དབུ་ཤོག>སྲིད་དོན།
  • ཁྲེན་ཡུང་ཆིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཕྲལ་སྡོམ་བཀོད་འདོམས་ནང་སྦྱོང་ལས་དོན་ལ་མཛུབ་ཁྲིད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-01-25

     ཚེས་22ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། རང་སྐྱོང་ལྗོངས་ཐོལ་བྱུང་རིམས་ནད་འཕྲལ་སྡོམ་བཀོད་འདོམས་དཔོན་བཅས་ཡིན་པའི་ཁྲེན་ཡུང་ཆིས“མི་བྱེད་པ་བཞི་དང་ཐད་སྐྱོད་གཉིས”ཀྱི་བྱ་ཐབས་སྤྱད་ནས་ལྷ་ས་གྲོང་ཁྱེར་གྱི་རུའུ་ཅ་དབྱི་ཅུས་ལོགས་འཇོག་ཨར་ཁང་དང་རང་སྐྱོང་ལྗོངས་ནད་ཡམས་ཚོད་འཛིན་ལྟེ་གནས་སུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་བརྟག་ཞིབ་བྱེད་པར་ཕེབས་ཏེ་དངོས་འཐབ་ནང་སྦྱོང་གི་བྱ་ཐབས་ཐོག་ནས་ཐོལ་བྱུང་རིམས་ནད་འཕྲལ་སྡོམ་བཀོད་འདོམས་མ་ལག་འཁོར་རྒྱུག་བྱས་ཚུལ་ལ་ཞིབ་བཤེར་དང་མཛུབ་ཁྲིད་གནང་བ་དང་། ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་དང་ཀྲུའུ་ཞི་ཡན་ཅིན་ཧའེ་ཡི་ཚབ་ཞུས་ཏེ་རིམས་ནད་སྔོན་འགོག་གི་འཐབ་ཕྱོགས་དང་པོའི་ལས་དོན་མི་སྣར་གཟིགས་པ་དང་འབྲེལ་ཁོང་

    ཁྲེན་ཡུང་ཆིས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་བསམ་བློའི་ངོས་འཛིན་མཐོ་རུ་བཏང་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་དང་ཀྲུའུ་ཞི་ཡན་ཅིན་ཧའེ་ཡི་འབྲེལ་ཡོད་བླང་བྱ་གཞིར་བཟུང་། རིམ་པ་བཞིན་འགན་འཁྲི་ནན་དཀྲིས་དང་ཕྱི་ནས་འགོས་རྒྱུ་སྔོན་འགོག་དང་རྒྱུན་རྣམ་ཅན་གྱི་སྔོན་འགོག་ཚོད་འཛིན་ལས་དོན་ཡག་པོ་སྒྲུབ་པ་དང་དུས་མཚུངས། འཕྲལ་སྡོམ་ཐག་གཅོད་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་འཕྲལ་སྡོམ་སྔོན་ཇུས་འཐུས་སྒོ་ཚང་དུ་གཏོང་བ་དང་འཕྲལ་སྡོམ་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ། ཐོལ་བྱུང་གནས་ཚུལ་འཕྲད་སྐབས་འཕྲལ་མར་དང་ལེན་དང་ཐག་གཅོད་ནུས་ལྡན་ཐུབ་པའི་འགན་ལེན་བྱེད་དགོས་པ་དང་། ཚན་རིག་དང་མཐུན་ཞིང་གནད་ལ་འཁེལ་བའི་སྒོ་ནས་སྲིད་ཇུས་དོན་འཁྱོལ་བྱས་ཏེ་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རང་སྐྱོང་ལྗོངས་བཅས་ཀྱི་རིམས་འགོག་སྲིད་ཇུས་ཀྱི་དགོངས་དོན་ཁོང་དུ་ཆུད་པར་བྱས་ནས་འཕྲལ་སྡོམ་ལྟ་ཞིབ་ཚད་ལེན་དང་ཉེན་ཁར་ཚོད་སྐོར་བྱེད་ཤུགས་ཆེ་རུ་བཏང་སྟེ་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ལས་དོན་ལ་གཅིག་གྱུར་འཆར་འགོད་བྱས་ནས་ཡག་པོ་སྒྲུབ་དགོས་པ། ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ཉིང་སྐྱུར་བརྟག་དཔྱད་དང་རིམས་འགོག་སྨན་ཁབ་རྒྱག་པའི་ལས་ཕྱོད་ཆེ་རུ་གཏོང་བ་དང་། རིམས་དཔྱད་དཔུང་ཁག་འཛུགས་སྐྱོང་དང་གཅིག་སྡུད་ལོགས་འཇོག་བྱ་ཡུལ་ལ་དོ་དམ་བྱེད་རྒྱུར་ཤུགས་སྣོན་རྒྱག་པ། སྨན་བཅོས་སྲོག་སྐྱོབ་ཀྱི་ནུས་པ་ཆེ་རུ་གཏོང་བ། ཆ་འཕྲིན་ལས་སྟེགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་སྨན་བཅོས་རིགས་གཅིག་མཁས་ཅན་གྱི་ལེགས་ཆ་གང་ལེགས་སྤྱད་དེ་རིགས་གཅིག་མཁས་ཅན་གྱི་བློ་འདྲིའི་ཚོགས་ཆུང་རིམ་བཞིན་བཙུགས་ནས། རང་ལྗོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་འཕྲལ་སྡོམ་ཐག་གཅོད་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས་པ། འཕྲལ་སྡོམ་ནང་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་ནང་སྦྱོང་ཐེངས་མང་བྱས་ཏེ་དངོས་འཐབ་ནང་སྦྱོང་ཁྲོད་ནས་སྐྱོན་ཆ་བཙལ་འཚོལ་དང་ཞན་ཆ་སེལ་དགོས་པ། དངོས་ཟོག་གྲབས་གསོག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དགོས་མཁོའི་འབྱུང་རྩ་མཐིལ་རྟོགས་བྱེད་པ། དངོས་ཟོག་མི་འདང་བ་ཁ་གསབ་བཅས་བྱས་ནས། ཐོལ་བྱུང་གི་རིམས་ནད་གནས་ཚུལ་འོག་གྲོང་མིའི་འཚོ་བ་དང་རིམས་འགོག་དངོས་ཟོག་འདང་ངེས་ཡོང་བའི་འགན་ལེན་བྱེད་དགོས་པ། རིམས་འགོག་དྲིལ་བསྒྲགས་ལས་དོན་ཡག་པོ་སྒྲུབ་པ་དང་། གསར་འགྱུར་མགྲིན་ཚབ་པའི་ལམ་ལུགས་བཟོ་བ། སྲིད་ཇུས་དང་ཆ་འཕྲིན་དུས་ཐོག་ཏུ་ཡང་དག་ངང་ཁྱབ་བསྒྲགས་བྱེད་པ། སྤྱི་ཚོགས་ཀྱི་དོ་ཁུར་ལ་ལན་སློག་པ་བཅས་བྱས་ཏེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་གླེང་ཕྱོགས་ཀྱི་ཁོར་ཡུག་བཟང་པོ་གཏོད་དགོས་པའི་ནན་བཤད་གནང་བ་རེད།

    ཁྲེན་ཡུང་ཆིས་བརྟག་ཞིབ་ཞིབ་བཤེར་དང་དངོས་འཐབ་ནང་སྦྱོང་ཁྲོད་ནས་ཤེས་རྟོགས་བྱུང་བའི་གནད་དོན་རེ་རེ་བཞིན་བཏོན་པ་དང་འབྲེལ་འགན་འཁྲི་མི་ཐོག་ཏུ་འཁྱོལ་བ་དང་འཕྲལ་སྒྲུབ་འཕྲལ་བཅོས་བྱས་ཏེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་ཁག་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས་པའི་བླང་བྱ་ཡང་བཏོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།