དབུ་ཤོག>སྲིད་དོན།
  • སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འཐབ་ཇུས་མཛད་ཕྱོགས་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཆབ་སྲིད་ཀྱི་འགན་..

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-01-28

    1608398_yis_1643299200000_s.jpg

    ཟླ་1ཚེས་26ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་སྒྲིག་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག་གསུང་བཤད་གནང་བ།

    1608400_yis_1643299200000_s.jpg

    ཟླ་1ཚེས་26ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་སྒྲིག་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་ལྷ་སར་འཚོགས་ཤིང་། འདི་ནི་ཚོགས་ར་ཡིན་པ།

    ཚེས་26ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་སྒྲིག་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག་གསུང་བཤད་གནང་བ་རེད། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བཅས་བྱས་ནས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་བཀོད་སྒྲིག་བླང་བྱ་ལྟར། “གཏན་འཁེལ་གཉིས”སྲུང་སྐྱོང་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ་ཏང་གི་ལོ་བརྒྱའི་འབད་འཐབ་ལས་བྱུང་བའི་རྩ་ཆེའི་ཉམས་མྱོང་དང་སྤྱོད་ཚུལ་བཟང་པོ་དར་སྤེལ་གཏོང་བ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འཐབ་ཇུས་མཛད་ཕྱོགས་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ། ཏང་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། རུལ་རྒོལ་འཐབ་རྩོད་ཀྱི་རྣམ་གནོན་རང་བཞིན་གྱི་རྣམ་པ་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་སྡེབ་གཅིག་ཏུ་སྐུལ་འདེད་གཏོང་བ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་ལམ་ལུགས་རང་བཞིན་གྱི་གྲུབ་འབྲས་དེ་བས་ཆེ་བ་དང་བཅོས་སྐྱོང་གི་ཕན་འབྲས་དེ་བས་ཆེ་བ་ཐོབ་པར་སྐུལ་འདེད་གཏོང་བ། “འཛུགས་གཏོད་བཞིར”སྐུལ་འདེད་གཏོང་བར་ཤུགས་སྣོན་རྒྱག་པ་དང“མདུན་གྲལ་དུ་སླེབས་པ་བཞི”ཧུར་ཐག་སྒྲུབ་པ་བཅས་བྱས་ཏེ། གངས་ལྗོངས་ས་མཐོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་པར་ཆབ་སྲིད་ཀྱི་འགན་ལེན་ནུས་ལྡན་བྱས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་པར་བསུ་བ་ཞུ་དགོས་པའི་ནན་བཤད་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་བློ་བཟང་རྒྱལ་མཚན་དང་། ཡན་ཅིན་ཧའེ། ཁྲེན་ཡུང་ཆི་བཅས་ཚོགས་འདུར་ཞུགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཝང་ཝུའེ་ཏུང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཝང་ཅུན་ཀྲེང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་ཐོབ་པའི་ལོ་རྒྱུས་རང་བཞིན་དང་གསར་གཏོད་རང་བཞིན་གྱི་གྲུབ་འབྲས་དང་ཐོན་པའི་ཕྱོགས་ཡོངས་དང་གཏིང་ཟབ་པའི་ཤུགས་རྐྱེན་རྒྱས་བཤད་གཏིང་ཟབ་གནང་བ་མ་ཟད། རྒྱུན་སྲིང་ལྷོད་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་གཏིང་ཟབ་ཀྱི་ཕྱོགས་སུ་སྐུལ་འདེད་གཏོང་བའི་ཐད་འཐབ་ཇུས་བཀོད་སྒྲིག་ཀྱང་གནང་ཡོད། གསུང་བཤད་ཀྱི་བརྗོད་དོན་གཏིང་ཟབ་པ་དང་། དགོངས་པ་ཟབ་པ། ནང་དོན་ཕུན་སུམ་ཚོགས་པ་བཅས་ཡོད་པས་ཆབ་སྲིད་ཀྱི་རང་བཞིན་དང་། བསམ་བློའི་རང་བཞིན། མཛུབ་ཁྲིད་ཀྱི་རང་བཞིན་བཅས་ཆེན་པོ་ལྡན་ཡོད། འདི་ནི་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་འདུ་འགོད་རླབས་པོ་ཆེར་སྐུལ་འདེད་གཏོང་བའི་རྩ་བའི་གཞི་འཛིན་ས་ཞིག་དང་། དུས་བབ་གསར་པའི་འོག་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་ཡག་པོ་སྒྲུབ་པའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཞིག་རེད། ང་ཚོས་དགོངས་དོན་གྱི་ངོ་བོར་གོ་བ་གཏིང་ཟབ་བླངས་ནས་རྒྱལ་ཁ་ཐོབ་ངེས་ཀྱི་ཡིད་ཆེས་བརྟན་དུ་གཏོང་བ་དང་། ཉམས་མྱོང་ཕྱོགས་སྡོམ་ནན་ཏན། ཚན་རིག་དང་མཐུན་པའི་ངང་དུས་བབ་ལ་སྟངས་འཛིན། སྒྱུར་བཅོས་གསར་གཏོད་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། བསམ་བློ་དང་བྱ་སྤྱོད་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་ཐོབ་པའི་གྲུབ་འབྲས་གལ་ཆེན་ཐོག་གཅིག་གྱུར་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་ཐོག་གཅིག་གྱུར། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་ཐོག་གཅིག་གྱུར། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་འཐབ་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་བཅས་བྱེད་དགོས།

    ཝང་ཅུན་ཀྲེང་གིས་བསྟན་དོན། ལོ་གཅིག་རིང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་རྒྱུན་སྲིང་ལྷོད་མེད་ངང་བསམ་བློར་དམ་འཛིན་དེ་བས་ནན་པོ་དང་། ཏང་ལ་དོ་དམ་དེ་བས་ནན་པོ། སྒྲིག་ཁྲིམས་ལག་བསྟར་དེ་བས་ནན་པོ། བཅོས་སྐྱོང་དེ་བས་ནན་པོ། སྤྱོད་ཚུལ་དེ་བས་ནན་པོ། རུལ་རྒོལ་དེ་བས་ནན་པོ་བཅས་བྱས་ཏེ་རྒྱུན་སྲིང་ལྷོད་མེད་ངང་ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས“སྲུང་སྐྱོང་གཉིས”ལག་ལེན་ཧུར་ཐག་བསྟར་ཡོད། རྒྱུན་སྲིང་ལྷོད་མེད་ངང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་བྱས་ནས་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་ཡོད། རྒྱུན་སྲིང་ལྷོད་མེད་ངང་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ“སྤྱོད་ཚུལ་བཞིའི”གཅོང་ནད་ནུས་ལྡན་ངང་བཅོས་པ། རྒྱུན་སྲིང་ལྷོད་མེད་ངང་སྒྲིག་བཤེར་ལྟ་ཞིབ་ཀྱི་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་བྱས་ནས་ལྟ་སྐུལ་མ་ལག་སྔར་བས་འཐུས་སྒོ་ཚང་དུ་དང་ལྗོངས་ཡོངས་ཀྱི་སྤྱོད་བཟང་སྒྲིག་ནན་དང་རུལ་རྒོལ་ལ་གྲུབ་འབྲས་གསར་པ་ཐོབ་སྟེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་རྣམ་པ་གསར་པ་མངོན་ཡོད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་མཐའ་འཁྱོངས་དང“གཏན་འཁེལ་གཉིས”ཀྱི་དོན་སྙིང་གལ་ཆེན་ལ་གོ་བ་གཏིང་ཟབ་བླངས་ནས་བློ་བརྟན་འགྱུར་མེད་ངང“སྲུང་སྐྱོང་གཉིས”ཐུབ་པར་བྱེད་དགོས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་། སློབ་གསོ། དྲིལ་བསྒྲགས་བཅས་ལ་སྐུལ་འདེད་ཏན་ཏིག་བཏང་ནས། ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་བཅངས་ཏེ་ཏང་དང་མི་དམངས་ལ་ལྷག་བསམ་རྣམ་དག་བྱེད་པ་དེ་ཞིབ་ཕྲའི་བྱ་སྤྱོད་ཐོག་འཁྱོལ་བར་བྱེད་དགོས། སྲུང་སྐྱོང་གི་འདུ་ཤེས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ་དང་། སྲུང་སྐྱོང་གི་བྱ་སྤྱོད་བརྟན་དུ་གཏོང་བ། སྲུང་སྐྱོང་གི་ནུས་པ་ཆེ་རུ་གཏོང་བ། སྲུང་སྐྱོང་གི་ཕན་འབྲས་འགན་ལེན་བཅས་བྱས་ཏེ་ཏང་ཀྲུང་དབྱང་གིས་དར་སྤེལ་གཏོང་རིགས་ལ་མཐའ་གཅིག་ཏུ་བརྡ་ལན་ཞུ་བ་དང་། ཏང་ཀྲུང་དབྱང་གི་གཏན་འབེབས་བྱས་རིགས་མཐའ་གཅིག་ཏུ་ལག་བསྟར་བྱེད་པ། ཏང་ཀྲུང་དབྱང་གིས་གཏན་འགོག་བྱས་རིགས་མཐའ་གཅིག་ཏུ་མི་སྒྲུབ་པ་བཅས་བྱེད་དགོས། “རྒྱལ་ཁབ་ཀྱི་དོན་ཆེན”ལ་གོ་བ་གཏིང་ཟབ་བླངས་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་དང་གནད་ལ་འཁེལ་པོས་ལག་བསྟར་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་ལ་ལྟ་སྐུལ་དང་བདའ་འདེད་གཏོང་བའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ལག་བསྟར་ཐད་ཁ་ཕྱོགས་མི་འཛོལ་བ་དང་། བབ་བསྟུན་མི་བྱེད་པ། རྣམ་པ་ཙམ་མི་བྱེད་པ་བཅས་འགན་ལེན་ཏན་ཏིག་བྱེད་དགོས། ཏང་གི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་དུ་གཏོང་རྒྱུ་དེ་ཆབ་སྲིད་ཀྱི་རྒྱུན་རྣམ་དང་གལ་ཆེའི་ནང་གི་འགངས་ཆེར་བརྩི་རྒྱུ་མཐའ་འཁྱོངས་དང་ཏང་ཀྲུང་དབྱང་གི་ལམ་ཕྱོགས་དང་། མཛད་ཕྱོགས། སྲིད་ཇུས་བཅས་ལག་བསྟར་བྱེད་རིང་རང་འདོད་རང་སྒྲུབ་དང་། རང་ཐག་རང་གཅོད། བཀའ་ཡོད་ཀྱང་ལག་བསྟར་མི་བྱེད་པ། བཀག་ཀྱང་མི་ཉན་པ་བཅས་ཀྱི་བྱེད་སྤྱོད་ལ་ཞིབ་བཤེར་ཐག་གཅོད་བྱེད་པ་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སྒྲིག་ཁྲིམས་ནན་པོ་བསྲུངས་ནས་ཏང་ལ་ལྷག་བསམ་རྣམ་དག་མི་བྱེད་པ་དང་མངོན་བརྩི་ལྐོག་འགལ་བྱེད་མཁན་གྱི་མགོ་གཉིས་མ་མཐའ་གཅིག་ཏུ་མེད་པར་བཟོ་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་མཛད་ཕྱོགས་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་བློ་བརྟན་འགྱུར་མེད་ངང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རྣམ་གནོན་རང་བཞིན་གྱི་རྣམ་པ་སྲ་བརྟན་དང་རྒྱ་སྐྱེད་གཏོང་དགོས། ཁྲིམས་ལྟར་ཆད་གཅོད་ནན་པོ་མཐའ་འཁྱོངས་བྱས་ཏེ། ཆབ་སྲིད་ཀྱི་གནད་དོན་དང་དཔལ་འབྱོར་གྱི་གནད་དོན་ཡོད་པའི་རུལ་སུངས་ཀྱི་གྱོད་གཞི་གཙོ་གནད་ཐོག་ཞིབ་བཤེར་ཐག་གཅོད་བྱེད་པ་དང་། འགོ་ཁྲིད་ཚན་ཁག་དང“འགག་རྩའི་ཉུང་ཤས”ཀྱི་སྒྲིག་འགལ་ཁྲིམས་འགལ་གྱི་ཚབས་ཆེན་གྱོད་གཞི་གཙོ་བོར་མངོན་པར་བྱེད་པ། གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ཀྱི་རུལ་སུངས་གནད་དོན་ལ་གཙོ་གནད་ཐོག་དམིགས་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་གཞི་རིམ་དུ་སྣུར་སྲིང་བྱེད་པར་གཙོ་གནད་ཐོག་སྐུལ་འདེད་གཏོང་བ། ལྐོག་རྔན་ལེན་པ་དང་ལྐོག་རྔན་སྤྲོད་པའི་གྱོད་གཞི་མཉམ་དུ་ཞིབ་བཤེར་བྱེད་པར་གཙོ་གནད་ཐོག་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། སྒྲིག་ཁྲིམས་ལག་བསྟར་དང་ཁྲིམས་འཛིན་ནན་པོར་བརྟེན་ནས་ལམ་ལུགས་ཀྱི་གཅུན་འདོམས་རང་བཞིན་ཆེ་རུ་གཏོང་བ་དང་བཅའ་ཁྲིམས་ཀྱི་དབང་གྲགས་བཙུགས་ཏེ་རུལ་སུངས་བྱེད་མི་ཕོད་པའི་ཟིལ་ཤུགས་ཆེན་པོ་མུ་མཐུད་རྒྱུན་འཁྱོངས་བྱེད་དགོས། ཁྲིམས་སྲོལ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་མཐའ་འཁྱོངས་དང་། གྱོད་གཞི་སྒྲུབ་གཉེར། བཅོས་སྒྲིག བཅོས་སྐྱོང་བཅས་མཉམ་བཟུང་མཐའ་འཁྱོངས། བཅོས་སྒྲིག་དོན་འཁྱོལ་དང་། ལྟ་སྐུལ་ཞིབ་བཤེར། འགན་འཁྲི་བདའ་འདེད་སོགས་ཀྱི་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། ལམ་ལུགས་ལ་བརྟེན་ནས་དབང་ཆ་དང་། མི། བྱ་བ་བཅས་ལ་དོ་དམ་བྱས་ཏེ་རུལ་སུངས་བྱེད་མི་ཐུབ་པའི་འགོག་ཟོན་མ་ལག་གང་མགྱོགས་སྐྲུན་དགོས། བསམ་བློའི་སློབ་གསོར་ཤུགས་སྣོན་རྒྱག་པ་མཐའ་འཁྱོངས་བྱས་ཏེ་ཁྲིམས་འགལ་སྒྲིག་འགལ་གྱི་དཔེ་མཚོན་གྱོད་གཞིའི་ཉེན་བརྡའི་ནུས་པ་ཡག་པོ་སྤྱོད་པ་དང་སྤྱོད་གཙང་རིག་གནས་འཛུགས་སྐྱོང་གི་བླང་བྱ་ཁག་དོན་འཁྱོལ་ཡག་པོ་བྱས་ནས་རུལ་སུངས་བྱེད་མི་འདོད་པའི་རང་གཅུན་གྱི་འདུ་ཤེས་དང་བསམ་བློའི་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རྒྱུན་སྲིང་ལྷོད་མེད་ངང་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ་དམ་པ་དོན་གཉེར་གྱི་སྙིང་སྟོབས་ལ་བརྟེན་ནས་ཏང་སྲོལ་སྲིད་སྲོལ་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱེད་དགོས། རིམ་ཁག་ཏང་རྩ་འཛུགས་ཀྱིས་བྱེད་པོའི་འགན་འཁྲི་ཏན་ཏིག་འཁུར་བ་དང་། ལས་དོན་གྱི་ཆོས་ཉིད་ལ་ཕྱོགས་སྡོམ་མཁས་པོ་བྱེད་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་འཛིང་རགས་བརྟན་དུ་གཏོང་བར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་སྤྱོད་ཚུལ་འཛུགས་སྐྱོང་གི་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་ཏན་ཏིག་བཏང་སྟེ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གཏན་འགོག་མཐའ་གཅིག་ཏུ་བྱེད་པ་དང་། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ། འགན་འཁྲི་གསར་པ་དང་ལས་འགན་གསར་པར་བརྟེན་ནས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཐོག་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས། མང་ཚོགས་ཀྱི་བསམ་འཆར་མང་བའི་གནད་དོན་ལ་ལྟ་སྟངས་ནན་པོ་འཛིན་པ་དང་། མང་ཚོགས་ཀྱི་ཁེ་ཕན་ལ་གནོད་པའི་བྱེད་སྤྱོད་ཚང་མ་མཐའ་གཅིག་ཏུ་ཡོ་བསྲང་བྱས་ནས་དམངས་ཕན་དང་། དམངས་བདེ། དམངས་ཕྱུག་སོགས་ཀྱི་ཏང་ཀྲུང་དབྱང་གི་སྲིད་ཇུས་ཁག་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་བྱེད་པར་ཤུགས་སྣོན་རྒྱག་པ་དང་། ལས་ཞུགས་སློབ་ཞུགས་དང་། སྨན་བཅོས་འཕྲོད་བསྟེན། རྒན་གསོ་དང་སྤྱི་ཚོགས་འགན་བཅོལ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། བདེ་འཇགས་ཐོན་སྐྱེད། བཟའ་བཅའ་སྨན་རྫས་བདེ་འཇགས་སོགས་མང་ཚོགས་ཀྱི་བསམ་འཆར་ཆེ་ཞིང་མངོན་གསལ་དོད་པའི་གནད་དོན་གཅིག་སྡུད་ཡོ་བསྲང་། ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་དང་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་གི་གྲུབ་འབྲས་སྲ་བརྟན་དང་ཟབ་ཏུ་གཏོང་བ། “ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་ཏན་ཏིག་སྤེལ་བ་བཅས་བྱས་ཏེ་མང་ཚོགས་ཀྱི་ཁེ་ཕན་དོན་ཆུང་མིན་པའི་འདུ་ཤེས་བྱ་སྤྱོད་ཐོག་འཁྱོལ་བར་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རྒྱུན་སྲིང་ལྷོད་མེད་ངང་སྒྲིག་བཤེར་ལྟ་ཞིབ་ཀྱི་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་ཕྱོགས་ཡོངས་ལ་ཁྱབ་པའི་ནུས་ཆེའི་ལྟ་སྐུལ་མ་ལག་ཧུར་ཐག་སྐྲུན་དགོས། དབང་ཆར་ལྟ་སྐུལ་བྱེད་པའི་ལམ་ལུགས་དང་སྒྲིག་ཁྲིམས་ལག་བསྟར་དང་ཁྲིམས་འཛིན་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་རིགས་ཁག་གི་ལྟ་སྐུལ་སྦྲེལ་མཐུད་མཉམ་འདྲེས་ལ་སྐུལ་འདེད་གཏོང་དགོས། སྐོར་གཟིགས་སྐོར་ཞིབ་ཀྱི་ནུས་པ་གང་ལེགས་འདོན་པ་དང་ཆུང་ས་ནས་དམ་འཛིན་དང་། དོན་ཆུང་ནས་དམ་འཛིན། ཞིབ་ཕྲའི་ལས་དོན་ནས་དམ་འཛིན་བཅས་བྱས་ཏེ། དམ་འཛིན་མཐའ་གཅིག་ཏུ་དང་བཅོས་སྒྲིག་མཐའ་གཅིག་ཏུ་བྱས་ནས་ལྟ་སྐུལ་དང་བཅོས་སྒྲིག་གི་སྤུས་ཚད་དང་ཕན་འབྲས་མུ་མཐུད་ཆེ་རུ་གཏོང་དགོས། ན་གཞོན་ལས་བྱེད་པར་སློབ་གསོ་དང་། དོ་དམ། ལྟ་སྐུལ་བཅས་ནན་པོ་ཏན་ཏིག་བྱེད་པར་ཤུགས་སྣོན་རྒྱག་པ་དང་། ན་གཞོན་ལས་བྱེད་པའི་ཁྲིམས་འགལ་སྒྲིག་འགལ་གྱི་གནད་དོན་ལ་ཚད་མཐོའི་མཐོང་ཆེན། ན་གཞོན་ལས་བྱེད་པས་ཏང་ལ་ལྷག་བསམ་རྣམ་དག་བྱེད་པར་ཁྲིད་སྟོན་བཅས་བྱས་ཏེ་སྤྱོད་གཙང་སྲིད་སྐྱོང་གི་མི་ཚེའི་གོམ་པ་དང་པོ་ཡག་པོ་སྤོ་ཐུབ་པར་བྱེད་དགོས། “རྣམ་པ་བཞི”གནད་སྨིན་ངང་སྤྱད་དེ་སྒྲིག་ཁྲིམས་ལག་བསྟར་ལ་ལྟ་སྐུལ་བྱེད་པའི་ཕྱོགས་བསྡུས་ནུས་པ་ཆེ་རུ་བཏང་ནས་དུས་རབས་གསར་པར་ལས་བྱེད་པའི་ལས་སྒྲུབ་ལས་གཏོད་ཀྱི་སྙིང་སྟོབས་འཕེལ་བར་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། “འགན་འཁྲི་གཉིས”ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་ནན་དུ་གཏོང་དགོས། ཏང་ཨུད་ཀྱི་བྱེད་པོའི་འགན་འཁྲིར་ཤུགས་སྣོན་རྒྱག་པ་དང་། “ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་དམ་འཛིན་མི་བྱེད་པ་དེ་ལས་འཛོལ་ཞིག་ཡིན་པ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་དམ་འཛིན་ཡག་པོ་མི་བྱེད་པ་དེ་འགན་འཛོལ་ཞིག་ཡིན་པའི”འདུ་ཤེས་བཅངས་ནས་ཏང་འཛུགས་སྐྱོང་གི་ལས་དོན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྡེབ་གཅིག་ཏུ་ཇུས་འགོད་དང་། སྡེབ་གཅིག་ཏུ་བཀོད་སྒྲིག སྡེབ་གཅིག་ཏུ་སྐུལ་འདེད་བཅས་མཐའ་འཁྱོངས་བྱེད་དགོས། སྒྲིག་ཨུད་ཀྱི་འགན་འཁྲིའི་ངེས་གནས་ཁ་གསལ་བཟོས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏོང་བ་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཆེད་དོན་སྟོབས་ཤུགས་ཀྱི་ནུས་པ་ཡག་པོ་འདོན་པ་དང་། གཙོ་འགན་གཙོ་ལས་ལ་དམིགས་ཏེ་ཏང་རྩ་འཛུགས་དང་ཏང་ཡོན་གྱིས་འགན་འཁྲི་གཙང་སྒྲུབ་དང་ཐེག་པ་འཁུར་ལེན་ལ་སྐུལ་འདེད་གཏོང་དགོས། སྒྲིག་བཤེར་ལྟ་ཞིབ་ཀྱི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། དུས་རབས་གསར་པའི་ལས་བྱེད་པའི་ཚད་གཞི་བཟང་པོ་དང་མི་རིགས་ས་ཁུལ་གྱི་ལས་བྱེད་པའི“དམིགས་བསལ་བཞིའི”ཆབ་སྲིད་ཀྱི་ཚད་གཞི་མཐའ་འཁྱོངས། རང་ངོས་ལྟ་སྐུལ་དང་རང་ངོས་གཅུན་འདོམས་ལ་ཤུགས་སྣོན་རྒྱག་པ། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་དང་འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ། གྲུབ་འབྲས་ལ་བརྟེན་ནས་དཔའ་བོ་ཡིན་མིན་གླེང་བ་དང་འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་བཅས་བྱས་ནས་ཆབ་སྲིད་ཀྱི་བྱང་ཚད་མཐོ་བ་དང་། ལྷག་བསམ་རྣམ་དག་དང་སྤྱོད་གཙང་འགན་འཁུར། ཆེད་ལས་ཅན་གྱི་འཇོན་ཐང་ཆེ་བ། འཐབ་རྩོད་བྱེད་ཕོད་པ་དང་བྱེད་མཁས་པ་བཅས་ཀྱི་སྒྲིག་བཤེར་ལྟ་ཞིབ་ཀྱི་དཔུང་ཁག་སྟོབས་ཆེན་ཞིག་ཧུར་ཐག་བསྐྲུན་ནས་དུས་རབས་གསར་པའི་སྒྲིག་བཤེར་ལྟ་ཞིབ་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ལས་ཨུ་ལྷན་དང་། སྲིད་གཞུང་། སྲིད་གྲོས་བཅས་དང་། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་དང་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཞིང་ཆེན་རིམ་པའི་འགོ་ཁྲིད་བློ་མཐུན། ལྗོངས(ཀྲུང་དབྱང)ཐད་གཏོགས་ཚན་པ་ཁག་དང་སྒྲིག་བཤེར་ལྟ་ཞིབ་སྒྲིག་གཞིའི་འགན་འཁུར་བློ་མཐུན། བོད་དམག་ཁུལ་ཁང་གི་སྒྲིག་ཨུད་དང་། དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་གི་སྒྲིག་ཨུད། མཁའ་དམག་ལྷ་ས་རྟེན་གཞིའི་སྒྲིག་ཨུད་བཅས་ཀྱི་འགན་འཁུར་བློ་མཐུན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐོར་གཟིགས་སྒྲིག་གཞི་དང་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའི་འབྲེལ་ཡོད་འགན་འཁུར་བློ་མཐུན་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།

    སྔ་དྲོའི་ཚོགས་འདུ་བརྙན་ལམ་གྱི་ཐོག་ནས་འཚོགས་ཤིང་། ས་ཁུལ་གྲོང་ཁྱེར་ཁག་དང་། རྫོང་དང་ཆུས། དོན་གཅོད་ཁྲུའུ་ཁག མཐོ་སློབ་ཁག་གཅིག བོད་ལྗོངས་མཁའ་འགྲུལ་བཅས་སུ་ཡན་ལག་ཚོགས་ར་བཙུགས་ཡོད་པ་རེད།

    ཚེས་26ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་སྒྲིག་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་ལྷ་སར་འཚོགས་ཤིང་། ཝང་ཝུའེ་ཏུང་གིས་རང་སྐྱོང་ལྗོངས་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚབ་ཞུས་ནས《ཏང་གི་ལོ་བརྒྱའི་འབད་འཐབ་ལོ་རྒྱུས་ཀྱི་ཉམས་མྱོང་སྤྱད་དེ་སྒྲིག་བཤེར་ལྟ་ཞིབ་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་སྲ་ཞིང་བརྟན་པའི་འགན་ལེན་བྱེད་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་ལས་དོན་སྙན་སྒྲོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།