དབུ་ཤོག>སྲིད་དོན།
  • རེན་ཝེ་ཡིས་རང་སྐྱོང་ལྗོངས་བདེ་འཇགས་ཨུ་ལྷན་གཞུང་དོན་ཁང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  尼玛曲珍   |     སྤེལ་དུས།  2022-01-25

    ཉེ་ཆར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་རེན་ཝེ་ཡིས་རང་སྐྱོང་ལྗོངས་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གཞུང་དོན་ཁང་གི་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ལྷན་དང་། བདེ་འཇགས་ཨུ་ལྷན་གཞུང་དོན་ཁང་། དེ་བཞིན་རང་སྐྱོང་ལྗོངས་བདེ་འཇགས་ཨུ་ལྷན་བཅས་ཀྱི་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གནང་ནས་དཔྱིད་གསར་དུས་ཆེན་དང་། དགུན་དུས་ཨོ་རྩལ་འགྲན་ཚོགས། བོད་ཀྱི་ལོ་གསར་བཅས་རིང་གི་བདེ་འཇགས་འགོག་ཟོན་ལས་དོན་ཡག་པོ་སྒྲུབ་དགོས་པ་དང་བདེ་འཇགས་ཐོན་སྐྱེད་ལས་དོན་ཐད་སླར་ཡང་བཀོད་སྒྲིག་གནང་བ་རེད།

    རེན་ཝེ་ཡིས་འབྲེལ་ཡོད་རིམ་པ་ཁག་དང་སྡེ་ཚན་ཁག་གིས་བདེ་འཇགས་ཐོན་སྐྱེད་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། རྒྱལ་ཡོངས་ཀྱི་དཔྱིད་གསར་དུས་ཆེན་དང་དགུན་དུས་ཨོ་རྩལ་འགྲན་ཚོགས་རིང་གི་བདེ་འཇགས་འགོག་ཟོན་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བརྙན་ལམ་ཚོགས་འདུའི་དགོངས་དོན་དང་འབྲེལ་ཡོད་ལས་དོན་གྱི་བླང་བྱ་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་གཞིར་བཟུང་རང་ལྗོངས་ཀྱི་མིག་སྔའི་བདེ་འཇགས་ཐོན་སྐྱེད་ཀྱི་དུས་བབ་ལ་ངོས་འཛིན་གང་ལེགས་བྱེད་པ། བདེ་འཇགས་ཀྱི་ཉེན་ཁ་ཕྱོགས་ཡོངས་ནས་འགོག་ཟོན་དང་སེལ་བ་བཅས་བྱས་ཏེ་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོབ་བྱ་རྒྱུ་དེ“རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་འཆང་བའི་ཞིབ་ཕྲའི་མཚོན་ཚུལ་ཞིག་ཏུ་བརྩིས་ནས་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཁག་ལ་དམ་འཛིན་ནན་པོ་དང་། དམ་འཛིན་ཏིན་ཏིག དམ་འཛིན་ཞིབ་ཕྲ། དམ་འཛིན་ཡག་པོ་བཅས་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།