དབུ་ཤོག>སྲིད་དོན།
  • བོད་རང་སྐྱོང་ལྗོངས་སྲིད་གཞུང་ཏང་ཙུའུ་ཡིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-01-26

    ལྗོངས་ཏང་ཨུད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད། ཚེས་21ཉིན། རང་སྐྱོང་ལྗོངས་སྲིད་གཞུང་ཏང་ཙུའུ་ཡིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་པ་རེད། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་དང་རང་སྐྱོང་ལྗོངས་སྲིད་གཞུང་གི་ཏང་ཙུའི་ཧྲུའུ་ཅི་ཡན་ཅིན་ཧའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ལྗོངས་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་དང་ལྗོངས་ཏང་ཨུད་རྩ་འཛུགས་པུའུ་ཡི་འབྲེལ་ཡོད་བློ་མཐུན་ཚོགས་འདུར་མཛུབ་ཁྲིད་གནང་བར་ཕེབས་པ་དང་འབྲེལ་དཔྱད་བརྗོད་ཀྱང་གནང་བ་རེད།

    ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་སྲིད་གཞུང་ཏང་ཙུའི་ཚན་ཁག་གི་2020ལོ་འཁོར་གྱི་དམངས་གཙོའི་འཚོ་བའི་ཚོགས་འདུ་དང་ཀྲུང་དབྱང་གི་སྐོར་གཟིགས་ཚོགས་ཆུང་བཅུ་པའི་ཚུར་ལན་བསམ་འཆར་དག་ཐེར་གྱི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུའི་དག་ཐེར་བྱེད་ཐབས་དོན་འཁྱོལ་བྱས་ཚུལ་དང་སྲིད་གཞུང་གི་ཏང་ཙུའི་ཚན་ཁག་དང་དེའི་ཁོངས་མིའི་བསམ་འཆར་དང་གྲོས་འགོ་བསྡུ་ལེན་བྱས་ཚུལ་བརྡ་ཁྱབ་བཏང་བ་རེད།

    ཡན་ཅིན་ཧའེ་ཡིས་སྲིད་གཞུང་གི་ཏང་ཙུའི་ཚན་ཁག་གི་ཚབ་ཞུས་ཏེ་ལྟ་བསྡུར་ཞིབ་བཤེར་གནང་བ་དང་དེ་རྗེས་སྲིད་གཞུང་གི་ཏང་ཙུའི་ཁོངས་མི་རེ་རེ་བཞིན་གྱིས་གཏམ་བཤད་བྱས་པ་རེད།

    ཡན་ཅིན་ཧའེ་ཡིས་ཕྱོགས་སྡོམ་གནང་སྐབས་བསྟན་དོན། སྲིད་གཞུང་གི་ཏང་ཙུའི་དམངས་གཙོའི་འཚོ་བའི་ཚོགས་འདུས་ཀྲུང་དབྱང་ཆབ་སྲིད་ཅུས་ལ་མིག་ལྟོས་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུའི་ཚན་ཁག་ལ་སློབ་སྦྱོང་ཞུས་ཏེ་བརྗོད་དོན་གཙོ་བོ་མངོན་གསལ་དོད་པ་དང་། དམིགས་ཚད་ལ་དམ་བཟུང་། གཙོ་གནད་མངོན་གསལ་དོད་པོ་བཅས་ཡོད་ཅིང་། ཚང་མས་བསམ་ཚུལ་ལྷུག་པོར་གླེང་བ་དང་། བསམ་བློ་དང་། སྒྲིག་ཁྲིམས། སྤྱོད་ཚུལ་བཅས་ལ་སྣང་ཆེན་བྱས་པས། བདེན་དོན་མཐའ་འཁྱོངས་དང་། ནོར་འཁྲུལ་ཡོ་བསྲང་། འདུན་པ་གཅིག་གྱུར། མཐུན་སྒྲིལ་ཟབ་གཏོང་བཅས་ཀྱི་དམིགས་ཡུལ་གྲུབ་ཡོད། བཙལ་འཚོལ་ཐུབ་པའི་གནད་དོན་ཐད་སྲིད་གཞུང་གི་ཏང་ཙུའུ་ཡིས་དག་ཐེར་ཇུས་གཞི་དང་གསལ་ཐོ་ནན་ཏན་བཟོས་ཏེ་དག་ཐེར་ཏན་ཏིག་དང་དཔྱིས་ཕྱིན་པ་བྱེད་དགོས་ཤིང་། གཅིག་ནས་བློ་བརྟན་འགྱུར་མེད་ངང“གཏན་འཁེལ་གཉིས”སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་པ་དང་། གཉིས་ནས་བློ་བརྟན་འགྱུར་མེད་ངང་མཐུན་སྒྲིལ་གཅིག་གྱུར་ཟབ་ཏུ་མཐའ་གཅིག་ཏུ་གཏོང་དགོས་པ། གསུམ་ནས་བློ་བརྟན་འགྱུར་མེད་ངང་མི་དམངས་གོང་དུ་བཀུར་བ་ལག་ལེན་མཐའ་གཅིག་ཏུ་བསྟར་དགོས་པ། བཞི་ནས་བློ་བརྟན་འགྱུར་མེད་ངང་འཐབ་རྩོད་ཀྱི་སྙིང་སྟོབས་ཆེ་རུ་མཐའ་གཅིག་ཏུ་གཏོང་དགོས་པ། ལྔ་ནས་བློ་བརྟན་འགྱུར་མེད་ངང་ལས་ཀའི་སྤྱོད་ཚུལ་ལེགས་སུ་མཐའ་གཅིག་ཏུ་གཏོང་དགོས། དག་ཐེར་བྱ་རྒྱུ་གོ་སྐབས་སུ་བྱས་ནས་བློ་བརྟན་འགྱུར་མེད་ངང“གཏན་འཁེལ་གཉིས”སྲུང་སྐྱོང་བྱས་ཏེ་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རང་འགན་གཙང་སྒྲུབ་དང་དངོས་འཛིན་དངོས་སྒྲུབ་ཀྱིས་སྲིད་གཞུང་གི་ལས་དོན་ཁག་དོན་འཁྱོལ་ཡོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཐོག་གཟེངས་སུ་ཐོན་པའི་གྲུབ་འབྲས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།