དབུ་ཤོག>སྲིད་དོན།
  • འགན་འཁྲི་སེམས་སུ་འཆང་བ་དང་། འགན་འཁྲི་ཕྲག་ཐོག་ཏུ་འཁུར་བ། འགན་འཁྲི་བྱ་སྤྱོད་ཐོག་འཁྱོལ་བ་བཅས་བྱས་ཏེ་དུས་རབས་གསར་པའི་བོད་ཀྱི་སྲིད་གྲོས་ལས་དོན་གྱི་རྒྱུགས་ལན་གསར་པ་ནུས་ཤུཌ་ཡོད་རྒུས་འབུལ་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-01-21

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན་གྱིས་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཚོགས་འདུ་གཙོ་སྐྱོང་གནང་ནས། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞིའི་ཚོགས་འདུའི་གྲུབ་ཆའི་མི་སྣའི་ལས་བགོས་ལ་ཞིབ་འཇུག་གནང་བ་དང་སྲིད་གྲོས་ཀྱི་ཏང་ཙུའི་ཚན་ཁག་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་ཐད་བཀོད་སྒྲིག་ཀྱང་གནང་བ་རེད།

    ཀྲོང་ཡན་གྱིས་ནན་བཤད་གནང་དོན། གཅིག་ནས་ཆབ་སྲིད་ཀྱི་ཚུགས་གནས་ཐད་མཐོར་གཏོང་གསར་པ་ཡོང་བར་བྱེད་དགོས་ཤིང་། “སྲུང་སྐྱོང་གཉིས”དེ་ཆེས་མཐོའི་ཆབ་སྲིད་ཀྱི་རྩ་དོན་དང་རྩ་བའི་ཆབ་སྲིད་ཀྱི་སྒྲིག་ལམ་ཞིག་ལ་བརྩི་བ་དང་། “གཏན་འཁེལ་གཉིས”ལ་བློ་དཀར་སེམས་དཀར་ངང་སྲུང་སྐྱོབ་བྱེད་པ། ཏང་གིས་སྲིད་གྲོས་ཀྱི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་རྒྱུ་མཐའ་འཁྱོངས་བྱེད་པ། ཏང་གིས་སྲིད་གྲོས་རྩ་འཛུགས་ལ་འགོ་ཁྲིད་བྱེད་པའི་ལམ་ལུགས་དང་གཏན་འབེབས་འཐུས་སྒོ་ཚང་དུ་གཏོང་བ་དང་དོན་འཁྱོལ་བྱེད་པ། གནད་དོན་གལ་ཆེན་དགོངས་སྐོར་སྙན་སེང་ཞུ་བའི་ལམ་ལུགས་ལག་བསྟར་ནན་པོ་བྱེད་པ་བཅས་བྱས་ཏེ་ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་གང་གསུང་དེ་སྒྲུབ་དང་ཕན་འབྲས་ཐོན་པའི་འགན་ལེན་བྱེད་དགོས།

    གཉིས་ནས་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོས་པར་ཤུགས་སྣོན་རྒྱག་པའི་ཐད་གྲུབ་འབྲས་གསར་པ་ཐོབ་པར་བྱེད་དགོས་ཤིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་པ་དང་། སློབ་སྦྱོང་ལམ་ལུགས་ཀྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། སྟབས་བསྟུན་སྣ་མང་གི་སློབ་སྦྱོང་བྱ་ཐབས་སྤྱོད་པ་བཅས་བྱས་ཏེ། ལྗོངས་ཡོངས་ཀྱི་སྲིད་གྲོས་ཨུ་ཡོན་གྱི་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་པ་དེ་ཁྱོན་ཡོངས་ལ་ཁྱབ་པ་དང་། ཁུག་ཆ་མི་ལུས་པ། གྲིབ་ཆ་མི་ལུས་པ་བཅས་ཡོང་བར་སྐུལ་འདེད་གཏོང་དགོས།

    གསུམ་ནས་ཏང་འཛུགས་སྐྱོང་ཐད་ཚད་བརྒལ་གསར་པ་ཡོང་བར་བྱས་ནས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་བྱེད་པོའི་འགན་འཁྲི་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་དགོས་ཤིང་། དམངས་གཙོ་གཅིག་སྡུད་ལམ་ལུགས་ཀྱི་རྩ་དོན་མཐའ་འཁྱོངས་དང་། ཏང་ཡོན་ཨུ་ཡོན་གྱི་ནུས་པ་འདོན་པ། སྲིད་གྲོས་ཀྱི་ཏང་རྩ་འཛུགས་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱ་རྒྱུ་དེ་ལྟེ་བར་དམིགས་ཏེ་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་། གྲོས་མོལ་སྲིད་གླེང་གི་ཕན་འབྲས་ཆེ་རུ་གཏོང་བ། མཉམ་འབྲེལ་ཆེན་པོ་དང་མཐུན་སྒྲིལ་ཆེན་པོ་ཟབ་ཏུ་གཏོང་བ་བཅས་དང་ཟུང་འབྲེལ་བྱས་ཏེ། ཏང་འཛུགས་སྐྱོང་ལ་བརྟེན་ནས་ལས་དོན་ལ་སྐུལ་འདེད་དང་ལས་དོན་ལ་བརྟེན་ནས་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་ཐུབ་པར་བྱེད་དགོས།

    བཞི་ནས་རང་འགན་གཙང་སྒྲུབ་ཐད་བྱས་རྗེས་གསར་པ་འཇོག་དགོས་ཤིང་། གནད་དོན་གྱི་འདུ་ཤེས་དང་། འགན་འཁྲིའི་འདུ་ཤེས། མང་ཚོགས་ཀྱི་འདུ་ཤེས་བཅས་ཟབ་ཏུ་གཏོང་བ་དང་། “དོན་ཆེན་བཞི”དང་། “འགན་ལེན་བཞི” “འཛུགས་གཏོད་བཞི”“མདུན་གྲལ་དུ་སླེབས་པ་བཞི”བཅས་ལ་ཞབས་འདེགས་ནུས་ལྡན་ཞུ་བ། མི་སེམས་གཅིག་སྒྲིལ་དང་། ངོས་འཛིན་གཅིག་མཐུན། བློ་གྲོས་གཅིག་སྒྲིལ། སྟོབས་ཤུགས་གཅིག་སྒྲིལ་བཅས་བྱས་ཏེ་ཏང་གི་སྲིད་ཇུས་དྲིལ་བསྒྲགས་པ་དང་། མང་ཚོགས་ཀྱི་ཁེ་ཕན་སྲུང་སྐྱོང་པ། སྤྱི་ཚོགས་བརྟན་ལྷིང་གི་སྐུལ་འདེད་པ་བཅས་བྱེད་དགོས།

    ལྔ་ནས་སྒྲིག་བཀུར་ཁྲིམས་སྲུང་ཐད་གཟུགས་བརྙན་གསར་པ་གཏོད་དགོས་ཤིང་། སྒྲིག་ཁྲིམས་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་དང་། དམ་ནན་གྱི་རྩ་བའི་དགོངས་གཞི་མཐའ་འཁྱོངས། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་ཤུགས་སྣོན་རྒྱག་པ། སྤྱོད་གཙང་རང་འདོམས་དང་མཐུན་སྒྲིལ་མཉམ་ལས་བཅས་བྱས་ནས། རང་ངོས་གསར་བརྗེའི་སྙིང་སྟོབས་ལ་བརྟེན་ནས་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་ནམ་ཡང་གནས་ཐུབ་པར་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།