ཉེ་ཆར། ལྗོངས་ཡོངས་ཀྱི་སྤྱི་བདེ་ཁྲུའུ(ཅུས)ཀྲང་གི་ཚོགས་འདུ་དང་། ཁྲིམས་ཁང་གི་ཡོན་ཀྲང་གི་ཚོགས་འདུ། ཅན་ཁྲ་ཀྲང(རྒྱ་ཆེ)གི་ཚོགས་འདུ། ཁྲིམས་འཛིན་སྲིད་འཛིན་གྱི་ལས་དོན་ཚོགས་འདུ་བཅས་སྔ་རྗེས་སུ་ལྷ་སར་འཚོགས་པ་རེད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཅང་ཁག་སོ་སོར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
ལིའུ་ཅང་གིས། ལྗོངས་ཡོངས་ཀྱི་སྲིད་ཁྲིམས་འཐབ་ཕྱོགས་ཀྱིས་ཏང་འཛུགས་ཀྱི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་གཏོང་བ་དང་། ཐོག་མའི་བསམ་འདུན་ལྷག་བསམ་རྣམ་དག་ངང་ལག་ལེན་བསྟར་ནས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་པ་དང་། སྤྱི་བདེ་ཁོངས་གཏོགས་ཀྱིས་ཁྲིམས་སྐྱོང་སྤྱི་བདེ་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། སྤྱི་བདེ་མི་དམངས་ཉེན་རྟོག་པའི་བྱང་ཚད་དང་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་ཆེན་པོ་རྒྱག་པ། ལྷག་བསམ་རྣམ་དག་དང་། དྭངས་གཙང་། འགན་འཁུར་བ་བཅས་ཀྱི་སྤྱི་བདེའི་དམག་དཔུང་ཧྲག་པོ་ཞིག་ཧུར་ཐག་གཏོད་དགོས་པ། ཁྲིམས་ཁང་ཁོངས་གཏོགས་ཀྱིས་དྲང་གཞག་དྲང་བདེན་གྱི་རིན་ཐང་དོན་གཉེར་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། དཔུང་ཁག་གི་ཆེད་ལས་ཀྱི་བྱང་ཚད་མཐོ་རུ་ཧུར་ཐག་གཏོང་བ་དང་ཉམས་སད་ཐེག་ཐུབ་པའི་ཁྲིམས་འཛིན་དཔུང་ཁག་ཅིག་གཏོད་དགོས་པ། ཞིབ་དཔྱོད་ཁོངས་གཏོགས་ཀྱིས་སྤྱི་ཡོངས་ལ་ཞབས་ཞུ་དང་མི་དམངས་ཀྱི་ཆེད་ཁྲིམས་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། ཁྲིམས་སྐྱོང་ཁྲིམས་འཛིན་གྱི་གཞུང་དྲང་དང་སྤྱི་མོས་ལ་སྲུང་སྐྱོབ་མཐའ་གཅིག་ཏུ་བྱས་ནས་ཚད་གཞི་མཐོ་བའི་ཞིབ་དཔྱོད་དཔུང་ཁག་ལ་ཞུན་བརྡར་གཏོང་དགོས་པ། ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱིས་མི་དམངས་ལ་ཞབས་འདེགས་ཞུ་བའི་ཆུ་ཚད་མཐོ་རུ་དང་ཁྲིམས་སྐྱོང་འགན་ལེན་གྱི་ནུས་པ་ཆེ་རུ་བཏང་ནས། ལས་ཀའི་སྤྱོད་ཚུལ་རྒྱུན་མཐུད་ལེགས་སུ་བཏང་ཐོག་ཁྲིམས་འཛིན་ལས་དོན་ལ་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།