རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་2021ལོའི་ཟླ་12ནས་བཟུང་། ལྗོངས་ཡོངས་སུ་སྤྱོད་ཚུལ་སྔར་བས་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་སྤེལ་ནས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་དང་སྤྱི་ཚོགས་ལས་རིགས་ཁག་གིས་ལྟ་སྐུལ་བྱས་ཏེ་རིམ་ཁག་སྡེ་ཚན་ཁག་དང་ཏང་ཡོན་དང་ལས་བྱེད་པའི་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་ཁྲོད་ལྷག་པའི་གནད་དོན་དང་བསམ་འཆར་དང་གྲོས་འགོ་ཇི་མ་ཇི་བཞིན་འདོན་རྒྱུའི་དགའ་བསུ་ཞུས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྤྱོད་ཚུལ་སྔར་བས་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གིས་གསང་སྲུང་སྒྲིག་ལམ་ལ་བརྩི་སྲུང་ནན་པོ་ཞུ་བ་དང་ཆེད་མི་གཏན་འཁེལ་བྱས་ཏེ་ཁྱེད་ཀྱིས་བཤད་པའི་གནད་དོན་དང་བསམ་འཆར་དང་གྲོས་འགོ་འཚོལ་བསྡུ་དང་ལེགས་སྒྲིག་བྱས་ནས་འབྲེལ་ཡོད་འགན་ནུས་སྡེ་ཚན་ལ་དུས་ཐོག་ཏུ་སྒྲུབ་གཉེར་བྱ་རྒྱུར་རྩིས་སྤྲོད་རྒྱུ་དང་འབྲེལ་ཁྱེད་ལ་སྒྲུབ་གཉེར་བྱས་ཚུལ་དུས་ཐོག་ཏུ་ཚུར་ལན་བྱ་རྒྱུ་ཡིན། དྲ་རྒྱའི་ལྟ་སྐུལ་ཡིག་སྒམ། https://www.xzdw.gov.cn(འབེལ་འདུའི་ནང“བོད་ལྗོངས་ཏང་ཨུད”བཙལ་ན་འགྲིག)བརྒྱུད“ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང”གི་གཞུང་ཕྱོགས་དྲ་བར་འཛུལ་ཏེ“སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལྟ་སྐུལ་ཡིག་སྒམ”དང“ངས་གནད་དོན་ཤོད་པ”ཞེས་པ་ཁ་ཕྱེ་ནས་ཐོ་འགོད་བྱེད་པ་དང་འབྲེལ་དེའི་ནང་འཛུལ་རྗེས་ཁྱེད་ཀྱིས་ཤོད་རྒྱུའི་གནད་དོན་བྲིས་ན་འགྲིག
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྤྱོད་ཚུལ་སྔར་བས་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གིས།
2022ལོའི་ཟླ་1ཚེས་21ཉིན།