རྩིས་དང་ངེས་རྩིས་དུས་ཐོག་ཏུ་ཡོངས་བསྒྲགས་བྱས་ཡོད་ལ། མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་དོ་ཁུར་ལ་ལན་འདེབས་ཧུར་ཐག་ཞུས་ཡོད། 

    འདས་ཟིན་པའི་ལོ་གཅིག་རིང་། ནོར་སྲིད་ཀྱི་གོང་འཕེལ་དང་བསྒྱུར་བཅོས་ཀྱི་ལས་དོན་ཁག་ལ་དགེ་མཚན་ལྡན་པའི་འཕེལ་རྒྱས་བྱུང་ནས་རང་ལྗོངས་འདི་ཉིད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་ཆེད་ནུས་ལྡན་གྱི་འགན་སྲུང་འདོན་སྤེལ་བྱས་ཡོད། གྲུབ་འབྲས་འདི་དག་ཐོབ་པའི་རྩ་བ་ཐུག་ས་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་གནང་བ་དང་། རྩ་བ་ཐུག་ས་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱིས་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་གནང་བ་ཡིན་པ་དང་། དེ་ནི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཡང་དག་འགོ་ཁྲིད་དང་ཁ་བྲལ་ཐབས་མེད་པ་དང་། མི་དམངས་འཐུས་ཚོགས་དང་། སྲིད་གྲོས། དེ་བཞིན་འཐུས་མི་དང་ཨུ་ཡོན་ཚོའི་ལྟ་སྐུལ་མཛུབ་ཁྲིད་དང་ཁ་བྲལ་ཐབས་མེད་པ། ཀྲུང་དབྱང་དང་རྒྱལ་ཁབ་པུའུ་ཨུད་དང་། དེ་བཞིན་ཁ་གཏད་རོགས་སྐྱོར་གྱི་ཞིང་ཆེན་དང་། གྲོང་ཁྱེར། ཀྲུང་དབྱང་ཁེ་ལས་བཅས་ཀྱི་རྒྱབ་སྐྱོར་ཤུགས་ཆེ་དང་ཡང་ཁ་བྲལ་ཐབས་མེད་པ་བཅས་ཡིན་ལ། དེར་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོའི་བློ་རིག་དང་སེམས་ནུས་གཅིག་ཏུ་འདུས་ཡོད། 

    གྲུབ་འབྲས་ལ་ཁས་ལེན་བྱེད་པ་དང་ཕྱོགས་མཚུངས་ང་ཚོས་རིག་པ་དྭངས་གསལ་གྱི་སྒོ་ནས་ནོར་སྲིད་ལས་དོན་ལ་ད་དུང་གནད་དོན་དང་འགྲན་སློང་འགའ་ཞིག་འཕྲད་མུས་ཡིན་པ་ངོས་འཛིན་བྱེད་དགོས། དེའང་གཙོ་བོ་ནི། ནོར་སྲིད་ཀྱི་ཡོང་འབབ་འཕར་སྣོན་འགྲོ་བའི་རྨང་གཞི་བརྟན་པོ་མེད་པ་དང་། གཙོ་གནད་དང་མ་གཏོང་ཀ་མེད་ཀྱི་རྣམ་གྲངས་ཀྱི་གཏོང་སྒོའི་དགོས་མཁོ་འཕར་མགྱོགས་ཙམ་ཡིན་ཁར། ནོར་སྲིད་ཀྱི་གཏོང་ཡོང་གི་འགལ་བ་སྔར་བཞིན་མངོན་གསལ་དོད་པོ་ཡིན་པ། ས་གནས་དང་སྡེ་ཚན་ཁག་གཅིག་གི་རྣམ་གྲངས་ཀྱི་སྔོན་གྲབས་ལས་དོན་ཚན་རིག་དང་མཐུན་པོ་བྱུང་མེད་ཅིང་ཚགས་མི་ཚུད་པ། སྔོན་རྩིས་དོན་འཁྱོལ་བྱེད་འགོར་པོ་དང་སྔོན་རྩིས་གསབ་སྣོན་བྱེད་མང་པོ་ཡིན་ཚུལ་མཉམ་གནས་ཡིན་པ། ནོར་སྲིད་ཀྱི་ཆེད་དམིགས་མ་དངུལ་ལ་དོ་དམ་བྱེད་རྒྱུའི་ཐད་ད་དུང་ཞན་སའི་ལྷུ་ཚིགས་ཡོད་པ། གཞི་རྒྱར་མཐོང་ཆེན་བྱེད་པ་ལས་ལས་རྗེས་ལ་མཐོང་ཆེན་མི་བྱེད་པའི་གནད་དོན་མངོན་གསལ་ཆེ་ཙམ་ཡོད་པ་བཅས་ཡིན། ང་ཚོས་གནད་དོན་དེ་དག་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་ནུས་ལྡན་བྱ་ཐབས་སྤྱད་དེ་ཐག་གཅོད་ནན་ཏན་བྱེད་རྒྱུ་ཡིན། 


    གཉིས། 2022ལོའི་སྔོན་རྩིས་འཆར་ཟིན།

    2022ལོ་ནི་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་འགོ་ཚུགས་པའི་ལོ་ཞིག་དང་། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པའི་འགག་རྩའི་ལོ་ཞིག་ཡིན་ལ། དེ་བས་ཀྱང་ཏང་གི་ཚོགས་ཆེན་ཉི་ཤུ་པ་སྐོང་ཚོགས་བྱེད་པའི་ལོ་ཞིག་ཡིན་པས་ནོར་སྲིད་ཀྱི་སྔོན་རྩིས་བཟོ་འགོད་བྱེད་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། སྔོན་རྩིས་བཅའ་ཁྲིམས་དང་དེའི་ལག་བསྟར་སྲོལ་ཡིག་དང་། 《2022ལོའི་ཀྲུང་དབྱང་གི་སྔོན་རྩིས་དང་ས་གནས་ཀྱི་སྔོན་རྩིས་བཟོ་འགོད་བྱེད་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བརྡ་ཐོ》སོགས་ཀྱི་བླང་བྱ་གཞིར་བཟུང་། གཏན་འཁེལ་བྱས་པའི་གོ་རིམ་གཞིར་བཟུང་ཕྱོགས་ཁག་གི་བསམ་འཆར་བསྡུ་ལེན་བྱས་རྗེས་2022ལོའི་སྔོན་རྩིས་ཀྱི་འཆར་ཟིན་བཟོ་འགོད་བྱས་ནས་གྲུབ་པ་ཡིན།

    (གཅིག) 2022ལོའི་ནོར་སྲིད་གཏོང་ཡོང་གི་གནས་བབ་ལ་དབྱེ་ཞིབ་བྱས་ཚུལ།

    ཡོང་འབབ་ཀྱི་ཐད་ནས་བལྟས་ན། ནད་ཡམས་ཀྱི་འགྱུར་ལྡོག་དང་ཕྱི་ཕྱོགས་ཀྱི་ཁོར་ཡུག་ལ་ངེས་གཏན་རང་བཞིན་མིན་རིགས་ཧ་ཅང་མང་བ་དང་། རྒྱལ་ནང་གི་དཔལ་འབྱོར་སླར་གསོ་བྱེད་རྒྱུ་སྔར་བཞིན་བརྟན་པོ་མེད་པ་དང་དོ་མི་མཉམ་པ། དཔལ་འབྱོར་སྤུས་ཚད་མཐོ་བའི་གོང་འཕེལ་འགྲོ་བར་ཚད་བཀག་ཐེབས་པའི་གྲུབ་ཆའི་རང་བཞིན་དང་ལམ་ལུགས་རང་བཞིན་གྱི་འགལ་ཟླ་སྔར་བཞིན་མངོན་གསལ་དོད་པོ་ཡོད། ཕན་སྐྱེད་ཆེ་བའི་ནོར་སྲིད་སྲིད་ཇུས་དོན་འཁྱོལ་བྱེད་རྒྱུ་ལས་འགན་གཙོ་བོ་ཞིག་ཡིན་པའི་ངོས་ནས། རྒྱལ་ཁབ་ཀྱིས་ཁྲོམ་རའི་བྱེད་པོར་ཁ་ཕྱོགས་པའི་ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་གསར་པ་མུ་མཐུད་ལག་བསྟར་བྱེད་བཞིན་ཡོད། ཉེ་བའི་ལོ་ཤས་རིང་རིམ་ཁག་ནོར་སྲིད་ཀྱིས་གསོག་ཐེབས་ཀྱི་ཐོན་ཁུངས་དང་རྒྱུ་ནོར་ཕན་སྒྱུར་ཤུགས་ཆེ་བྱས་སྟབས་ཐེངས་གཅིག་རང་གི་ཡོང་འབབ་འབོར་ཆེན་ཐོན་རྐྱེན་མི་མངོན་པའི་ཡོང་འབབ་འཕར་སྣོན་ཡོང་ཐབས་སྔོག་འདོན་བྱེད་པའི་བར་སྟོང་ཇེ་ཆུང་དུ་འགྲོ་བཞིན་ཡོད། གཞན་ཡང་ཡོང་འབབ་འཕར་སྣོན་ཡོང་བར་ངེས་གཏན་རང་བཞིན་མིན་པའི་རྒྱུ་རྐྱེན་སྔར་བཞིན་མང་ཙམ་ཡོད། གཏོང་སྒོའི་ཐད་ནས་བལྟས་ན། “འཛུགས་གཏོད་བཞི”སྐུལ་སྤེལ་གཏོང་བར་ཤུགས་རྒྱག་རྒྱུ་དང་མདུན་གྲལ་དུ་སླེབས་པ་བཞི”ཐུབ་རྒྱུར་འབད་བརྩོན་བྱེད་རྒྱུ། གལ་ཆེའི་རྣམ་གྲངས་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་རྒྱུ་དང་གཞི་རྩའི་སྤྱི་པའི་ཞབས་ཞུ་སྒྲུབ་པའི་ཆད་སྐྱོན་སེལ་རྒྱུ། གསར་སྣོན་གཏོང་སྒོའི་དགོས་མཁོ་ཆེ་རུ་འགྲོ་བ་བཅས་ཀྱིས་ནོར་སྲིད་ཀྱི་འགན་སྲུང་བྱེད་རྒྱུར་དེ་བས་མཐོ་བའི་བླང་བྱ་འདོན་གྱི་ཡོད། དེ་བཞིན“འགན་སྲུང་གསུམ”དང་། བུ་ལོན་གྱི་ངོ་སྐྱེད་འཇལ་རྒྱུ། མངོན་མེད་བུ་ལོན་མེད་པ་བཟོ་རྒྱུ་སོགས་མ་གཏོང་ཀ་མེད་ཀྱི་གཏོང་སྒོའི་རིགས་འགན་སྲུང་བྱེད་པར་གནོན་ཤུགས་ཆེ་ཙམ་ཡོད། ཕྱོགས་བསྡུས་ཐོག་དབྱེ་ཞིབ་བྱས་ན། 2022ལོའི་སྔོན་རྩིས་ཀྱི་གཏོང་ཡོང་བཀོད་སྒྲིག་བྱས་པ་དེ་སྔར་བཞིན་དོ་མཉམ་ཐུབ་ཙམ་ཡིན།

    (གཉིས) 2022ལོའི་སྔོན་རྩིས་བཟོ་འགོད་བྱེད་པའི་མཛུབ་ཁྲིད་བསམ་བློ་དང་གཞི་རྩའི་རྩ་དོན།

    2022ལོའི་སྔོན་རྩིས་བཟོ་འགོད་བྱེད་པའི་མཛུབ་ཁྲིད་བསམ་བློ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་གི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་རྒྱུ་དང་། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་དང་ཀྲུང་དབྱང་གི“ཚོགས་འདུ་ཐེངས་བདུན་པའི”དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་རྒྱུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་གལ་ཆེའི་རྣམ་བཤད་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ་བྱེད་རྒྱུ་བཅས་ཀྱི་ཐོག་ནས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་བཀོད་སྒྲིག་གཞིར་བཟུང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་སྐོང་ཚོགས་བྱེད་རྒྱུར་བསུ་བ་ཞུ་རྒྱུ་དང་ཞབས་འདེགས་ཞུ་རྒྱུ་གཙོ་རྐང་དུ་བྱས་ཏེ། རླབས་ཆེའི་ཏང་འཛུགས་ཀྱི་སྙིང་སྟོབས་དང་། “ལམ་གཉིས”ཀྱི་སྙིང་སྟོབས། བོད་སྐྱོད་རྒན་རབས་པའི་སྙིང་སྟོབས། ཁུང་ཧྥན་སན་གྱི་སྙིང་སྟོབས་བཅས་དར་སྤེལ་གཏོང་རྒྱུ་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱས་ནས་གོང་འཕེལ་གྱི་བསམ་གཞི་གསར་པ་ཆ་ཚང་ཞིང་ཡང་དག་པ་དང་ཕྱོགས་ཡོངས་ནས་ལག་བསྟར་བྱེད་རྒྱུ། འཕེལ་རྣམ་གསར་པར་མཉམ་འདྲེས་དང་ཞབས་ཞུ་བསྒྲུབ་རྒྱུ། ཕྱོགས་ཡོངས་ནས་བསྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་བྱེད་རྒྱུ། གསར་གཏོད་ཀྱིས་གོང་འཕེལ་ལ་འདེད་སྐུལ་གཏོང་རྒྱུ་མཐའ་འཁྱོངས་བྱེད་རྒྱུ། སྤུད་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་སྤེལ་གཏོང་རྒྱུ་བཅས་ཡིན་ཞིང་། འཕེལ་རྣམ་ལེགས་སུ་གཏོང་རྒྱུ་ནས་འགོ་འཛུགས་པ་དང་། གཙོ་རྒྱུ་དང་སྒྲིག་བཀོད་འཛུགས་སྐྲུན་བྱེད་རྒྱུ་འདེགས་སྐྱོར་དུ་བྱེད་པ། ལམ་ལུགས་ལམ་སྲོལ་འགན་ལེན་དུ་བྱེད་པ་བཅས་ལ་བརྟེན་ནས་ནད་ཡམས་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུ་གཅིག་གྱུར་འཆར་འགོད་དང་། གོང་འཕེལ་དང་བདེ་འཇགས་གཅིག་གྱུར་འཆར་འགོད་བྱས་ཐོག “དོན་ཆེན་བཞི”དང་“འགན་ལེན་བཞིར”དམིགས་སུ་བཀར་ཏེ“བརྟན་པོ་དྲུག”དང་འགན་ལེན་དྲུག”གི་ལས་དོན་མུ་མཐུད་ཡག་པོ་བསྒྲུབས་ནས“འཛུགས་གཏོད་བཞི”སྐུལ་སྤེལ་གཏོང་རྒྱུར་ཤུགས་རྒྱག་པ་དང་“མདུན་གྲལ་དུ་སླེབས་པ་བཞི”ཐུབ་རྒྱུར་འབད་བརྩོན་བྱེད་པ། ཕན་སྐྱེད་ཆེ་བའི་ནོར་སྲིད་སྲིད་ཇུས་ཀྱི་ནུས་ཕྱོད་ཆེ་རུ་གཏོང་བ། གནད་ལ་འཕིགས་པ་དང་རྒྱུན་མཐུད་ཐུབ་པར་སྔར་བས་སྣང་ཆེན་བྱེད་པ། ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་གསར་པ་ལག་བསྟར་བྱེད་པ། ནོར་སྲིད་གཏོང་སྒོའི་གཏོང་ཤུགས་འགན་ལེན་བྱེད་པ། གཏོང་སྒོའི་མྱུར་ཚད་མགྱོགས་སུ་གཏོང་བ། ནོར་ཤུགས་གཤམ་སྒྱུར་བྱེད་པར་སྐུལ་འདེད་གཏོང་བ། ཏང་སྲིད་ལས་ཁུངས་ཀྱིས་གཏོང་མཁས་སྤྱོད་མཁས་བྱེད་རྒྱུ་མཐའ་འཁྱོངས་བྱེད་པ། ནོར་དཔལ་གྱི་སྒྲིག་ཁྲིམས་ནན་དུ་གཏོང་བ། ས་གནས་སྲིད་གཞུང་གི་མངོན་མེད་བུ་ལོན་འཕར་སྣོན་འགྲོ་རིགས་བཀག་འགོག་མཐའ་གཅིག་ཏུ་བྱེད་པ། དཔལ་འབྱོར་བརྟན་ཐོག་ཡར་འཕེལ་དང་སྤུས་ཚད་བརྟན་པོའི་ངང་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ། དམངས་འཚོ་རྒྱུན་མཐུད་ནས་ལེགས་སུ་གཏོང་བ། སྤྱི་ཚོགས་ཀྱི་ཁྱོན་ཡོངས་བརྟན་ལྷིང་རྒྱུན་འཁྱོངས་ཡོང་བར་བྱེད་པ་བཅས་བྱས་ཏེ། གཡུར་དུ་ཟ་བའི་གྲུབ་འབྲས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་སྐོང་ཚོགས་བྱེད་རྒྱུར་བསུ་བ་ཞུ་རྒྱུ་བཅས་ཡིན། 

    གོང་གསལ་མཛུབ་ཁྲིད་བསམ་བློ་གཞིར་བཟུང་། སྔོན་རྩིས་བཟོ་འགོད་བྱེད་པར་གཤམ་གསལ་གྱི་རྩ་དོན་བརྩི་སྲུང་ཞུ་དགོས་པ་སྟེ། གཅིག་ནི་བརྟན་ལྷིང་གཙོར་བཟུང་གིས་བརྟན་ཐོག་ཡར་འཕེལ་ཡོང་བ་བྱེད་དགོས་པ། ཡོང་འབབ་ལ་གཞིགས་ནས་འགྲོ་གྲོན་གཏོང་བ་དང་ཡོང་འབབ་ལ་བརྟེན་ནས་གཏོང་ཆ་གཏན་འཁེལ་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་གཏོང་ཡོང་གི་བཀོད་སྒྲིག་བརྟན་པོ་ཡག་པོ་བཟོས་ནས་ནོར་སྲིད་རྒྱུན་མཐུད་ཐུབ་པའི་འགན་ལེན་བྱེད་དགོས། ཆབ་སྲིད་ཀྱི་ཕན་རྐྱེན་དང་ཕུགས་ཀྱི་ཕན་རྐྱེན་ཤེས་རྟོགས་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་གསར་པ་ལག་བསྟར་བྱས་ཏེ་ཁྲོམ་རའི་བྱེད་པོའི་གསོན་ཤུགས་ཆེ་རུ་བཏང་ནས“ཆུ་མང་ན་ཉ་མང”ཞེས་པ་ལྟར་འཁོར་རྒྱུག་བཟང་པོ་ཞིག་ཆགས་པ་བྱེད་དགོས། གཉིས་ནི་དུས་བབ་ལ་དམ་པོར་དམིགས་ནས་གཙོ་གནད་མངོན་ཆེར་བཟུང་དགོས་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་དུས་བབ་གསར་པ་དང་ལས་འགན་གསར་པར་གཞི་ཚུགས་ནས“འཛུགས་གཏོད་བཞི”སྐུལ་འདེད་གཏོང་བར་ཤུགས་རྒྱག་རྒྱུ་དང“མདུན་གྲལ་དུ་སླེབས་པ་བཞི”ཐུབ་པར་འབད་བརྩོན་བྱེད་རྒྱུར་དམིགས་ཏེ། གཏོང་སྒོའི་གྲུབ་ཆ་ལེགས་སྒྱུར་སྔར་བས་ཤུགས་ཆེར་བཏང་ཐོག་ནོར་ཤུགས་གཅིག་སྡུད་ཀྱིས་ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གལ་ཆེའི་ཐབས་ཇུས་འགན་སྲུང་བྱེད་དགོས། གསུམ་ནི་ནོར་ཤུགས་གཤམ་སྒྱུར་བྱས་ཏེ་ཉེན་ཁར་འགོག་ཟོན་བྱེད་དགོས་པ། རང་སྐྱོང་ལྗོངས་རིམ་པ་འདི་གས་སྣེ་ཁྲིད་དེ་མ་གཏོང་ཀ་མེད་དང་གཙོ་གནད་མིན་པའི་གཏོང་སྒོའི་རིགས་རྒྱུན་མཐུད་ནས་ཉུང་འཕྲི་བྱས་ཏེ། རྩ་ཆེའི་ནོར་སྲིད་ཐོན་ཁུངས་བཏོན་གང་ཐུབ་ཀྱིས་གྲོང་ཁྱེར་དང་རྫོང་གཞི་རིམ་གྱི་མ་དངུལ་སྒྱུར་སྤྲོད་བྱེད་ཤུགས་ཆེ་རུ་བཏང་ནས“འགན་སྲུང་གསུམ”གྱི་མཐའ་ཚད་སྲུང་དགོས། སྲིད་གཞུང་གི་བུ་ལོན་ལ་དོ་དམ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ས་གནས་སྲིད་གཞུང་གི་མངོན་མེད་བུ་ལོན་བརྟན་པོའི་ངང་གཙང་སེལ་བྱེད་དགོས། བཞི་ནི་བསྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་ལས་རྗེས་མངོན་ཆེར་བཟུང་དགོས་པ། “2+1”གི་སྔོན་རྩིས་དོ་དམ་བྱེད་ཕྱོགས་བསྒྱུར་བཅོས་བྱེད་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་ནས་ནོར་སྲིད་ཀྱི་དོ་དམ་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས། ནོར་དཔལ་སྒྲིག་ཁྲིམས་དམ་ནན་དུ་གཏོང་བ་དང་ལས་རྗེས་གཅུན་སྡོམ་བྱེད་རྒྱུ་ནན་དུ་བཏང་སྟེ། ལས་རྗེས་ཀྱི་ཚོད་སྐོར་ཚད་གཞི་མ་ལོན་པ་དང་ལོ་འཁོར་གྱི་དོན་འཁྱོལ་བྱས་འབྲས་ཞན་པའི་རྣམ་གྲངས་ལ་སྔོན་རྩིས་བཀོད་སྒྲིག་ཉུང་འཕྲི་ཤུགས་ཆེ་བྱེད་དགོས་པའམ་ཡང་ན་མེད་པ་བཟོ་དགོས། 

    (གསུམ) 2022ལོའི་ནོར་སྲིད་སྔོན་རྩིས་བཀོད་སྒྲིག་བྱེད་པའི་གཙོ་གནད། 

    རང་སྐྱོང་ལྗོངས་ཀྱི་སྤྱིའི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་གཤམ་གསལ་ཁྱབ་ཁོངས་ཀྱི་ལས་དོན་ལ་གཙོ་གནད་དུ་རྒྱབ་སྐྱོར་བྱེད་རྒྱུ་སྟེ།

    1.རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་རྒྱུར་ཤུགས་བརྒྱབ་སྟེ་རྒྱལ་ཁབ་བདེ་འཇགས་དང་ཡུན་རིང་བདེ་འཁོད་ཡོང་བར་འགན་ལེན་བྱེད་རྒྱུ།

    དུས་བདེའི་བོད་ལྗོངས་འཛུགས་སྐྲུན་བྱེད་རྒྱུ་གཏིང་ཟབ་ཏུ་གཏོང་རྒྱུ། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུ་དེ་ལས་འགན་ཨང་དང་པོར་བརྩིས་ཏེ་ཚད་གཞི་དེ་བས་མཐོ་བའི་དུས་བདེའི་བོད་ལྗོངས་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན། གཞི་རིམ་སྲིད་ཁྲིམས་ཀྱི་ནུས་པ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། ནག་སེལ་གཤེད་བཅོམ་དང་། ཁྲིམས་མེད་ལ་རྡུང་རྡེག་དང་ཟང་ཟིང་ལ་བཅོས་སྒྲིག་བྱེད་པའི་ཆེད་དམིགས་འཐབ་རྩོད་སྤེལ་བར་རྒྱབ་སྐྱོར་བྱེད་རྒྱུ་དང་སྦྲགས། ལག་རྩལ་འགོག་ཟོན་གྱི་ནུས་པ་ཆེ་རུ་གང་མགྱོགས་གཏོང་རྒྱུ། དེ་བཞིན་སྤྱི་ཚོགས་བདེ་འཇགས་ཀྱི་དོ་དམ་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་བཏང་སྟེ། ཕྱོགས་ཡོངས་ཅན་དང་ཆ་འཕྲིན་ཅན་གྱི་སྤྱི་ཚོགས་བདེ་འཇགས་འགོག་ཟོན་མ་ལག་འཛུགས་རྒྱུར་སྐུལ་སྤེལ་གཏིང་ཟབ་གཏོང་རྒྱུ་དང་། མཉམ་འགོག་མཉམ་བཅོས་ཀྱི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ། གྲོང་ཚོར་བཅའ་སྡོད་དང་དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་བྱེད་པ་དང་། གྲོང་ཚོ་གྲོང་ལྷན་གྱི་ལས་བྱེད་པ། “གཉིས་ལྡན་དུད་སྦྲེལ”སོགས་གཞི་རིམ་དོ་དམ་གྱི་སྟོབས་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་རྒྱུ་ཡིན།

    ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ། མི་རིགས་མཐུན་སྒྲིལ་དང་། རྒྱལ་གཅེས་རིང་ལུགས། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད། དེ་བཞིན་བོད་ལྗོངས་གསར་རྙིང་གི་བསྡུར་བ་དང་མར་ཁེ་སི་རིང་ལུགས་ཀྱི“ལྟ་བ་ལྔ”དང“སྨྲ་བ་གཉིས”ཀྱི་སློབ་གསོ་བཅས་སྤེལ་བར་རྒྱབ་སྐྱོར་བྱེད་རྒྱུ། རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་རྒྱུའི་སྲོལ་ཡིག་དང་འཆར་འགོད་དོན་འཁྱོལ་གཏིང་ཟབ་བྱས་ནས་དཔེ་བཟང་ཁུལ་འཛུགས་གཏོད“ཕྱོགས་དགུ་ལ་སྤེལ་བར”སྐུལ་སྤེལ་གཏོང་རྒྱུ། རིག་གནས་ཐོན་ལས་གོང་འཕེལ་གཏོང་རྒྱུ་དང་རིག་རྩལ་གསར་རྩོམ་དང་དེར་རོགས་སྐྱོར་བྱེད་པར་རྒྱབ་སྐྱོར་བྱས་ནས་དེ་བས་མང་བའི་བརྩམས་ཆོས་རྩེ་གྲས་འདོན་སྤེལ་བྱེད་པར་ཁྲིད་སྟོན་བྱེད་རྒྱུ་བཅས་དང་། སློབ་གྲྭའི་བསམ་བློ་ཆབ་སྲིད་ཀྱི་སློབ་གསོ་སྤེལ་ཤུགས་ཆེ་རུ་གཏོང་རྒྱུ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་སློབ་གསོ་དང་སྦྱོང་བརྡར་སྤྲོས་པར་ཤུགས་སྣོན་རྒྱག་རྒྱུ། ཚགས་པར་དུས་དེབ་དང་། བརྙན་འཕྲིན། གློག་འཕྲིན། གསར་འགྱུར་དྲ་ཚུཌ་སོགས་གཙོ་རྒྱུན་སྨྱན་སྦྱོར་འཛུགས་སྐྲུན་བྱེད་པར་སྐུལ་སྤེལ་གཏོང་རྒྱུ། མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྔར་བས་སྐུལ་འདེད་གཏོང་བར་རྒྱབ་སྐྱོར་བྱེད་རྒྱུ་བཅས་ཡིན། 

    ཆོས་ལུགས་ལས་དོན་ལ་ཁྲིམས་བཞིན་དོ་དམ་བྱེད་རྒྱུ། དགོན་སྡེར་དོ་དམ་བྱེད་པའི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་དགོན་སྡེའི་ནོར་ཁྲལ་ལ་ལྟ་སྐུལ་དོ་དམ་བྱེད་རྒྱུ་ཡོངས་སུ་ཁེབས་པར་སྐུལ་འདེད་གཏོང་རྒྱུ་དང་། དགོན་སྡེར་སྤྱི་པའི་ཞབས་ཞུ་བསྒྲུབ་རྒྱུར་སྐུལ་འདེད་བཏང་ནས་སྒྲིག་ཚུད་གྲྭ་བཙུན་གྱི་སྨན་བཅོས་འགན་བཅོལ་དང་། རྒན་གསོའི་འགན་བཅོལ། མ་མཐའི་འཚོ་བ་འགན་སྲུང་། གཟུགས་པོར་རིན་མེད་བརྟག་དཔྱད་སོགས་བྱེད་པའི་དགོན་སྡེ་དང་གྲྭ་བཙུན་ལ་ཕན་འདོགས་པའི་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་གྱིས་གྲྭ་བཙུན་གྱི་འཚོ་བའི་ཆ་རྐྱེན་ཟམ་མི་ཆད་པར་ལེགས་སུ་གཏོང་རྒྱུ། རྒན་རྒོན་དང་། ནད་པ། དབང་སྐྱོན། ཉམས་ཞན་བཅས་ཡིན་པའི་གྲྭ་བཙུན་གྱི་འཚོ་བའི་དཀའ་ངལ་ཐག་གཅོད་བྱེད་རྒྱུ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བར་ཤུགས་རྒྱག་རྒྱུ། བོད་ལྗོངས་ནང་བསྟན་སློབ་གླིང་ཡག་པོ་གཉེར་བར་རྒྱབ་སྐྱོར་བྱེད་རྒྱུ་བཅས་ཡིན། 

    2.ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་གོང་འཕེལ་གཏོང་རྒྱུའི་སྔོན་སྤེལ་ཁུལ་འཛུགས་གཏོད་བྱེད་པར་ཤུགས་བརྒྱབ་སྟེ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བར་འགན་ལེན་བྱེད་རྒྱུ།

    རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པར་སྐུལ་སྤེལ་གཏིང་ཟབ་གཏོང་རྒྱུ། ལྕགས་ལམ་དང་། རིམ་མཐོའི་གཞུང་ལམ། དམངས་སྤྱོད་མཁའ་འགྲུལ་གནམ་ཐང་བཅས་རྐང་འཛིན་དུ་བྱེད་པ་དང་། རྒྱལ་ཁབ་དང་ཞིང་ཆེན་གྱི་གཞུང་ལམ་དཀྱུས་མ་གཙོ་རྐང་དུ་བྱེད་པའི་ཕྱོགས་བསྡུས་ཕྱོགས་ཡོངས་ཀྱི་འགྲིམ་འགྲུལ་མ་ལག་འཐུས་སྒོ་ཚང་དུ་གཏོང་བར་རྒྱབ་སྐྱོར་བྱེད་རྒྱུ། ཁྲོན་བོད་ལྕགས་ལམ་བོད་ཀྱི་དུམ་བུ་འཛུགས་སྐྲུན་བྱེད་པར་ནུས་ཤུགས་ཡོད་རྒུས་གཞོགས་འདེགས་དང་རྒྱབ་སྐྱོར་བྱེད་རྒྱུ། མ་དངུལ་སྒོར་དུང་ཕྱུར་238བཀོད་སྒྲིག་བྱས་ཏེ་རྒྱལ་ཁབ་དང་ཞིང་ཆེན་གྱི་གཞུང་ལམ་ཨ་མ་དང“ལེགས་པོ་བཞིའི་གྲོང་གསེབ་ཀྱི་གཞུང་ལམ”འཛུགས་སྐྲུན་གང་མགྱོགས་བྱེད་རྒྱུ། མ་དངུལ་སྒོར་དུང་ཕྱུར་3.9བཀོད་སྒྲིག་བྱས་ཏེ་མཁའ་ལམ་གྱི་ཁ་གསབ་དང་གཟིགས་སྐྱོང་སྤ་སེའི་ཁ་གསབ་སྲིད་ཇུས་མུ་མཐུད་ལག་བསྟར་བྱེད་རྒྱུ་དང་སྦྲགས་དམངས་སྤྱོད་མཁའ་འགྲུལ་བྱ་གཞག་གོང་འཕེལ་མགྱོགས་སུ་གཏོང་རྒྱུ། ས་གནས་སྔོན་རྩིས་ནང་གཞི་རྩའི་འཛུགས་སྐྲུན་ཐད་མ་དངུལ་སྒོར་དུང་ཕྱུར་11བཀོད་སྒྲིག་བྱས་ཏེ་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་དོན་འཁྱོལ་ཡོང་བར་རྒྱབ་སྐྱོར་བྱེད་རྒྱུ། ཆུ་དང་། གློག གཞུང་ལམ། འཕྲིན་གཏོང་། དྲ་རྒྱ་སོགས་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་གང་མགྱོགས་གསབ་པར་རྒྱབ་སྐྱོར་བྱེད་རྒྱུ།

    གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་མགྱོགས་སུ་གཏོང་རྒྱུ། དབུལ་གྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དང་གྲོང་གསེབ་དར་རྒྱས་གཏོང་རྒྱུ་གཉིས་ཟུང་འབྲེལ་ནུས་ལྡན་བྱེད་པར་སྐུལ་སྤེལ་གཏོང་རྒྱུ་དང་། བར་བརྒལ་དུས་སྐབས་རིང་ནོར་སྲིད་ཀྱི་རྒྱབ་སྐྱོར་སྲིད་ཇུས་དང་མ་དངུལ་གྱི་གཞི་རྒྱ་སྤྱིའི་ཆ་ནས་བརྟན་འཁྱོངས་ཐུབ་པ་བྱས་ཏེ། དབུལ་ལོག་ལ་འགྱུར་ལྡན་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་བྱེད་པར་མུ་མཐུད་ཤུགས་སྣོན་རྒྱག་རྒྱུ་དང་། གནས་སྤོས་དབུལ་སྐྱོར་གྱི་རྗེས་མཐུད་རོགས་སྐྱོར་ཡག་པོ་བྱེད་རྒྱུ། མ་དངུལ་སྒོར་དུང་ཕྱུར་109.2བཀོད་སྒྲིག་བྱས་ནས་21.8%འཕར་བ་བྱེད་རྒྱུ་དང་། དེ་དག་དབུལ་གྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་ལས་འགན་ལྕི་བ་དང་གྲོང་གསེབ་དར་རྒྱས་གཏོང་བའི་རྨང་གཞི་ཞན་པའི་ས་ཁུལ་ལ་གཙོ་གནད་དུ་འཕར་གཟིགས་བྱེད་རྒྱུ། མ་དངུལ་སྒོར་དུང་ཕྱུར་102.8བཀོད་སྒྲིག་གིས་14%འཕར་བ་བྱེད་རྒྱུ། དེ་དག་འདེབས་ལས་དར་རྒྱས་གཏོང་བའི་བྱ་སྤྱོད་དང་། ས་མཐོའི་རྩྭ་ལས་གོང་འཕེལ་གཏོང་རྒྱུ། ཞིང་ལས་ཀྱི་ཐོན་ཁུངས་སྲུང་སྐྱོབ་དང་བེད་སྤྱོད་བྱེད་རྒྱུ། ཆུ་བེད་གོང་འཕེལ་དང་བསྒྱུར་བཅོས་བྱེད་རྒྱུ། རེས་སྐོར་གསར་པའི་ཚད་གཞི་མཐོ་བའི་ཞིང་ནང་འཛུགས་སྐྲུན་བྱེད་རྒྱུ་སོགས་ལ་སྐུལ་སྤེལ་གཏོང་བར་རྒྱབ་སྐྱོར་བྱས་ཏེ་ཞིང་འབྲོག་ལས་དེང་རབས་ཅན་དུ་འགྱུར་རྒྱུའི་རྨང་གཞི་བརྟན་དུ་གཏོང་རྒྱུ། ཞིང་ལས་འགན་བཅོལ་ཞུ་གྲོན་གྱི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་8བཀོད་སྒྲིག་བྱས་ནས་ཞིང་འབྲོག་ལས་ཀྱི་ཉེན་འགོག་ནུས་པ་ཆེ་རུ་གཏོང་རྒྱུ། གྲོང་གསེབ་ཀྱི་ཕྱོགས་བསྡུས་བསྒྱུར་བཅོས་བྱེད་རྒྱུར་སྐུལ་སྤེལ་གཏིང་ཟབ་བཏང་སྟེ་གྲོང་གསེབ་ཀྱི་སྤྱི་ཕན་བྱ་གཞག་འཛུགས་སྐྲུན་དང་། མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན། དེ་བཞིན་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གོང་འཕེལ་བཅས་ཇེ་མགྱོགས་སུ་གཏོང་རྒྱུ། གྲོང་གསེབ་ཀྱི་གཞི་རིམ་རྩ་འཛུགས་ཀྱི་ལས་གཉེར་གྲོན་དངུལ་འགན་སྲུང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་གྲོང་ཚོའི་ལས་བྱེད་པའི་ཐོབ་ཐང་མཐོ་རུ་གཏོང་རྒྱུ། དམངས་ཕན་ཞིང་ཕན་གྱི་ཁ་གསབ་མ་དངུལ“གཱ་གཅིག་ཀུན་འཐུས”ཀྱི་དོ་དམ་ལས་ཀར་སྐུལ་སྤེལ་གཏོང་རྒྱུ། 

    ས་མཐོའི་ཁྱད་ལྡན་ཐོན་ལས་སྐྱོང་སྤེལ་དང་སྟོབས་ཆེར་གཏོང་རྒྱུ། ཁྱད་ལྡན་ལེགས་ཆ་ཆེ་བའི་ཐོན་ལས་ལ་ནོར་སྲིད་ཀྱིས་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་ནས་གྲོང་ཁྱེར་དང་རྫོང་ལ་གཙོ་གནད་ཐོན་ལས་རྒྱ་སྟོབས་ཆེ་རུ་གཏོང་བར་ཁྲིད་སྟོན་བྱེད་རྒྱུ་དང་། འབབ་ཁུངས་དང་ཁྲལ་གཞི་བརྟན་དུ་གཏོང་རྒྱུ། ནས་དང་འབྲི་གཡག་སོགས་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་ཐོན་སྐྱེད་རྟེན་གཞི་དང་ཐོན་ལས་དར་ཁུལ་ཁག་གཅིག་ཚད་གཞི་མཐོན་པོས་འཛུགས་སྐྲུན་བྱེད་རྒྱུ། བོད་ལུགས་གསོ་རིག་དང་བོད་སྨན་ཐོན་ལས་ལ་སྐུལ་འདེད་བཏང་ནས་སྤུས་འབོར་གཉིས་ཀར་ཕན་སྐུལ་གཏོང་རྒྱུ། རིག་གནས་དང་ཡུལ་སྐོར་ཐོན་ལས་གོང་འཕེལ་གཏོང་བར་རྒྱབ་སྐྱོར་བྱས་ཏེ“དགུན་དུས་བོད་ཀྱི་ཡུལ་སྐོར”དང་། “རིག་གཏོད་བོད་ལྗོངས”གྲགས་རྟགས་ཀྱི་བག་ཆགས་འཇོག་ཤུགས་ཆེ་རུ་གཏོང་བར་ཕན་སྐུལ་གཏོང་རྒྱུ། མཐའ་མཚམས་ཚོང་དོན་གྱི་ཟོག་འགྲུལ་ཐོན་ལས་གོང་འཕེལ་གཏོང་བར་རྒྱབ་སྐྱོར་བྱེད་རྒྱུ་དང་སྦྲགས། མཐའ་མིའི་ཚོང་འབྲེལ་ཁུལ་དང་། མཐའ་མཚམས་ཚོང་དོན་ཁྲོམ་ར། མཐའ་མཚམས་ཚོང་དོན་ས་ཚིགས་བཅས་འཛུགས་སྐྱོང་བྱེད་པར་ཤུགས་སྣོན་རྒྱག་རྒྱུ། ནུས་རྒྱུ་གཙང་མའི་ཐོན་ལས་དང་། འབྱུང་འཕྲོད་བཟོ་ལས། དེང་རབས་ཞབས་ཞུའི་ལས་རིགས། མཐོ་གསར་གྲངས་འཛིན་ཐོན་ལས་བཅས་གོང་འཕེལ་གཏོང་བར་རྒྱབ་སྐྱོར་བྱེད་རྒྱུ་བཅས་ཡིན།

    གསར་གཏོད་ཀྱིས་སྐུལ་སྤེལ་བྱེད་པའི་འཐབ་ཇུས་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ། མ་དངུལ་སྒོར་དུང་ཕྱུར་2.8བཀོད་སྒྲིག་བྱས་ནས། ལག་རྩལ་གསར་ཤོས་དང་ས་མཐོར་སྤྱད་ན་འཚམ་པའི་འགག་རྩའི་ལྟེ་བའི་ལག་རྩལ་གྱི་འགག་སྒྲོལ་ཐད་རྒྱབ་སྐྱོར་བྱེད་རྒྱུ་དང་། ཚན་རྩལ་འབྲས་བུ་དངོས་སྒྱུར་དང་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་བཏང་སྟེ། གསར་གཏོད་ལས་སྟེགས་དང་གཉིས་གཏོད་གཞི་རྟེན་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུ། ལྷ་སའི་མཚོ་བོད་ས་མཐོའི་ཚན་རྩལ་ཞིབ་འཇུག་ལྟེ་གནས་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ། ཚན་རིག་ལག་རྩལ་ཁྱབ་གདལ་གཏོང་བར་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ། ཚན་རྩལ་པས་གཞི་རིམ་དུ་ཞབས་ཞུ་སྒྲུབ་པའི་བྱེད་སྒོ་སྤེལ་བར་རྒྱབ་སྐྱོར་བྱེད་རྒྱུ་བཅས་ཡིན།

    བསྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ། ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་གསར་པ་ལག་བསྟར་བྱས་ཏེ། ཁྲོམ་རའི་བྱེད་པོ་དང་ལྷག་པར་དུ་ཁེ་ལས་འབྲིང་ཆུང་དང་། སྒེར་གཉེར་བཟོ་ཚོང་ཐེམ་དུད་བཅས་ཀྱི་ཁུར་བུ་ཡང་གཏོང་དང་དཀའ་ངལ་སེལ་རོགས། དེ་བཞིན་གོང་འཕེལ་སླར་གསོ་ཡོང་བར་རོགས་རམ་བྱེད་རྒྱུ་དང་། ནོར་སྲིད་ཀྱི་མ་དངུལ་ཐད་ཀར་སྤྲོད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། མ་དངུལ་བགོ་བགྲེམས་དང་བེད་སྤྱོད་བྱེད་པའི་ལས་རིམ་ལེགས་སུ་གཏོང་བ། མ་དངུལ་བེད་སྤྱོད་བྱེད་པའི་མྱུར་ཚད་མགྱོགས་སུ་གཏོང་བ་བཅས་བྱས་ཏེ། མ་དངུལ་བེད་སྤྱོད་བྱ་ཡུལ་ལ་ཐད་ཀར་གཏོང་ཐུབ་རྒྱུ་དང་ཁེ་ལས་དང་མང་ཚོགས་ལ་ཐད་ཀར་ཕན་པ་ཐོབ་པའི་འགན་ལེན་བྱེད་རྒྱུ། མ་དངུལ་སྒོར་དུང་ཕྱུར་5བཀོད་སྒྲིག་བྱས་ནས་ཚོང་དང་མ་རྩ་འདྲེན་འགུགས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་པར་རྒྱབ་སྐྱོར་བྱེད་རྒྱུ། མ་དངུལ་སྒོར་དུང་ཕྱུར་3བཀོད་སྒྲིག་བྱས་ནས་ཁེ་ལས་འབྲིང་ཆུང་གོང་འཕེལ་གཏོང་བར་ཕན་སྐུལ་གཏོང་རྒྱུ། མ་དངུལ་སྒོར་དུང་ཕྱུར་1.74བཀོད་སྒྲིག་བྱས་ནས་ས་གོ་ལའི་གླིང་སྣེ་གསུམ་པའི་ཁུལ་ཁོངས་ཀྱི་སྤྱི་པའི་གྲགས་རྟགས་གཏོད་པར་སྐུལ་འདེད་གཏོང་རྒྱུ་བཅས་ཡིན། 

    ལས་ཞུགས་ཀྱི་སྤུས་ཚད་མཐོ་རུ་གཏོང་བར་ཤུགས་རྒྱག་རྒྱུ། ལས་ཞུགས་སྔོན་འཇོག་གི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ། ལས་ཞུགས་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་29.8བཀོད་སྒྲིག་བྱེད་རྒྱུ་དང་། ཁྲོམ་ར་ཅན་དུ་འགྱུར་བའི་ཁ་ཕྱོགས་མཐའ་འཁྱོངས་ཀྱིས་རོགས་སྐྱོར་དང་བྱ་དགའི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱས་ཏེ་སློབ་ཆེན་ཐོན་པའི་སློབ་མས་ཁྲོམ་རར་ལས་ཞུགས་དང་རང་བརྟེན་ལས་གཏོད་བྱེད་པར་ཁྲིད་སྟོན་བྱེད་རྒྱུ། སྒྲིག་འཛུགས་ཡོད་པའི་སྒོ་ནས་གནས་སྒྱུར་ལས་ཞུགས་དང་རྩལ་ནུས་སྦྱོང་བརྡར་སྤྲོས་ཤུགས་ཆེ་རུ་བཏང་སྟེ། ཞིང་འབྲོག་མང་ཚོགས་རྒྱུན་མཐུད་ལས་ཞུགས་ཐུབ་ནས་ཡོང་འབབ་འཕར་སྣོན་ཡོང་བར་སྐུལ་འདེད་གཏོང་རྒྱུ། དཀའ་ངལ་ཡོད་པའི་མང་ཚོགས་ལ་ལས་ཞུགས་ཀྱི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། གྲོང་ཁྱེར་དང་གྲོང་རྡལ་གྱི་དཀའ་ངལ་ཡོད་པའི་མི་སྣ་དང་། དབང་པོ་སྐྱོན་ཅན། དམག་ཞབས་ཐིམ་པའི་དམག་མི་སོགས་གཙོ་གནད་རིགས་གྲས་ལས་ཞུགས་ཏན་ཏིག་ངང་དམ་འཛིན་ཡག་པོ་བྱེད་རྒྱུ་བཅས་ཡིན། 

    མི་དམངས་ཀྱི་བློ་ལ་བབ་པའི་སློབ་གསོ་ཡག་པོ་གཉེར་བར་ཤུགས་རྒྱག་རྒྱུ། སློབ་གསོའི་གཏོང་ཆ་འགན་སྲུང་བྱེད་ལམ་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་སློབ་གསོའི་ཐོན་ཁུངས་མཁོ་སྤྲོད་བྱེད་རྒྱ་ཆེ་རུ་གཏོང་རྒྱུའི་ཐད། སློབ་གསོའི་བྱ་གཞག་གི་གྲོན་དངུལ་སྒོར་དུང་ཕྱུར་268.4བཀོད་སྒྲིག་བྱས་ཤིང་13.5%འཕར་ཡོད། ལོ་15ཡི་གཞུང་གྲོན་སློབ་གསོའི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱས་ཏེ། སློབ་གསོའི“འགན་ལེན་གསུམ”གྱི་གྲོན་དངུལ་ཚད་གཞི་དེ་ལོ་རེར་སློབ་མ་རེར་ཆ་སྙོམས་སྒོར་240སྤོར་རྒྱུ། འགན་བབས་སློབ་གསོ་སྤུས་ལེགས་དོ་མཉམ་གྱི་འཛུགས་གཏོད་ལས་ཀར་རྒྱབ་སྐྱོར་བྱས་ནས། སློབ་སྔོན་སློབ་གསོ་དང་། དམིགས་བསལ་སློབ་གསོ། རྒྱུན་མཐུད་སློབ་གསོ། བོད་ལྗོངས་འཛིན་གྲྭ་བཅས་ཡག་པོ་གཉེར་རྒྱུ། མཐོ་རིམ་སློབ་གསོ་དང་ལས་རིགས་སློབ་གསོ་གོང་འཕེལ་གཏོང་བར་རྒྱབ་སྐྱོར་བྱས་ཏེ། དགེ་འོས་དང་དེ་བཞིན་ཞིང་འབྲོག་ནགས་ཆུ་ས་གཏེར་བཅས་རིགས་ཁག་གི་ཆེད་ལས་ལ་སློབ་ཡོན་མེད་པའི་སློབ་གསོའི་སྲིད་ཇུས་མུ་མཐུད་ལག་བསྟར་བྱས་ནས་ཆེད་ལས་ཀྱི་རྩལ་ནུས་ལྡན་པའི་གོ་ཆོད་ཤེས་ལྡན་པ་དེ་བས་མང་བ་གསོ་སྐྱོང་བྱེད་རྒྱུ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་སློབ་གྲྭ་100གསར་འཛུགས་བྱེད་རྒྱུ་དང་སློབ་གྲྭ་78ལ་གཅིག་བསྡུས་ཐོག་དྲོད་གཏོང་ལས་གཞི་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ། དགེ་རྒན་དཔུང་ཁག་འཛུགས་སྐྱོང་བྱེད་པར་ཤུགས་སྣོན་རྒྱག་རྒྱུ་དང་སྦྲགས། སློབ་གསོའི་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་བྱེད་ལམ་གཏིང་ཟབ་ཏུ་གཏོང་བར་རྒྱབ་སྐྱོར་བྱེད་རྒྱུ།

    འཕྲོད་བསྟེན་དང་བདེ་ཐང་གི་ཆུ་ཚད་མཐོ་རུ་གཏོང་བར་ཤུགས་རྒྱག་རྒྱུ། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་འགྲོ་གྲོན་འགན་སྲུང་ཡག་པོ་བྱས་ཏེ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཕྲལ་སྡོམ་ཐག་གཅོད་བྱེད་ནུས་འཛུགས་སྐྱོང་བྱེད་པར་ཤུགས་སྣོན་རྒྱག་རྒྱུ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་ཁ་གསབ་རོགས་དངུལ་གྱི་ཚད་གཞི་དེ་ལོ་རེར་མི་རེར་ཆ་སྙོམས་སྒོར་645ལ་སྤོར་རྒྱུ་དང་། གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ཁ་གསབ་རོགས་དངུལ་གྱི་ཚད་གཞི་དེ་ལོ་རེར་མི་རེར་ཆ་སྙོམས་སྒོར་105ལ་སྤོར་རྒྱུ། འཕྲོད་བསྟེན་དང་བདེ་ཐང་གི་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས། སྨན་བཅོས་ཀྱི་ཐོན་ཁུངས་སྤུས་ལེགས་རྒྱ་བསྐྱེད་གཤམ་སྒྱུར་དང་ཁྱབ་ཚུལ་དོ་མཉམ་ཡོང་བར་སྐུལ་འདེད་གཏོང་རྒྱུ། སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ། ལྷན་སྐྱེས་སྙིང་ནད་དང་གྲུམ་བུ་ཚིགས་ཆེན་གྱི་ནད་རིགས་སྲོག་སྐྱོབ་སྨན་བཅོས་བྱེད་པའི་བྱ་སྤྱོད་དང་འདུས་འདྲིལ་གློ་བའི་གཅོང་ནད་མེད་པ་བཟོ་བའི་བྱ་སྤྱོད་སྤེལ་རྒྱུ། བུད་མེད་ཀྱི“སྐྲན་ནད་གཉིས”དབྱེ་བཤེར་སྨན་བཅོས་བྱེད་པར་སྐུལ་འདེད་གཏོང་རྒྱུ། ལོ་13ནས་14བར་གྱི་སློབ་གྲྭར་ཡོད་པའི་སློབ་ཕྲུག་བུ་མོར་HPVརིམས་འགོག་སྨན་ཁབ་རྒྱག་རྒྱུ་དང་ལོ་60ཡན་གྱི་རྒན་རྒོན་དང་སློབ་གྲྭ་འབྲིང་ཆུང་ཁག་ཏུ་ཡོད་པའི་སློབ་ཕྲུག་ལ་རང་མོས་དང་རིན་མེད་ཐོག་ཆམ་རིམས་འགོག་པའི་སྨན་ཁབ་རྒྱག་རྒྱུ། དེ་བཞིན་རང་སྐྱོང་ལྗོངས་ཀྱི་སྨན་ཁང་བསྐྲུན་ནས་བེད་སྤྱོད་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་དང་། ལྗོངས་ཡོངས་ལ་ཁེབས་པའི་བློ་རིག་སྨན་བཅོས་ཞབས་ཞུའི་མ་ལག་འཛུགས་པར་སྐུལ་འདེད་གཏོང་རྒྱུ། བོད་ལུགས་གསོ་རིག་སྨན་ལས་བྱ་གཞག་རྒྱུན་འཛིན་དང་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་རྒྱུ། བདེ་ཐང་འཐུང་ཇ་ཁྱབ་གདལ་གཏོང་བར་རྒྱབ་སྐྱོར་བྱེད་རྒྱུ་བཅས་ཡིན།

    མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་པོ་ཡོང་བར་ཤུགས་རྒྱག་རྒྱུ། རིག་གནས་ཀྱིས“མཐའ་གསོས”བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ་དང་རིག་གནས་ཀྱི་དམངས་ཕན་བརྒྱ་སྟོང་ཁྲིའི་ལས་གཞི་ལག་བསྟར་གཏིང་ཟབ་བྱས་ཏེ། གཞི་རྩའི་སྤྱི་པའི་རིག་གནས་ཞབས་ཞུར་མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། གཞི་རིམ་རིག་གནས་ཀྱི་འཐབ་ས་སྟོབས་ཆེར་གཏོང་བར་རྒྱབ་སྐྱོར་བྱེད་རྒྱུ། ཞིང་འབྲོག་ཁུལ་གྱི་ཐོན་གསར་པའི་ཐད་གཏོང་སྲུང་སྐར་གྱི་རླུང་འཕྲིན་བརྙན་འཕྲིན“དུད་ཚང་ཀུན་ཁྱབ”ལས་གཞིར་སྐུལ་འདེད་གཏོང་རྒྱུ། རིག་དངོས་གནའ་ཤུལ་སྲུང་སྐྱོབ་དང་། ཞིབ་འཇུག བེད་སྤྱོད་བཅས་བྱེད་པར་རྒྱབ་སྐྱོར་བྱས་ཏེ། མངོན་མིན་རིག་གནས་ཤུལ་བཞག་གྲས་སུ་འཇུག་རྒྱུའི་རེ་ཞུ་འབུལ་བའི་ལས་དོན་ཡག་པོ་བསྒྲུབ་རྒྱུ། ལུས་རྩལ་ཐང(ཁང)སྤྱི་ཚོགས་ལ་སྒོ་དབྱེ་བྱེད་པར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ལྗོངས་ཡོངས་ཀྱི་སྐབས་བཅུ་གསུམ་པའི་ལུས་རྩལ་འགྲན་ཚོགས་དང་སྐབས་ལྔ་པའི་མི་རིགས་སྲོལ་རྒྱུན་གྱི་ལུས་རྩལ་འགྲན་ཚོགས་ཡག་པོ་གཉེར་རྒྱུ་བཅས་ཡིན།

    སྤྱི་ཚོགས་ཀྱི་འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་གཏོང་བར་ཤུགས་རྒྱག་རྒྱུ། ལས་འཁྱུར་རྒན་ཡོལ་ཞུས་པའི་མི་སྣའི་གཞི་རྩའི་རྒན་གསོའི་མ་དངུལ་གྱི་ཚད་གཞི་ལེགས་སྒྲིག་འོས་འཚམ་བྱེད་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོའི་འགན་བཅོལ་གྱི་རྨང་གཞིའི་རྒན་གསོའི་དངུལ་དེ་ཟླ་རེར་མི་རེར་ཆ་སྙོམས་སྒོར་215ལ་སྤོར་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་དེ་ཞིང་ཆེན་རིམ་པར་གཅིག་གྱུར་འཆར་འགོད་བྱེད་པར་སྐུལ་འདེད་བཏང་ནས། ནད་གཞི་ཆེ་རིགས་དང་ཚབས་ཆེ་རིགས་ཀྱི་སྨན་བཅོས་འགན་བཅོལ་དང་རོགས་སྐྱོབ་སྲིད་ཇུས་ཚགས་ཚུད་དུ་གཏོང་རྒྱུ། སྤྱི་ཚོགས་རོགས་སྐྱོབ་ཀྱི་སྲིད་ཇུས་དོན་འཁྱོལ་བྱས་ཏེ་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་སྲུང་བྱེད་པར་ཤུགས་སྣོན་བརྒྱབ་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་མ་མཐའི་འཚོ་བ་འགན་སྲུང་གི་ཚད་གཞི་དེ་ཁག་སོ་སོར་ལོ་རེར་མི་རེར་སྒོར་11120དང་སྒོར་5160ལ་སྤོར་རྒྱུ། ལོ་ན་མཐོ་བའི་རྒན་རྒོན་ལ་བདེ་ཐང་གི་ཁ་གསབ་དངུལ་སྒོར་200སྤོར་རྒྱུ་བཅས་ཡིན། 

    སྡོད་ཁང་འགན་སྲུང་གི་ལས་གཞིར་སྐུལ་འདེད་གཏོང་བར་ཤུགས་རྒྱག་རྒྱུ། སྡོད་ཁང་སྐྱོ་ཁུལ་གྱི་དུད་ཚང་5500བསྒྱུར་བཀོད་བྱེད་རྒྱུ་དང་གྲོང་ཁྱེར་གྲོང་རྡལ་གྱི་སྡེ་ཁུལ་རྙིང་པ་དང་ཆུང་གྲས་31བསྒྱུར་བཀོད་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་དང་། བོགས་གཏོང་གཞུང་ཁང་དང་འགན་སྲུང་རང་བཞིན་གྱི་བོགས་གཏོང་སྡོད་ཁང་ཁག་གཅིག་བཟོ་སྐྲུན་བྱས་ཏེ། གྲོང་ཁྱེར་དང་གྲོང་རྡལ་གྱི་ཡོང་འབབ་དམའ་བའི་ཁྱིམ་ཚང་གི་སྡོད་ཁང་གི་དཀའ་ངལ་སེལ་རྒྱུ་དང་། དེ་བཞིན་གྲོང་གསེབ་ཀྱི་ཉེན་ཁ་ཆེ་བའི་ཁང་པ་བསྒྱུར་བཀོད་བྱེད་རྒྱུ། མ་དངུལ་སྒོར་དུང་ཕྱུར་28བཀོད་སྒྲིག་བྱས་ཏེ་ལས་བྱེད་པའི་ལུས་གསོའི་རྟེན་གཞི་འཛུགས་སྐྲུན་གང་མགྱོགས་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ། བོད་སྐྱོར་ལས་བྱེད་པའི་སྤྱི་ཤག་གི་སྒྲིག་ཆས་བགོ་སྒྲིག་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་བཅས་ཡིན།

    3. རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་བྱེད་པར་ཤུགས་བརྒྱབ་སྟེ་སྐྱེ་ཁམས་ཁོར་ཡུག་བཟང་པོ་ཡོང་བར་འགན་ལེན་བྱེད་རྒྱུ། 

    ཕྱོགས་ཡོངས་ནས་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོ་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུའི་ཐད། མ་དངུལ་སྒོར་དུང་ཕྱུར་61.7བཀོད་སྒྲིག་བྱས་ནས་རི་ཆུ་ནགས་ཞིང་དང་མཚོ་རྩྭ་བྱེ་འཁྱགས་བཅས་གཞི་གཅིག་ཅན་དུ་སྲུང་སྐྱོབ་དང་སླར་གསོ་བྱེད་པར་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་རྒྱུ་དང་། ལྷ་སའི་ལྷོ་བྱང་གཉིས་ཀྱི་རི་བོ་སྔོ་ལྗང་ཅན་དུ་འགྱུར་བར་སྐུལ་འདེད་ཤུགས་ཆེ་གཏོང་རྒྱུ། “ཆུ་གཉིས་གཙང་བཞི”རྒྱུག་ཁུལ་གྱི་སྔོ་ལྗང་ནགས་བཟོ་དང་གྲོང་གསེབ་ཀྱི“འགྲམ་བཞིའི”ཤིང་འཛུགས་ལས་འགུལ་ལག་བསྟར་གཏིང་ཟབ་བྱེད་རྒྱུ། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་ལས་དོན་ཡག་པོ་སྤེལ་རྒྱུར་མ་དངུལ་སྒོར་དུང་ཕྱུར་6.7བཀོད་སྒྲིག་བྱས་ཏེ་ཕྱོགས་ཡོངས་ནས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ནུས་རྒྱུ་བསྲི་ཚགས་དང་བཙོག་སྐྱོན་ཉུང་དུ་གཏོང་རྒྱུར་སྐུལ་སྤེལ་གཏོང་བ། ནུས་རྒྱུ་གཙང་མ་གོང་འཕེལ་གཏོང་བ་བཅས་ལ་བརྟེན་ནས་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ངང་ལེགས་སུ་གཏོང་བར་སྐུལ་འདེད་གཏོང་རྒྱུ། འཚོ་བའི་གད་སྙིགས་དང་བཙོག་ཆུ་གཙང་གསིང་བྱེད་པའི་སྒྲིག་བཀོད་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུའི་མདོང་དྲ་ཡོངས་སུ་ཁེབས་པར་སྐུལ་སྤེལ་གཏོང་རྒྱུ། ལྗོངས་ཡོངས་ཀྱི་རང་བྱུང་གནོད་འཚེའི་ཕྱོགས་བསྡུས་ཉེན་ཁར་ཡོངས་བཤེར་བྱེད་པའི་ལས་དོན་ཡག་པོ་བསྒྲུབ་པར་རྒྱབ་སྐྱོར་བྱེད་རྒྱུ། ཡུལ་བབ་དང་བསྟུན་ནས་གྲོང་གསེབ་ཀྱི་གསང་སྤྱོད་གསར་བརྗེ་བྱེད་པར་སྐུལ་འདེད་གཏོང་རྒྱུ། ཕྱོགས་ཡོངས་ནས་སྐྱེ་ཁམས་ཀྱི་དམངས་ཕྱུག་ལས་གཞི་ལག་བསྟར་བྱས་ཏེ། སྐྱེ་ཁམས་ཀྱི་ནུས་པ་ཐོན་ཁུལ་གཙོ་གྲས་ཀྱི་མ་དངུལ་སྒྱུར་སྤྲོད་བྱེད་ཤུགས་ཆེ་རུ་བཏང་ཐོག སྐྱེ་ཁམས་ཀྱི་ཁ་གསབ་ཚད་གཞི་མཐོ་རུ་གཏོང་རྒྱུ། ནགས་ཚལ་དང་། འདམ་ར། རྩྭ་ཐང་བཅས་ཀྱི་སྐྱེ་ཁམས་ཕན་འབྲས་ཀྱི་སྐྱོང་གསབ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཆུའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་སྐྱོང་གསབ་ལམ་སྲོལ་བཙུགས་ཏེ། སྲིད་ཇུས་དང་མཐུན་པའི་སྤྱི་ཕན་ནགས་གླིང་གསར་སྣོན་བྱེད་རིགས་རྒྱལ་ཁབ་ཀྱི་སྐྱོང་གསབ་བྱེད་ཁོངས་སུ་འཇུག་རྒྱུའི་སྐུལ་འདེད་གཏོང་རྒྱུ། རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཁ་གསབ་བྱ་དགའ་དང་སྐྱེ་ཁམས་ཀྱི་ལས་ཞུགས་ལས་གནས་ཀྱི་ཁ་གསབ་སྲིད་ཇུས་དོན་འཁྱོལ་བྱེད་རྒྱུ། རྒྱལ་ཁབ་སྤྱི་གླིང་གིས་གཙོ་རྐང་བྱས་པའི་རང་བྱུང་སྲུང་སྐྱོབ་ས་ཆའི་མ་ལག་འཛུགས་རྒྱུར་རྒྱབ་སྐྱོར་བྱས་ཏེ། རང་བྱུང་སྲུང་སྐྱོབ་ཁུལ་ནང་གི་གཏེར་ཁའི་བདག་དབང་ཕྱིར་འཐེན་བྱེད་པའི་ལས་དོན་དང་རྨོ་ཞིང་གི་རྗེས་གྲབས་ཐོན་ཁུངས་ལ་ཞིབ་བཤེར་དཔྱད་གདེང་བྱེད་པར་གཅིག་གྱུར་འཆར་འགོད་ཡག་པོ་བྱེད་རྒྱུ། ཐཱན་བསྡུ་དཔལ་འབྱོར་གོང་འཕེལ་གཏོང་བར་རྒྱབ་སྐྱོར་བྱེད་རྒྱུ།

    4. རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དམངས་ཕྱུག་གི་ལས་འགུལ་སྤེལ་བའི་དཔེ་སྟོན་ཁུལ་འཛུགས་གཏོད་བྱེད་པར་ཤུགས་བརྒྱབ་སྟེ་མཐའ་སྲུང་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་ཡོང་བར་འགན་ལེན་བྱེད་རྒྱུ། 

    དཔལ་འབྱོར་སྤྱི་ཚོགས་དང་མཐའ་སྲུང་འཛུགས་སྐྲུན་བྱེད་པར་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་རྒྱུ་དང་། ནོར་སྲིད་ཀྱིས་མཐའ་མཚམས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པའི་མང་བསྡུས་སྲིད་ཇུས་ཞིབ་འཇུག་བཟོ་འདོན་བྱེད་རྒྱུ་བཅས་ཀྱི་ཁར། མཐའ་མཚམས་ས་ཁུལ་ལ་སྒྱུར་སྤྲོད་མ་དངུལ་སྒོར་དུང་ཕྱུར་29.6བཀོད་སྒྲིག་བྱས་ཏེ། མཐའ་མིའི་ཁ་གསབ་རོགས་དངུལ་འགྱུར་ལྡན་ལེགས་སྒྲིག་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། མཐའ་མཚམས་སུ་གནས་སྤོས་པའི་འཐབ་ས་དང་པོའི་ཞིང་འབྲོག་མང་ཚོགས་རིམ་བཞིན“ལས་རིགས་མཐའ་མིར”སྒྱུར་བའི་བྱ་ཐབས་དང་བྱེད་ཐབས་འཚོལ་ཞིབ་བྱེད་རྒྱུ། མཐའ་མཚམས་ས་ཁུལ་གྱི་ཐོན་ལས་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། རྒྱུ་དངོས་དང་ལག་རྩལ་ལ་བརྟེན་ནས་ཟོན་འགོག་འཛུགས་སྐྱོང་བྱེད་པར་སྐུལ་འདེད་གཏོང་རྒྱུ། མཐའ་མཚམས་སུ་གནས་སྤོ་དང་མཐའ་མཚམས་ཀྱི་གྲོང་ཚོ་གྲོང་རྡལ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གང་མགྱོགས་གཏོང་རྒྱུ་དང་། མཐའ་མཚམས་ས་ཁུལ་གྱི་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་ཀྱི་ཞན་ཆ་གསབ་རྒྱུ། མཐའ་མཚམས་ས་ཁུལ་གྱི་མང་ཚོགས་ལ་སློབ་གསོ་དང་། སྨན་བཅོས། ལས་ཞུགས་སོགས་ལ་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་བཟོ་འབེབས་བྱས་ཏེ། ལྟེ་བའི་ས་ཁུལ་དང་ས་ཁད་ཧ་ཅང་མཐོ་སར་གནས་པའི་མང་ཚོགས་རྣམས་གཙོ་གནད་དུ་མཐའ་མཚམས་ཀྱི་འཐབ་ས་དང་པོར་གནས་སྤོ་བྱེད་པའི་འདྲེན་འགུགས་དང་། ལྗོངས་ཕྱིའི་བློ་འདོད་ཡོད་པའི་མང་ཚོགས་རྣམས་ཞིང་ཆེན་བརྒལ་ནས་མཐའ་མཚམས་ཀྱི་འཐབ་ས་དང་པོར་གནས་སྤོ་བྱེད་རྒྱུའི་སྐུལ་མ་གཏོང་བ་བཅས་བྱས་ཏེ། མི་འབོར་མཐའ་མཚམས་སུ་གནས་སྤོས་བདེ་སྡོད་ཡོད་བར་སྐུལ་སྤེལ་གཏོང་རྒྱུ། མཚོ་རྩིས་སྨི་3500ཡན་གྱི་རྫོང་གྲོང་དང་། ཤང་དང་གྲོང་རྡལ་ལ་གསོ་རླུང་མཁོ་འདོན་བྱེད་པའི་ལས་གཞི་ལག་བསྟར་བྱེད་རྒྱུ། དམག་དམངས་མཉམ་འདྲེས་གོང་འཕེལ་གཏོང་བར་རྒྱབ་སྐྱོར་བྱེད་རྒྱུ་བཅས་ཡིན། 

    (བཞི) 2022ལོའི་སྔོན་རྩིས་ཀྱི་གཏོང་ཡོང་བཀོད་སྒྲིག

    1.སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས། ལྗོངས་ཡོངས་ཀྱི་ཡོང་འབབ་ཀྱི་སྤྱི་འབོར་སྒོར་དུང་ཕྱུར་2849.2ཡིན་ཞིང་ལོ་གོང་མའི་སྔོན་རྩིས་དང་བསྡུར་ན་35.6%འཕར་ཡོད། དེའི་ནང་ས་གནས་ཀྱི་ཡོང་འབབ་སྒོར་དུང་ཕྱུར་208.8ཡིན་ཞིང་ལོ་གོང་མའི་སྔོན་རྩིས་དང་བསྡུར་ན་2.6%འཕར་ཡོད། ཀྲུང་དབྱང་གི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་1761.4དང་། སྤྱིར་བཏང་གི་བུ་ལོན་གྱི་ཡོང་འབབ་སྒོར་དུང་ཕྱུར་22སྔོན་རྩིས་བརྟན་སྙོམས་ཐེབས་རྩར་སྤྱོད་རྒྱུ་སྒོར་དུང་ཕྱུར་305.9 སྒྱུར་འཇུག་མ་དངུལ་སྒོར་དུང་ཕྱུར་6.7 ལོ་གོང་མའི་འཕྲོས་སྒྱུར་སྒོར་དུང་ཕྱུར་544.4བཅས་ཡིན། གཏོང་སྒོའི་སྤྱི་འབོར་སྒོར་དུང་ཕྱུར་2849.2ཡིན་ཞིང་ལོ་གོང་མའི་སྔོན་རྩིས་དང་བསྡུར་ན་35.6%འཕར་ཡོད་ལ། གཏོང་ཡོང་དོ་མཉམ་བྱུང་ཡོད། 

    རང་སྐྱོང་ལྗོངས་རིམ་པ་འདི་གའི་ཡོང་འབབ་ཀྱི་སྤྱི་འབོར་སྒོར་དུང་ཕྱུར་2136.6ཡིན་ཞིང་ལོ་གོང་མའི་སྔོན་རྩིས་དང་བསྡུར་ན་18.7%འཕར་ཡོད། དེའི་ནང་ས་གནས་ཀྱི་ཡོང་འབབ་སྒོར་དུང་ཕྱུར་26.5ཡིན་ཞིང་ལོ་གོང་མའི་སྔོན་རྩིས་དང་བསྡུར་ན་6%འཕར་བ་དང་། ཀྲུང་དབྱང་གི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་1761.4དང་། སྤྱིར་བཏང་བུ་ལོན་གྱི་ཡོང་འབབ་སྒོར་དུང་ཕྱུར་22 སྔོན་རྩིས་བརྟན་སྙོམས་ཐེབས་རྩར་སྤྱོད་རྒྱུ་སྒོར་དུང་ཕྱུར་120 སྒྱུར་འཇུག་མ་དངུལ་སྒོར་དུང་ཕྱུར་0.7 ལོ་གོང་མའི་འཕྲོས་སྒྱུར་སྒོར་དུང་ཕྱུར་206བཅས་ཡིན། གཏོང་སྒོའི་སྤྱི་འབོར་སྒོར་དུང་ཕྱུར་2136.6ཡིན་ཞིང་ལོ་གོང་མའི་སྔོན་རྩིས་དང་བསྡུར་ན་18.7%འཕར་ཡོད། དེའི་ནང་རང་སྐྱོང་ལྗོངས་རིམ་པ་འདི་གར་སྡེ་ཚན་དང་ཚན་པར་སྤྱོད་རྒྱུའི་གཏོང་སྒོ་སྒོར་དུང་ཕྱུར་641ཡིན་པ་དང་། རང་སྐྱོང་ལྗོངས་རིམ་པ་འདི་གའི་སྔོན་གྲབས་གྲོན་དངུལ་སྒོར་དུང་ཕྱུར་16བཀོད་སྒྲིག་བྱས་པ། ས་གནས་དང་གྲོང་ཁྱེར་ལ་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་1251.6བཀོད་སྒྲིག་བྱས་ཤིང་31%འཕར་ཡོད། སྤྱིར་བཏང་གི་བུ་ལོན་སྐྱི་སྒྱུར་གྱི་གཏོང་སྒོ་སྒོར་དུང་ཕྱུར་22བཀོད་སྒྲིག་བྱས་ཡོད། ལོ་གོང་མའི་འཕྲོས་སྒྱུར་གཏོང་སྒོ་སྒོར་དུང་ཕྱུར་206ཡིན་ཞིང་། དེ་དག་དོན་འཁྱོལ་བྱེད་པའི་ཁྲོད་སྡེ་ཚན་དང་། ས་གནས་དང་གྲོང་ཁྱེར་ཁག་ལ་བགོས་ནས་སྤྲོད་རྒྱུ་ཡིན། གཏོང་ཡོང་དོ་མཉམ་བྱུང་ཡོད། 

    2.སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས། ལྗོངས་ཡོངས་ཀྱི་ཡོང་འབབ་ཀྱི་སྤྱི་འབོར་སྒོར་དུང་ཕྱུར་94.7ཡིན་ཞིང་ལོ་གོང་མའི་སྔོན་རྩིས་དང་བསྡུར་ན་26.3%འཕར་ཡོད། དེའི་ནང་ས་གནས་ཀྱི་ཡོང་འབབ་སྒོར་དུང་ཕྱུར་45.5ཡིན་ཞིང་ལོ་གོང་མའི་སྔོན་རྩིས་དང་བསྡུར་ན་17%ཆག་ཡོད། ཀྲུང་དབྱང་གི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་4.7དང་། ཆེད་དམིགས་བུ་ལོན་གྱི་ཡོང་འབབ་སྒོར་དུང་ཕྱུར་6 ལོ་གོང་མའི་འཕྲོས་སྒྱུར་སྒོར་དུང་ཕྱུར་38.5བཅས་ཡིན། གཏོང་སྒོའི་སྤྱི་འབོར་སྒོར་དུང་ཕྱུར་94.7ཡིན་ཞིང་ལོ་གོང་མའི་སྔོན་རྩིས་དང་བསྡུར་ན་26.3%འཕར་ཡོད། གཏོང་ཡོང་དོ་མཉམ་བྱུང་ཡོད།

    རང་སྐྱོང་ལྗོངས་རིམ་པ་འདི་གའི་ཡོང་འབབ་ཀྱི་སྤྱི་འབོར་སྒོར་དུང་ཕྱུར་15.1ཡིན་ཞིང་ལོ་གོང་མའི་སྔོན་རྩིས་དང་བསྡུར་ན་1.2%ཆག་ཡོད། དེའི་ནང་ས་གནས་ཀྱི་ཡོང་འབབ་སྒོར་དུང་ཕྱུར་2.6ཡིན་ཞིང་ལོ་གོང་མའི་སྔོན་རྩིས་དང་བསྡུར་ན་8%ཆག་ཡོད། ཀྲུང་དབྱང་གི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་4.7དང་། ཆེད་དམིགས་བུ་ལོན་གྱི་ཡོང་འབབ་སྒོར་དུང་ཕྱུར་6 ལོ་གོང་མའི་འཕྲོས་སྒྱུར་སྒོར་དུང་ཕྱུར་1.8བཅས་ཡིན། གཏོང་སྒོའི་སྤྱི་འབོར་སྒོར་དུང་ཕྱུར་15.1ཡིན་ཞིང་ལོ་གོང་མའི་སྔོན་རྩིས་དང་བསྡུར་ན་1.2%ཆག་ཡོད། དེའི་ནང་རང་སྐྱོང་ལྗོངས་རིམ་པ་འདི་གའི་སྡེ་ཚན་དང་ཚན་པར་སྤྱོད་རྒྱུ་སྒོར་དུང་ཕྱུར་5.2དང་། ས་གནས་དང་གྲོང་ཁྱེར་ལ་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་2.1བཀོད་སྒྲིག་བྱས་ཤིང་78.2%འཕར་ཡོད། ཆེད་དམིགས་བུ་ལོན་སྐྱི་སྒྱུར་གཏོང་སྒོ་སྒོར་དུང་ཕྱུར་6བཀོད་སྒྲིག་བྱས་ཡོད། ལོ་གོང་མའི་འཕྲོས་སྒྱུར་གཏོང་སྒོ་སྒོར་དུང་ཕྱུར་1.8ཡིན་ཞིང་། དེ་དག་ལག་བསྟར་བྱེད་པའི་ཁྲོད་སྡེ་ཚན་དང་། ས་གནས་དང་གྲོང་ཁྱེར་ཁག་ལ་བགོས་ནས་སྤྲོད་རྒྱུ་ཡིན། གཏོང་ཡོང་དོ་མཉམ་བྱུང་ཡོད།

    3.གཞུང་ཁོངས་མ་རྩའི་གཉེར་སྐྱོང་སྔོན་རྩིས། ལྗོངས་ཡོངས་ཀྱི་ཡོང་འབབ་ཀྱི་སྤྱི་འབོར་སྒོར་དུང་ཕྱུར་7.2ཡིན་ཞིང་ལོ་གོང་མའི་སྔོན་རྩིས་དང་བསྡུར་ན་20.3%ཆག་ཡོད། དེའི་ནང་གཞུང་ཁོངས་ཁེ་ལས་ཀྱིས་འཇལ་སྤྲོད་བྱས་པའི་ཡོང་འབབ་སྒོར་དུང་ཕྱུར་5.5དང་། ལོ་གོང་མའི་འཕྲོས་སྒྱུར་སྒོར་དུང་ཕྱུར་1.7ཡིན། གཏོང་སྒོའི་སྤྱི་འབོར་སྒོར་དུང་ཕྱུར་7.2ཡིན་ཞིང་ལོ་གོང་མའི་སྔོན་རྩིས་དང་བསྡུར་ན་20.3%ཆག་ཡོད། དེའི་ནང་སྒྱུར་འཐེན་མ་དངུལ་སྒོར་དུང་ཕྱུར་1.7ཡིན། གཏོང་ཡོང་དོ་མཉམ་བྱུང་ཡོད།

    རང་སྐྱོང་ལྗོངས་རིམ་པ་འདི་གའི་ཡོང་འབབ་ཀྱི་སྤྱི་འབོར་སྒོར་དུང་ཕྱུར་3.5ཡིན་ཞིང་ལོ་གོང་མའི་སྔོན་རྩིས་དང་བསྡུར་ན་45.5%ཆག་ཡོད། དེའི་ནང་གཞུང་ཁོངས་ཁེ་ལས་ཀྱིས་འཇལ་སྤྲོད་བྱས་པའི་ཡོང་འབབ་སྒོར་དུང་ཕྱུར་2.5དང་། ལོ་གོང་མའི་འཕྲོས་སྒྱུར་སྒོར་དུང་ཕྱུར་1ཡིན། གཏོང་སྒོའི་སྤྱི་འབོར་སྒོར་དུང་ཕྱུར་3.5ཡིན་ཞིང་ལོ་གོང་མའི་སྔོན་རྩིས་དང་བསྡུར་ན་45.5%ཆག་ཡོད། དེའི་ནང་སྒྱུར་འཐེན་མ་དངུལ་སྒོར་དུང་ཕྱུར་0.7ཡོད། གཏོང་ཡོང་དོ་མཉམ་བྱུང་ཡོད།

    4.སྤྱི་ཚོགས་འགན་བཅོལ་གྱི་ཐེབས་རྩའི་སྔོན་རྩིས། ལྗོངས་ཡོངས་ཀྱི་སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་ཡོང་འབབ་ཀྱི་སྤྱི་འབོར་སྒོར་དུང་ཕྱུར་256.4ཡིན། དེའི་ནང་འགན་བཅོལ་ཞུ་གྲོན་གྱི་ཡོང་འབབ་སྒོར་དུང་ཕྱུར་204.5དང་། ནོར་སྲིད་ཀྱི་ཁ་གསབ་དང་སྐྱེད་ཀ་སོགས་ཡོང་འབབ་གཞན་དག་སྒོར་དུང་ཕྱུར་51.9ཡིན། ལྗོངས་ཡོངས་ཀྱི་སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་སྔོན་རྩིས་ཀྱི་གཏོང་སྒོ་སྒོར་དུང་ཕྱུར་216.2ཡིན། གཏོང་ཡོང་མགོ་ཐུག་བཏང་རྗེས། སྔོན་དཔག་བྱས་ན་ལོ་དེར་ལྷག་འཕྲོ་སྒོར་དུང་ཕྱུར་40.2དང་། ལོ་མཇུག་ཏུ་རིམ་གསོག་ལྷག་འཕྲོ་སྒོར་དུང་ཕྱུར་506.9ཡོང་རྒྱུ་རེད། 

    གསལ་བཤད་བྱེད་དགོས་པའི་དོན་གནད། གཅིག་ནི་ས་གནས་དང་གྲོང་ཁྱེར་གྱི་སྔོན་རྩིས་དེ་ས་གནས་དང་གྲོང་ཁྱེར་གྱིས་བཟོ་སྒྲིག་བྱེད་རྒྱུའི་འགན་འཁུར་བ་དང་། སྙན་སྒྲོན་འདིའི་ནང་འཁོད་པའི་ལྗོངས་ཡོངས་ཀྱི་གཏོང་ཡོང་བཀོད་སྒྲིག་བྱས་པ་ཚང་མ་རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་ཕྱོགས་བསྡོམས་རགས་ཙམ་བྱས་པའི་སྤྱི་གྲངས་ཡིན། གཉིས་ནི་ནོར་སྲིད་པུས་སྔ་སྣུར་དུ་2022ལོའི་གསར་སྣོན་བུ་ལོན་གྱི་བཅད་གྲངས་སྒོར་དུང་ཕྱུར་27(སྤྱིར་བཏང་བུ་ལོན་སྒོར་དུང་ཕྱུར་21དང་ཆེད་དམིགས་བུ་ལོན་སྒོར་དུང་ཕྱུར་6)གཤམ་སྤྲོད་བྱས་པ་དང་། 2021ལོའི་ལྷག་འཕྲོའི་གསར་སྣོན་གྱི་སྤྱིར་བཏང་བུ་ལོན་གྱི་བཅད་གྲངས་སྒོར་དུང་ཕྱུར་1གཤམ་སྤྲོད་བྱས་པ་དེ་དག་ཁག་སོ་སོར་2022ལོའི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་དང་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་ཡོང་འབབ་ནང་བཅུག་ཟིན་ཞིང་། མིག་སྔར་བུན་ལོར་གྱི་སྔོན་གྲབས་ལས་དོན་སྤེལ་མུས་ཡིན་པ་དང་། བུན་ལོར་གྱི་མ་དངུལ་བེད་སྤྱོད་བྱེད་པའི་ཇུས་གཞི་དེ་ལག་བསྟར་བྱེད་པའི་ཁྲོད་མི་དམངས་འཐུས་ཚོགས་ལ་སྙན་སེང་ཞུ་རྒྱུ་ཡིན། གསུམ་ནི་སྔོན་རྩིས་བཅའ་ཁྲིམས་ཀྱི་གཏན་འབེབས་གཞིར་བཟུང་། སྔོན་རྩིས་ཀྱི་ལོ་འཁོར་འགོ་བཙུགས་རྗེས་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་གྱིས་སྔོན་རྩིས་འཆར་ཟིན་ལ་ཆོག་མཆན་མ་སྤྲད་གོང་། གཏོང་སྤྲོད་བྱེད་དགོས་ངེས་ཀྱི་མི་སྣ་དང་གཞི་རྩའི་ལས་གཉེར་སོགས་ཀྱི་གཏོང་སྒོའི་རིགས་སྔ་སྣུར་དུ་བཀོད་སྒྲིག་བྱས་པ་ཡིན། 


    གསུམ། 2022ལོའི་ནོར་སྲིད་བསྒྱུར་བཅོས་དང་དོ་དམ་གྱི་ལས་ཀར་སྐུལ་སྤེལ་གཏོང་རྒྱུ།

    (གཅིག) ལས་རྗེས་སྔོན་རྩིས་དང་། གཞི་གསར་སྔོན་རྩིས། སྔོན་རྩིས་དོ་དམ་བཅས་གཞི་གཅིག་ཅན་གྱི“2+1”གི་ནོར་སྲིད་དོ་དམ་བྱེད་ཕྱོགས་བསྒྱུར་བཅོས་བྱེད་པར་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་སྤེལ་གཏིང་ཟབ་གཏོང་རྒྱུ།

    སྔོན་རྩིས་ཀྱི་ལས་རྗེས་ཀྱི་དོ་དམ་སྤུས་འབྲས་ལེགས་སུ་གཏོང་བར་སྐུལ་འདེད་གཏོང་རྒྱུ། ནོར་སྲིད་དང་། རྩིས་བཤེར། མ་དངུལ་སྤྱོད་མཁན་ཚན་པ་བཅས་ཕྱོགས་མང་མཉམ་འགུལ་དང“མ་དངུལ་བཏང་རིགས་ལ་ཕན་འབྲས་ངེས་པར་རྩད་གཅོད་དང་། ཕན་འབྲས་མེད་རིགས་ལ་འགན་འཁྲི་ངེས་པར་རྩད་གཅོད་བྱེད་པའི”ལས་རྗེས་དོ་དམ་གྱི་ལམ་སྲོལ་ཞིག་ཆགས་པར་སྐུལ་འདེད་གཏོང་རྒྱུ་དང་། འབྱུང་རྩ་ནས་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་ལས་རྗེས་དམིགས་ཚད་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུ། དཔྱད་གདེང་བྱེད་ལུགས་བྱེད་སྟངས་གསར་གཏོད་ཀྱིས་ལས་རྗེས་ཀྱི་ཕྱི་རོལ་དཔྱད་གདེང་ལ་ཤུགས་སྣོན་རྒྱག་རྒྱུ། གལ་ཆེའི་ནོར་སྲིད་སྲིད་ཇུས་ལ་ལས་སྔོན་ཚོད་སྐོར་དང་། ལས་དཀྱིལ་ལྟ་སྡོམ། ལས་མཇུག་དཔྱད་གདེང་བཅས་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་སྔོན་རྩིས་བཀོད་སྒྲིག་དང་ལས་རྗེས་ཀྱི་གྲུབ་འབྲས་འབྲེལ་མཐུད་ནུས་ལྡན་བྱེད་པའི་ལམ་སྲོལ་ཚགས་ཚུད་དུ་གཏོང་རྒྱུ། ལས་རྗེས་ཀྱི་ཆ་འཕྲིན་ཡོངས་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་བཅས་ཡིན། གཞི་གསར་སྔོན་རྩིས་ཀྱི་བསམ་གཞི་སྤྱོད་པར་ཤུགས་སྣོན་རྒྱག་རྒྱུ། རྣམ་གྲངས་ཐོ་མཛོད་རྨང་གཞིར་བྱས་ཏེ་སྔོན་རྩིས་བཟོ་འགོད་ལེགས་བཅོས་ཀྱིས་གལ་ཆེ་ཆུང་དང་དལ་བྲེལ་ཆེ་ཆུང་གཞིར་བཟུང་རྣམ་གྲངས་གྲབས་གསོག་དངོས་འབྲེལ་དང་ཞིབ་ཚགས་པོ་བྱེད་རྒྱུ། ད་ཡོད་ཀྱི་གཏོང་སྒོའི་སྲིད་ཇུས་ལ་ཚོད་སྐོར་བྱས་ནས་དུས་ཚོད་ཟིན་ཞིང་ཆ་རྐྱེན་དང་མི་འཚམ་པའི་རྣམ་གྲངས་གཙང་སེལ་དང་ཕྱིར་འཐེན་བྱེད་རྒྱུ་མ་ཟད་གསར་སྣོན་རྣམ་གྲངས་ཚོད་འཛིན་ནན་པོ་བྱེད་རྒྱུ། རང་དགར་གཏོང་སྒོ་འཕར་སྣོན་བྱེད་པའི་སྲིད་ཇུས་བཟོ་འདོན་བྱེད་རིགས་ནན་འགོག་དང་དེ་སྔའི་ལོ་འཁོར་གྱི་གཏོང་སྒོ་འཕར་སྣོན་གྱི་སྲིད་ཇུས་ཁུངས་འདེད་བཟོ་འདོན་བྱེད་རིགས་ནན་འགོག་བྱེད་རྒྱུ། སྲིད་གཞུང་གིས་གཏོང་མཁས་སྤྱོད་མཁས་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་སྤྱིར་བཏང་རང་བཞིན་གྱི་གཏོང་སྒོ་དང་། འཕྲལ་མཁོ་ཆེན་པོ་མིན་པ། མི་གཏོང་དཀའ་མེད་མིན་པའི་གཏོང་སྒོ་སྔར་བས་ཉུང་འཕྲི་བྱས་ཏེ་གྲོན་ཆུང་བསྲི་ཚགས་བྱས་པའི་མ་དངུལ་ཚང་མ་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་པའི་ཐད་གཏོང་རྒྱུ། སྔོན་རྩིས་དོ་དམ་གཞི་གཅིག་ཅན་དུ་འགྱུར་བར་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་རྒྱུ། སྔོན་རྩིས་དོ་དམ་གཞི་གཅིག་ཅན་དུ་འགྱུར་རྒྱུའི་ལས་སྒོ་ཚད་ལྡན་ཡོང་རྒྱུར་ཁྲིད་སྟོན་བྱས་ཏེ། རྣམ་གྲངས་ཐོ་མཛོད་དང་ལས་སྒོའི་དོ་དམ་གྱི“རྨང་གཞི་གཉིས”སྲ་བརྟན་དུ་གཏོང་རྒྱུ་དང་། ལྗོངས་ཡོངས་ཀྱིས་གཅིག་གྱུར་ཐོག་སྔོན་རྩིས་དོ་དམ་གཞི་གཅིག་ཅན་དུ་འགྱུར་བའི་མ་ལག་སྤྱད་དེ་སྔོན་རྩིས་བཟོ་འགོད་བྱེད་རྒྱུ་དང་། གཏོང་སྒོའི་ལས་སྒོ་གཉེར་སྒྲུབ་བྱེད་རྒྱུ། སྔོན་རྩིས་དོ་དམ་དང་། རིམ་པ་གོང་འོག་གི་ནོར་སྲིད། སྲིད་གཞུང་དང་སྡེ་ཚན་ཚན་པ་བཅས་ཀྱི་སྔོན་རྩིས“འབྲེལ་མཐུད་གསུམ”མངོན་འགྱུར་ཡོང་བ་བྱེད་རྒྱུ་བཅས་ཡིན།

    (གཉིས) རང་སྐྱོང་ལྗོངས་མན་གྱི་ནོར་སྲིད་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ།

    བཟོ་འདོན་བྱས་ཟིན་པའི་ནོར་སྲིད་ཀྱི་དོན་དབང་དང་གཏོང་སྒོའི་འགན་འཁྲི་བསྒྱུར་བཅོས་བྱེད་རྒྱུའི་ཇུས་གཞི་དོན་འཁྱོལ་བྱས་ནས་ཁྱབ་ཁོངས་གཞན་དག་གི་ནོར་སྲིད་ཀྱི་དོན་དབང་དང་གཏོང་སྒོའི་འགན་འཁྲི་ཁག་དབྱེ་བསྒྱུར་བཅོས་བྱེད་པར་སྐུལ་སྤེལ་གཏོང་རྒྱུ་དང་། རང་སྐྱོང་ལྗོངས་ཀྱིས་གཤམ་འོག་ལ་མ་དངུལ་སྒྱུར་སྤྲོད་བྱེད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་སྤྱིར་བཏང་རང་བཞིན་གྱི་མ་དངུལ་སྒྱུར་སྤྲོད་ཀྱི་གཞི་རྒྱ་དང་བསྡུར་ཚད་རིམ་བཞིན་མཐོ་རུ་གཏོང་བ་དང་སྦྲགས། ཐུན་མོང་གི་ནོར་སྲིད་ཀྱི་དོན་དབང་སྒྱུར་སྤྲོད་མ་དངུལ་གྲངས་ཚང་བཀོད་སྒྲིག་བྱེད་རྒྱུ་དང་། ཆེད་དམིགས་མ་དངུལ་སྒྱུར་སྤྲོད་རྣམ་གྲངས་ཀྱི་ཁ་གྲངས་དང་མ་དངུལ་གྱི་གཞི་རྒྱ་ཚོད་འཛིན་ལུགས་མཐུན་བྱེད་རྒྱུ། “ཁ་གསབ་བྱ་དགར་སྒྱུར་བའི”ཁྲལ་འབབ་ཕྱིར་སློག་ལམ་སྲོལ་ཞིབ་འཇུག་བཟོ་འབེབས་བྱེད་རྒྱུ་བཅས་ཡིན།

    (གསུམ) སྔོན་རྩིས་དོ་དམ་ལམ་ལུགས་སྔར་བས་བསྒྱུར་བཅོས་གཏིང་ཟབ་བྱེད་རྒྱུ།

    ནོར་སྲིད་ཀྱི་ཐོན་ཁུངས་གཅིག་གྱུར་འཆར་འགོད་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་ནོར་སྲིད་ཐོན་ཁུངས་བགོ་སྒྲིག་བྱེད་པའི་ནུས་ཕྱོད་ཆེ་རུ་གཏོང་རྒྱུ། རྣམ་གྲངས་ཀྱི་ལས་དུས་ཧྲིལ་པོར་དོ་དམ་བྱེད་རྒྱུ་ལག་བསྟར་གྱིས་རྣམ་གྲངས་ཀྱི་དུས་འགོའི་འཆར་འགོད་དང་གྲབས་གསོག་ཡག་པོ་བྱས་ཐོག རྣམ་གྲངས་མཛོད་འཇུག་བྱེད་པར་ཞིབ་དཔྱད་ནན་པོ་བྱེད་རྒྱུ། ནོར་སྲིད་ཀྱི་དུས་དཀྱིལ་འཆར་འགོད་ཀྱིས་ལོ་འཁོར་སྔོན་རྩིས་ལ་གཅུན་སྡོམ་བྱེད་པར་ཤུགས་སྣོན་རྒྱག་རྒྱུ། རྣམ་གྲངས་ཀྱི་སྔོན་རྩིས་དེ་ལོ་འཁོར་དུ་བགོས་ནས་བཀོད་སྒྲིག་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ། རྣམ་གྲངས་ལག་བསྟར་བྱས་ཚུལ་ལ་དབྱེ་ཞིབ་དང་གྲུབ་འབྲས་བཀོལ་སྤྱོད་བྱེད་པར་ཤུགས་སྣོན་རྒྱག་རྒྱུ། གཏོང་སྒོའི་ཚད་གཞིའི་མ་ལག་འཛུགས་སྐྱོང་ཇེ་མགྱོགས་བཏང་ནས་རྣམ་གྲངས་ཀྱི་གཙོ་རྒྱུ་དང་། རྣམ་གྲངས་ཀྱི་དཔྱད་ཡིག ལས་རྗེས་ཀྱི་དམིགས་ཚད་སོགས་ཚད་གཞི་ཅན་དང་ཚད་ལྡན་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ་བཅས་ཡིན།

    (བཞི) ཉེན་ཁ་འགོག་ཟོན་བྱེད་པར་ཤུགས་སྣོན་རྒྱག་རྒྱུ།

    ཆེད་དམིགས་བུན་ལོར་ལ་དོ་དམ་དང་བེད་སྤྱོད་ཡག་པོ་བྱེད་པ་དང་སྦྲགས། འཕེལ་བསྒྱུར་ཨུ་ལྷན་དང་ལས་རིགས་ཀྱི་གཙོ་འགན་འཁུར་མཁན་སྡེ་ཚན་ལ་མཉམ་སྒྲུབ་གཞོགས་འདེགས་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་རྣམ་གྲངས་ཀྱི་མ་དངུལ་གྱི་དགོས་མཁོར་དབྱེ་གསེད་དང་རྣམ་གྲངས་གྲབས་གསོག་བྱེད་པའི་སྤུས་ཚད་མཐོ་རུ་བཏང་ཐོག རྣམ་གྲངས་ཞིབ་ཚགས་དང་ཏན་ཏིག་ངང་ལེགས་སྒྲུབ་ཐུབ་ཁར། རྣམ་གྲངས་ཁག་གཅིག་ལས་འགོ་བཙུགས་ནས་འཛུགས་སྐྲུན་བྱེད་པ་དང་ཆབས་ཅིག རྣམ་གྲངས་ཁག་གཅིག་གྲབས་གསོག་ཐུབ་རྒྱུར་འབད་བརྩོན་གྱིས་མ་འཇོག་ནུས་ལྡན་ཡོང་བར་སྐུལ་འདེད་གཏོང་རྒྱུ། སྡེ་ཚན་དང་ཚན་པར་ས་གནས་སྲིད་གཞུང་གི་མངོན་མེད་བུ་ལོན་མེད་པ་བཟོ་རྒྱུའི་བྱེད་པོའི་འགན་འཁྲི་སྣོན་འཁུར་གྱིས་འཕར་འབོར་ཡོང་རིགས་མཐའ་གཅིག་ཏུ་བཀག་འགོག་བྱེད་རྒྱུ། གསོག་འབོར་མེད་པ་བཟོ་གང་ཐུབ་ཀྱིས་བུ་ལོན་མེད་པ་བཟོ་ཚུལ་དངོས་འབྲེལ་མིན་པ་དང་མངོན་མེད་བུ་ལོན་གསར་འཕར་བྱུང་བར་འགན་འདེད་ནན་པོ་བྱེད་རྒྱུ། ས་གནས་དང་གྲོང་ཁྱེར་རིམ་པའི་མངོན་མེད་བུ་ལོན་གཙང་སེལ་བྱེད་པའི་ཚོད་ལྟ་སྤེལ་རྒྱུ། གཞི་རིམ་ནོར་སྲིད་འཁོར་རྒྱུག་གི་ཉེན་ཁར་འགོག་ཟོན་ནུས་ལྡན་བྱེད་པ་དང་། ནོར་ཤུགས་གཞི་རིམ་དུ་འཕར་གཟིགས་བྱེད་ཤུགས་ཆེ་རུ་གཏོང་བ། འཁོར་རྒྱུག་ལ་ལྟ་སྡོམ་བྱེད་རྒྱུར་ཤུགས་སྣོན་རྒྱག་པ། མ་དངུལ་ལེགས་སྒྲིག་འཚམ་མཐུན་བྱེད་པ་བཅས་བྱས་ཏེ། གཞི་རིམ་ལ་དངོས་ཡོད་དཀའ་ངལ་དང་ཐོལ་བྱུང་གནད་དོན་ཐག་གཅོད་བྱེད་རོགས་བྱེད་རྒྱུ། གཞི་རིམ་ནོར་སྲིད་ཀྱིས་རིགས་འདྲ་མིན་གྱི་གཏོང་སྒོ་བཀོད་སྒྲིག་བྱེད་རྒྱུ་གཅིག་གྱུར་འཆར་འགོད་ཡག་པོ་བྱེད་པར་མཛུབ་ཁྲིད་བྱེད་རྒྱུ་དང་། གནས་སྐབས་གཏོང་སྤྲོད་བྱེད་པའི་མ་དངུལ་གནས་སྨིན་གང་བརྟན་ཡོང་བ་བྱས་ཏེ། ནོར་སྲིད་བརྟན་པོའི་ངང་འཁོར་རྒྱུག་ཐུབ་རྒྱུར་འགན་ལེན་བྱེད་རྒྱུ་བཅས་ཡིན། 

    (ལྔ) ནོར་དཔལ་སྒྲིག་ཁྲིམས་ནན་དུ་གཏོང་རྒྱུ།

    ནོར་དཔལ་སྒྲིག་ཁྲིམས་ལ་ཐོག་མཐའ་བར་གསུམ་དུ་བཀུར་ཞིང་སྐྲག་པ་རྒྱུན་འཁྱོངས་ཀྱིས་བྱ་ལས་ཚང་མ་ལམ་ལུགས་དང་སྒྲིག་སྲོལ་གཞིར་བཟུང་དོན་གཉེར་བྱེད་རྒྱུ་དང་། ནོར་དཔལ་གྱི་ཁྲིམས་སྲོལ་དང་དོ་དམ་ལམ་ལུགས་ཁག་ལག་བསྟར་ནན་པོ་བྱས་ཏེ། རྒྱལ་ཁབ་ཀྱིས་གཅིག་གྱུར་དུ་བཟོས་པའི་ནོར་ཁྲལ་སྲིད་ཇུས་ཇི་མ་ཇི་བཞིན་དུ་ལག་བསྟར་གནས་འཁེལ་ཡོང་བ་བྱེད་རྒྱུ་མ་ཟད། ལམ་ལུགས་ཀྱི་སྒམ་ནན་རང་བཞིན་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་རྒྱུ། ནོར་སྲིད་དོ་དམ་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ཁར་གཏོང་ཡོང་གི་བྱ་སྤྱོད་ཚད་ལྡན་བཟོས་ཐོག སྡེ་ཚན་དང་ཚན་པའི་སྔོན་རྩིས་དོ་དམ་གྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱེད་རྒྱུ། དོན་འཁྱོལ་ཐུབ་པ་བྱེད་རྒྱུ་དམིགས་ཚད་དུ་བྱས་ནས་སྔོན་རྩིས་ཏན་ཏིག་བཟོས་ཐོག བསྒྲུབ་རྒྱུར་གཏན་ལ་འཁེལ་བའི་ལས་དོན་ཚང་མ་ལོ་འགོའི་སྔོན་རྩིས་ནང་བཅུག་ནས“ལྡོག་མེད་ཆད་ཆ”མི་ལུས་པ་བྱས་ཏེ། སྔོན་རྩིས་བཟོས་མེད་པ་དང་སྔོན་རྩིས་ལས་བརྒལ་བའི་གཏོང་སྒོའི་རིགས་གཏན་འགོག་བྱེད་རྒྱུ་དང་སྦྲགས། ཕྱོགས་མང་ཐེངས་མང་གི་སྔོན་རྩིས་བསྐྱར་སྣོན་བྱེད་རིགས་ཚོད་འཛིན་ནན་པོ་བྱེད་རྒྱུ། གཏན་འབེབས་ལས་འགལ་ནས་ཐོག་ཁང་དང་། ཚོགས་ཁང་། མགྲོན་ཁང་སོགས་སྐྲུན་པར་བཀག་འགོག་ནན་པོ་བྱེད་རྒྱུ་དང་། ལས་རྗེས་ལས་གཞི་དང་རྟགས་མཚོན་ལས་གཞི་གཉེར་རིགས་བཀག་འགོག་ནན་པོ་བྱེད་རྒྱུ། ནོར་དཔལ་སྒྲིག་ཁྲིམས་དང་འགལ་བའི་བྱེད་སྤྱོད་གང་རུང་ལ་དོ་དམ་དང་དམ་འཛིན་དངོས་འབྲེལ་བྱས་ཏེ་ནོར་དཔལ་སྒྲིག་ཁྲིམས་དེ་ཐུག་རེག་བྱེད་མི་རུང་བའི“གློག་ཆེན”ཞིག་ལ་འགྱུར་བ་བྱེད་རྒྱུ་བཅས་ཡིན། 

    (དྲུག) ཕྱོགས་ཁག་གི་ལྟ་སྐུལ་ལ་རང་འགུལ་ངང་དང་ལེན་ཧུར་ཐག་ཞུ་རྒྱུ།

    སྔོན་རྩིས་ལ་ཞིབ་བཤེར་དང་ལྟ་སྐུལ་བྱེད་པའི་གཙོ་གནད་དེ་གཏོང་སྒོའི་སྔོན་རྩིས་དང་སྲིད་ཇུས་ཐོག་རྒྱ་སྐྱེད་གཏོང་ཕྱོགས་ཀྱི་མི་དམངས་འཐུས་ཚོགས་ཀྱི་འབྲེལ་ཡོད་བླང་བྱ་དོན་འཁྱོལ་ནན་ཏན་བྱེད་རྒྱུ་དང་སྦྲགས། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་མི་དམངས་འཐུས་ཚོགས་ཀྱི་འབྲེལ་ཡོད་ཕྱོགས་ཀྱི་བསམ་འཆར་དང་གྲོས་འཆར་ཉན་འཇོག་ཧུར་ཐག་བྱེད་རྒྱུ་དང་། མི་དམངས་འཐུས་ཚོགས་ཀྱིས་ཁྲིམས་བཞིན་སྔོན་རྩིས་ལ་ལྟ་སྐུལ་ཞིབ་བཤེར་བྱེད་པའི་འགན་དབང་སྤྱོད་པར་རྒྱབ་སྐྱོར་བྱེད་རྒྱུ། དེ་བཞིན་རྩིས་བཤེར་གྱིས་རྩད་གཅོད་བྱས་པའི་གནད་དོན་བཅོས་སྒྲིག་ནན་ཏན་བྱེད་རྒྱུ་མ་ཟད། འབྲེལ་ཡོད་ཀྱི་སྲིད་ཇུས་དང་བྱེད་ཐབས་དང་། ལམ་ལུགས་དང་བྱ་ཐབས་དུས་ཐོག་ཏུ་འཐུས་སྒོ་ཚང་དུ་གཏོང་རྒྱུ། རྩིས་བཤེར་གྱིས་རྩད་གཅོད་བྱས་པའི་གནད་དོན་དང་སྔོན་རྩིས་བཀོད་སྒྲིག་བྱེད་པ་གཉིས་ཟུང་དུ་སྦྲེལ་བའི་ལམ་སྲོལ་ལག་བསྟར་བྱེད་རྒྱུ། “ཀུན་གསལ་གྱི་ནོར་སྲིད”གཏོད་རྒྱུ་དང་ཡོངས་བསྒྲགས་བྱེད་རྒྱ་ཆེ་རུ་བཏང་ནས་སྡེ་ཚན་དང་ཁོངས་གཏོགས་ཚན་པའི་སྔོན་རྩིས་ཡོངས་བསྒྲགས་བྱེད་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་བཅས་ཡིན། 

    འཐུས་མི་རྣམ་པ། 2022ལོའི་ནོར་སྲིད་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་འགན་འཁྲི་ཆེ་ལ་ལས་འགན་གཟི་བརྗིད་ལྡན་པ་ཞིག་ཡིན། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དེ་བས་དམ་ཟབ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱེད་རྒྱུ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་ལ་རང་འགུལ་ངང་དང་ལེན་ཞུ་རྒྱུ། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་བསམ་འཆར་དང་གྲོས་འཆར་ནན་ཏན་གྱིས་ཉན་འཇོག་བྱེད་རྒྱུ་བཅས་ཀྱི་ཐོག་ནས། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པས་དཔེ་རིས་འཆར་འགོད་བྱས་པའི་བརྗིད་ཆེའི་དམིགས་ཚད་ལ་ཁ་ཕྱོགས་ནས་དཀའ་སྤྱད་སྙིང་རུས་དང་དཔའ་ངར་ཆེན་པོས་མདུན་སྐྱོད་བྱས་ཏེ། ནོར་སྲིད་ཀྱི་ལས་དོན་ཁག་ཏན་ཏིག་ཡག་པོ་བསྒྲུབས་ཁར་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ཧུར་ཐག་བྱེད་རྒྱུ་དང་། གཟེངས་སུ་ཐོན་པའི་གྲུབ་འབྲས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་སྐོང་ཚོགས་བྱེད་རྒྱུར་བསུ་བ་ཞུ་རྒྱུ་ཡིན།

    (རང་སྐྱོང་ལྗོངས་ཚོགས་འདུ་གཉིས་ཀྱི་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང)

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།