དབུ་ཤོག>སྲིད་དོན།
  • ཁྲེན་ཡུང་ཆིས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-01-27

     ཚེས་25ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆིས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དང་། ཧྲུའུ་ཅི་ཝང་ཅུན་ཀྲེང་དང་ཀྲུའུ་ཞི་ཡན་ཅིན་ཧའེ་རྣམ་གཉིས་ཀྱི་འབྲེལ་ཡོད་བླང་བྱ་ལག་བསྟར་དོན་འཁྱོལ། རང་སྐྱོང་ལྗོངས་ཀྱི་མཐའ་བརྟན་མཐའ་དར་དམངས་ཕྱུག་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་གསར་འཛུགས་ཀྱི་ལག་བསྟར་བསམ་འཆར་དང་། དུས་རབས་གསར་པའི་མཐའ་མཚམས་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་འཆར་འགོད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་སྤྱི་པའི་ཞབས་ཞུའི་མ་ལག་འཕེལ་རྒྱས་འཆར་འགོད། རྒན་གསོ་འགན་བཅོལ་གྱི་ཞབས་ཞུ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ལག་བསྟར་ཇུས་གཞི་སོགས་འབྲེལ་ཡོད་འཆར་གཞི་དང་བསམ་འཆར་ལ་ཞིབ་འཇུག་དང་འབྲེལ་ཡོད་ལས་དོན་བཀོད་སྒྲིག་བཅས་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་རེན་ཝུའེ་དང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ངག་དབང་། དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་གི་སི་ལིང་ཡོན་གཞོན་པ་ཧྥང་ཧུང་ཞའོ་བཅས་ཚོགས་འདུར་ཕེབས་པ་རེད།

    ཁྲེན་ཡུང་ཆིས་ནན་བཤད་གནང་དོན། མཐའ་བརྟན་མཐའ་དར་དང་དམངས་ཕྱུག་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་གསར་དུ་འཛུགས་རྒྱུ་ནི་ལྗོངས་ཏང་ཨུད་ཀྱིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱེད་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་རེད། འཛུགས་གཏོད་ལས་དོན་ཆེད་དོན་ཚོགས་ཆུང་དང་རིམ་པ་ཁག་དང་སྡེ་ཚན་ཁག་གིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ་འཛུགས་གཏོད་ལས་དོན་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩི་བ་དང་། ལམ་ཐིག་ས་བཀྲ་དང་ཨར་སྐྲུན་ས་བཀྲ་བཟོ་བཅོས་དང་འཐུས་སྒོ་ཚང་དུ་གཏོང་བ། ལས་གྲྭའི་རྣམ་པའི་སྐུལ་འདེད་དང་གསལ་ཐོའི་རྣམ་པའི་དོ་དམ་རྒྱུན་འཁྱོངས་བྱེད་པ། དུས་བཀག་ལྟར་འཕེལ་རིམ་གནས་ཚུལ་བཀོད་གཏོང་བྱེད་པ། མཐའ་མཚམས་ཀྱི་རྨང་གཞིའི་སྒྲིག་བཀོད་དང་། སྤྱི་པའི་ཞབས་ཞུ་འཛུགས་སྐྲུན། ཐོན་ལས་འཕེལ་རྒྱས་བཅས་ལ་སྐུལ་འདེད་གང་མགྱོགས་གཏོང་བ། མཐའ་མཚམས་ས་ཁུལ་མཐུན་སྦྱོར་འཕེལ་རྒྱས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། མཐའ་མཚམས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་བཅས་བྱས་ཏེ། ཧུར་བརྩོན་ཆེན་པོས་མཐའ་བརྟན་མཐའ་དར་དང་དམངས་ཕྱུག་བྱ་སྤྱོད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པར་བྱེད་དགོས།

    ཁྲེན་ཡུང་ཆིས་ནན་བཤད་གནང་དོན། “ལོ་ལྔ་ཚན་བཅུ་བཞི་པའི”སྤྱི་པའི་ཞབས་ཞུའི་མ་ལག་འཕེལ་རྒྱས་ཀྱི་འཆར་འགོད་བཟོས་པ་དེ་དམངས་འཚོ་དེ་བས་ལེགས་པའི་སྒོ་ནས་འགན་ལེན་དང་ལེགས་སུ་གཏོང་བ་དང་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟབ་ཏུ་གཏོང་བའི་ངོས་ནས་དོན་སྙིང་གལ་ཆེན་ལྡན་ཡོད། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས་བྱིས་པ་སྐྱོང་མཁན་ཡོད་པ་དང་། སྦྱོང་དུས་སློབ་མཁན་ཡོད་པ། ངལ་རྩོལ་ལ་ཐོབ་ཆ་ཡོད་པ། ན་དུས་སྨན་བཅོས་ཐུབ་པ། རྒས་དུས་འཚོ་རྟེན་ཡོད་པ། སྡོད་སའི་ཁང་པ་ཡོད་པ། ཉམས་ཞན་ལ་རོགས་སྐྱོར་བྱེད་མཁན་ཡོད་པ་སོགས་དམངས་འཚོ་འགན་ལེན་གྱི་དམིགས་ཚད་ལ་དམིགས་ཏེ་ཐོན་ཁུངས་བཀོད་སྒྲིག་ལུགས་མཐུན་བྱ་རྒྱུར་ཁྲིད་སྟོན་དང་གཞི་རྩའི་སྤྱི་པའི་ཞབས་ཞུ་དོ་སྙོམས་ཅན་ལ་རྒྱུན་མཐུད་སྐུལ་འདེད་བཏང་ནས། རྒྱ་ཆེའི་མི་དམངས་མང་ཚོགས་ལ་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྐྲུན་མཉམ་སྤྱོད་ཐུབ་པར་བྱེད་དགོས།

    ཁྲེན་ཡུང་ཆིས་ནན་བཤད་གནང་དོན། “རྒན་བྱིས་གཉིས”ནི་ཁྱིམ་ཚང་གི་བདེ་སྐྱིད་དང་སྤྱི་ཚོགས་ཞི་མཐུན་དང་འབྲེལ་བ་ཡོད། སྲིད་གཞུང་གིས་གཙོ་ཁྲིད་དང་། ཕྱོགས་མང་ཞུགས་པ། ཐོན་ཁུངས་བསྡུ་སྒྲིལ། འགན་ལེན་བྱེད་ཤུགས་ཆེར་གཏོང་བཅས་མཐའ་འཁྱོངས་དང་ཞབས་ཞུའི་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས། རང་ལྗོངས་ཀྱི་རྒན་གསོ་བུ་བཅོལ་ཞབས་ཞུ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།