དབུ་ཤོག>སྲིད་དོན།
  • ཡན་ཅིན་ཧའེ་ཡིས་ལྷ་སར་བཅའ་སྡོད་ནེ་པ་ལའི་སྤྱི་ཁྱབ་ཁེ་སྐྱོང་བ་ཏཱ་ཁར་དང་མཇལ་འཛོམས་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-01-22

     ཚེས་18ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་ལྷ་ས་རུ་ལྷ་སར་བཅའ་སྡོད་ནེ་པ་ལའི་སྤྱི་ཁྱབ་ཁེ་སྐྱོང་བ་ན་ཝ་ལ་ཅེ·ཏཱ་ཁར་དང་མཇལ་འཛོམས་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཤའོ་ཡིའུ་ཚའེ་ལྷན་དུ་ཕེབས་ཡོད་པ་རེད།

    ཡན་ཅིན་ཧའེ་ཡིས་ཀྲུང་གོའི་བོད་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གནས་ཚུལ་ངོ་སྤྲོད་མདོར་བསྡུས་གནང་ཞིང་། ཁོང་གིས་ལོ་རྒྱུས་ལས་ཀྲུང་གོ་དང་ནེ་པ་ལ་ནི་ནམ་ཡང་ཁྱིམ་མཚེས་ཡག་པོ་དང་། གཅེན་གཅུང་ཡག་པོ། རོགས་ཟླ་ཡག་པོ་བཅས་ཡིན་པ་ར་སྤྲོད་བྱས་ཡོད། མིག་སྔར་ང་ཚོས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་བབ་བསྟུན་འཕྲལ་སྒྲུབ་ཀྱིས་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱ་ཆེད་འབད་བརྩོན་བྱེད་བཞིན་ཡོད་པ་དང་། ང་ཚོས་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པས་མཚན་བཀོད་པའི《མཉམ་འབྲེལ་གསལ་བསྒྲགས》ལག་བསྟར་ནན་ཏན་བྱས་ཏེ་ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་མཛའ་གྲོགས་མཐའ་འཁྱོངས་བྱས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་མཉམ་སྐྲུན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་རྒྱུ་ཡིན། ཀྲུང་གོ་དང་ནེ་པ་ལའི་སྲོལ་རྒྱུན་མཛའ་གྲོགས་ཡར་ཀླུང་གཙང་པོ་བཞིན་རྒྱུན་མི་ཆད་པ་ཡོང་བའི་རེ་བ་འཆང་བཞིན་ཡོད་ཅེས་གསུངས་པ་རེད།

    ཏཱ་ཁར་གྱིས་ཀྲུང་གོ་དང་བོད་རང་སྐྱོང་ལྗོངས་ཀྱིས་ནེ་པ་ལར་རོགས་སྐྱོར་དང་ལྷག་པར་དུ་ཏོག་གསར་གློ་ཚད་རིམས་ནད་འགོག་རྒོལ་བྱེད་རིང་རྒྱབ་སྐྱོར་ཤུགས་ཆེན་བྱས་པར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་ནེ་པ་ལ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་ལ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱས་ནས་ནེ་པ་ལའི་མངའ་ཁོངས་སུ་ཀྲུང་གོར་ངོ་རྒོལ་གྱི་བྱེད་སྤྱོད་གང་ཡང་སྤེལ་དུ་འཇུག་གི་མིན། ནེ་པ་ལ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་ཐུན་མོང་ཐོག་སྐུལ་འདེད་བཏང་སྟེ་ནེ་པ་ལ་དང་ཀྲུང་གོའི་དབར་གྱི་སྲོལ་རྒྱུན་མཛའ་གྲོགས་སྔར་བས་ཟབ་ཏུ་གཏོང་འདོད་ཡོད་ཅེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།