དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་བོད་ལྗོངས་བཟོ་ལས་རྟེན་རྫས་བཤམས་མཛོད་ཁང་དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-01-24

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་ཀྲོང་ཡན་བོད་ལྗོངས་བཟོ་ལས་རྟེན་རྫས་བཤམས་མཛོད་ཁང་དུ་བརྟག་ཞིབ་གནང་བར་ཕེབས་པ་རེད།

    བོད་ལྗོངས་བཟོ་ལས་རྟེན་རྫས་བཤམས་མཛོད་ཁང་ནི་རང་སྐྱོང་ལྗོངས་ཀྱིས་རྣམ་གྲངས་བཙུགས་ནས་མ་འཇོག་བྱས་པའི་སྤྱི་པའི་རིག་གནས་ཞབས་ཞུའི་རྣམ་གྲངས་གལ་ཆེན་ཞིག་ཡིན་ཞིང་། དེས་རང་ལྗོངས་ཀྱི་བཟོ་ལས་རིགས་ཀྱི་ཕྱོགས་བསྡུས་རྟེན་རྫས་བཤམས་མཛོད་ཁང་གི་སྟོང་ཆ་བསྐངས་ཡོད། “དུས་སྐབས་རྙིང་པ་དང་། ཞི་བས་བཅིངས་འགྲོལ་བཏང་རྗེས། སྒྱུར་བཅོས་སྒོ་དབྱེ་བྱས་ཚུན། དུས་རབས་གསར་པར་སླེབས་པ”བཅས་ཀྱི་དུས་ཚོད་བརྒྱུད་རིམ་དུ་བྱས་ནས། བོད་ཀྱི་བཟོ་ལས་འཕེལ་རྒྱས་དེ་ཆིང་རྒྱལ་རབས་དུས་མཇུག་དང་ཀྲུང་ཧྭ་མི་སེར་རྒྱལ་ཁབ་ཀྱི་དུས་འགོའི་ཐོག་མའི་རྣམ་པ་ནས་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པའི་བར་འཕེལ་རྒྱས་བྱུང་ཚུལ་སླར་ཡང་མངོན་པར་བྱས་ཡོད། ཀྲོང་ཡན་དང་བཅས་པས་ཡིག་རིས་ཀྱི་ངོ་སྤྲོད་མདོར་བསྡུས་ལ་གཟིགས་པ་དང་། ཅ་དངོས་རྙིང་པའི་འགྲེམས་སྟོན་ལ་གཟིགས་སྐོར། འགྲེལ་བཤད་པའི་ངོ་སྤྲོད་གསན་པ་སོགས་བརྒྱུད་རང་ལྗོངས་ཀྱི་དེང་རབས་བཟོ་ལས་འཕེལ་རྒྱས་ཀྱི་བརྒྱུད་རིམ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས་རྟེན་རྫས་བཤམས་མཛོད་ཁང་གིས་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོར་ལོ་རྒྱུས་ཀྱི་གསོག་བཅུད་ལས་གྲུབ་པའི་བོད་ཀྱི་བཟོ་ལས་རིག་གནས་ཁྲོད་ནས་སྟོབས་ཤུགས་བསྡུ་ལེན་དང་། “དོན་ཆེན་བཞི”དང“འགན་ལེན་བཞིར”དམིགས་པ། “འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞི”གཅིག་སྒྲིལ་བཅས་བྱས་ནས་བློ་སྟོབས་ཆེན་པོས་བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཧུར་ཐག་རྩོམ་དགོས་པའི་ཁྲིད་སྟོན་བྱེད་དགོས་ཞེས་གསུངས་པ་རེད།

    བརྟག་ཞིབ་གནང་སྐབས། ཀྲོང་ཡན་གྱིས་བོད་ལྗོངས་བཟོ་ལས་རྟེན་རྫས་བཤམས་མཛོད་ཁང་ནི་རང་ལྗོངས་ཀྱི་བཟོ་ལས་འཕེལ་རྒྱས་ཀྱི་ལོ་རྒྱུས་ལམ་བུ་དང་གྲུབ་འབྲས་འགྲེམས་སྟོན་བྱེད་པའི་སྐར་ཁུང་གལ་ཆེན་ཞིག་ཡིན་ལ་རྒྱལ་གཅེས་རིང་ལུགས་དང་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་གཏིང་ཟབ་ཏུ་གཏོང་བའི་ལས་སྟེགས་གལ་ཆེན་ཞིག་ཀྱང་རེད། 

    དོ་དམ་འཁོར་སྐྱོད་ལམ་སྲོལ་འཐུས་ཚང་དུ་བཏང་ནས་རྟེན་རྫས་བཤམས་མཛོད་ཁང་གི་ཐོན་ཁུངས་ལེགས་ཆ་གང་ལེགས་སྤྱད་དེ་སྤྱི་ཚོགས་ཡོངས་སུ་ངལ་རྩོལ་དཔེ་བཟང་བའི་སྙིང་སྟོབས་དང་། ངལ་རྩོལ་གྱི་སྙིང་སྟོབས། བཟོ་བོའི་སྙིང་སྟོབས། བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས། “ལམ་གཉིས”ཀྱི་སྙིང་སྟོབས། མཚོ་བོད་ལྕགས་ལམ་གྱི་སྙིང་སྟོབས་བཅས་དར་སྤེལ་ཤུགས་ཆེན་བཏང་ནས་ངལ་རྩོལ་ནི་གཟི་བརྗིད་ཆེ་ཤོས་དང་། ངལ་རྩོལ་ནི་ཆེས་བླ་ན་མེད་པ། ངལ་རྩོལ་ནི་རླབས་ཆེ་ཤོས། ངལ་རྩོལ་ནི་ཡག་ཤོས་བཅས་ཡིན་པའི་སྤྱི་ཚོགས་ཀྱི་དར་སྲོལ་ཞིག་ནུས་ཤུགས་ཡོད་རྒུས་གཏོད་དགོས་པ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་ནས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་གཟི་བརྗིད་སྲོལ་རྒྱུན་དར་སྤེལ་བཏང་སྟེ་བདག་པོའི་རྣམ་འགྱུར་གྱི་ཐོག་ནས་བརྟན་ལྷིང་སྲུང་སྐྱོང་དང་། མཐུན་སྒྲིལ་ལ་སྐུལ་འདེད། འཕེལ་རྒྱས་ལ་སྐུལ་འདེད། སྐྱེ་ཁམས་སྲུང་སྐྱོང་། མཐའ་བརྟན་མཐའ་དར་བཅས་ཀྱི་ཁྲོད་གཙོ་ཤུགས་དམག་ཡག་པོ་བྱས་ནས་འགན་འཁྲི་གསར་པ་འཁུར་བ་དང་། བྱས་རྗེས་གསར་པ་འཇོག་པ། ལེགས་སྐྱེས་གསར་པ་འབུལ་བ་བཅས་བྱེད་པར་སྐུལ་ལྕག་བྱེད་དགོས་ཞེས་གསུངས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།