དབུ་ཤོག>སྲིད་དོན།
  • བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བློ་བརྟན་འགྱུར་མེད་ངང་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་རང་འགན་གཙང་སྒྲུབ་དང་ལས་དོན་ཧུར་ཐག་སྒྲུབ་པ་དང་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་དོན་ཁག་ལ་རྒྱུན་ཆད་མེད་པར་ཡར་རྒྱས་གསར་པ་ཡོང་བ་བ..

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-01-20

    ཚེས་17ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི(རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་གནང་ནས་དུས་ཚིགས་དང་པོའི་གཙོ་གནད་ལས་དོན་བཀོད་སྒྲིག་གནང་བ་རེད།

    ཝང་ཅུན་ཀྲེང་གིས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་སྐུ་ངོ་མ་བོད་དུ་གཟིགས་ཞིབ་དང་མཛུབ་ཁྲིད་གནང་བར་ཕེབས་ཏེ་བོད་ཀྱི་ལས་དོན་ལ་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་ཐེངས་མང་གནང་བ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་གཏན་འཁེལ་གནང་ནས་དུས་རབས་གསར་པའི་བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་ཡོད་ལ། རྩ་བའི་གཞི་འཛིན་ས་ཡང་མཁོ་འདོན་གནང་ཡོད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་། ལག་བསྟར། དོན་འཁྱོལ་བཅས་ནན་ཏན་བྱེད་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། ཏང་གི་ཚོགས་ཆེན་ཉི་ཤུ་པར་བསུ་བ་ཞུ་བར་ཞབས་འདེགས་ཞུ་རྒྱུ་གཙོ་རྐང་ལ་འཛིན་པ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་བཀོད་སྒྲིག་བླང་བྱ་ཁག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། ལས་འགན་སྒྲུབ་སེམས་དང་། དགོས་གཏུགས་ཀྱི་བསམ་པ། འགན་འཁྲི་འཁུར་སེམས་བཅས་ཆེ་རུ་ཏན་ཏིག་གཏོང་བ། “དོན་ཆེན་བཞི”དང“འགན་ལེན་བཞི”ལ་དམིགས་པ། “འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”ཤུགས་སྣོན་རྒྱག་པ། རང་འགན་གཙང་སྒྲུབ་དང་ལས་དོན་ཧུར་ཐག་སྒྲུབ་པ། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ་བཅས་ཀྱི་ཐོག་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་དོན་ཁག་ལ་ཡར་རྒྱས་གསར་པ་ཡོང་བའི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།

    ཝང་ཅུན་ཀྲེང་གིས། དོན་དངོས་ལ་གཞི་ཚུགས་པ་དང་། གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱེད་པ། སྔོན་འགོག་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས། རྩ་ལག་མཉམ་བཅོས་ལ་མཐོང་ཆེན། ཉེན་བརྡ་རྒྱུན་སྒྲོག་དང་རྒྱུན་དུ་དོགས་ཟོན། འགལ་བ་དང་རྩོད་གཞི་དང་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་ཡག་པོ་སེལ་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་བྱེད་ཟབ་ཏུ་གཏོང་བ། ཆོས་ལུགས་ལས་དོན་ལ་ཁྲིམས་བཞིན་དོ་དམ་བྱེད་པ། ལྗོངས་ཡོངས་ཀྱི་སྤྱི་ཚོགས་ཀྱི་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བཅས་ཀྱི་ཐོག་ནས། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་ནུས་ཤུགས་ཡོད་རྒུས་འཛུགས་གཏོད་བྱེད་པའི་ཐད་རྣམ་པ་གསར་པ་གཏོད་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པར་མཉམ་འདྲེས་ཐུབ་པ། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”མཐའ་འཁྱོངས། རྣམ་གྲངས་ལ་མཐོང་ཆེན་དང་ཐོན་ལས་རྒྱ་སྟོབས་ཆེ་རུ་གཏོང་བ། ཁོར་ཡུག་ལེགས་གཏོང་དང་དམངས་འཚོ་འགན་ལེན་བྱེད་པ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟབ་ཏུ་ཟམ་མི་ཆད་པ་གཏོང་བ་བཅས་བྱས་ནས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྤེལ་ཁུལ་ནུས་ཤུགས་ཡོད་རྒུས་འཛུགས་གཏོད་ལ་རྣམ་པ་གསར་པ་གཏོད་དགོས། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་གང་མགྱོགས་གཏོང་བ་དང་། སྐྱེ་ཁམས་ཤེས་དཔལ་གྱི་དཔེ་སྟོན་ཁུལ་འཛུགས་གཏོད་ཟབ་ཏུ་གཏོང་བ། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་རེ་ཞུ་ཡག་པོ་བྱེད་པ། ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། རྒྱལ་ཁབ་ས་ཆ་སྔོ་འགྱུར་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ནས་ནུས་ཤུགས་ཡོད་རྒུས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་སྐྲུན་པའི་རྣམ་པ་གསར་པ་གཏོད་དགོས། མཐའ་མཚམས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཟམ་མི་ཆད་པར་ལེགས་སུ་གཏོང་བ་དང་། མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་ལ་སྐུལ་འདེད་ཏན་ཏིག་གཏོང་བ། བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་ཡག་པོ་སྲུང་བ། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་ཡག་པོ་སྐྲུན་པ་བཅས་བྱས་ནས་ནུས་ཤུགས་ཡོད་རྒུས་རྒྱལ་ཁབ་ཀྱི་མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་དཔེ་སྟོན་ཁུལ་འཛུགས་གཏོད་བྱེད་པའི་རྣམ་པ་གསར་པ་གཏོད་དགོས། གཞི་རིམ་ལ་དམ་འཛིན་ཤུགས་ཆེན་དང་རྨང་གཞིར་དམ་འཛིན་ཤུགས་ཆེན་བྱེད་པའི་མངོན་གསལ་དོད་པའི་སྟོན་ཕྱོགས་མཐའ་འཁྱོངས་བྱེད་པ་དང་། དུས་རབས་གསར་པའི་ལས་བྱེད་པ་བཟང་པོའི་ཚད་གཞི་མཐའ་འཁྱོངས་བྱེད་པ། འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་སྤྱོད་པ་དང་གྲུབ་འབྲས་ལ་བརྟེན་ནས་དཔའ་བོ་གླེང་བ། ལྷག་བསམ་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་ལས་བྱེད་པའི་དཔུང་ཁག་གསོ་སྐྱོང་ཧུར་ཐག་བྱེད་པ། ཁྱབ་ཁོངས་ཁག་གི་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། འདི་ལོའི་ལས་དོན་ཁག་གི་འགོ་ཡག་པོ་འཛུགས་པ་དང་གོམ་སྟབས་ཡག་པོ་སྤོ་རྒྱུར་རྩ་འཛུགས་ཀྱི་འགན་ལེན་བརྟན་པོ་བྱེད་པ་བཅས་ཀྱི་ཐོག་ནས་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་རྣམ་པ་གསར་པ་གཏོད་དགོས། རིམ་པ་ཁག་དང་སྡེ་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པས་བྱ་སྤྱོད་མྱུར་དུ་སྤེལ་ནས་དེང་སྐབས་དང་ཕུགས་ཀྱི་འབྲེལ་བ་དང་། ཕྱོགས་ཡོངས་དང་གཙོ་གནད་ཀྱི་འབྲེལ་བ་སྟངས་འཛིན་ཡག་པོ་བྱེད་པ་དང་། མིག་སྔར་གཞི་ཚུགས་པ། ཕུགས་ལ་དམིགས་པ། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བྱེད་པ། གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱེད་པ། འགལ་བ་གཙོ་བོར་དམ་འཛིན་བྱེད་པ། གཙོ་གནད་ལས་འགན་ཧུར་ཐག་སྒྲུབ་པ། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཇུས་འགོད་དང་གཏན་འཁེལ་བྱས་པའི་བཀོད་སྒྲིག་ཁག་ཞིབ་ཕྲ་དང་དོན་དངོས་ཀྱི་ལས་འགན་གྱི་གསལ་ཐོ་དང་ལས་ཀའི་རྩིས་ཁྲར་འགྱུར་བ་བྱེད་པ། དུས་ཚོད་ཀྱི་རེའུ་མིག་ཁ་གསལ་བཟོ་བ། ལས་རིམ་ཞིབ་ཕྲ་བཟོ་བ། འགན་འཁྲིའི་ཡི་གེ་ནན་དུ་གཏོང་བ་བཅས་བྱས་ནས་ལས་དོན་ཁག་ཞིབ་ཚགས་གཏོང་བ་དང་། དམ་འཛིན་བྱེད་མཁན་ཡོད་པ། ཕན་འབྲས་ཐོན་པ་བཅས་ཀྱི་འགན་ལེན་བྱེད་དགོས། ལྷག་པར་དུ་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་ནས“མིག་དཔེ་དྲུག”ལག་ལེན་བསྟར་བ་དང་། སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་བྱེད་པ། བྱས་པའི་རྗེས་དང་འདྲུད་པའི་ཤུལ་ཡོད་པ་བཅས་བྱས་ནས་བྱ་སྤྱོད་དངོས་དང་ལས་ཀའི་གྲུབ་འབྲས་ལ་བརྟེན་ནས“གཏན་འཁེལ་གཉིས”ལ་སྲུང་སྐྱོབ་དང“སྲུང་སྐྱོང་གཉིས”ལག་ལེན་བསྟར་དགོས་པའི་ནན་བཤད་གནང་བ་རེད།

    ཝང་ཅུན་ཀྲེང་གིས། གཞུང་ཁོངས་དངུལ་རྩའི་མ་རྩ་ནི་རྒྱལ་ཁབ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་ཀྱི་དངུལ་རྩའི་བདེ་འཇགས་སྲུང་སྐྱོང་བྱེད་པའི་འགན་ལེན་གལ་ཆེན་ཞིག་རེད། གཞུང་ཁོངས་དངུལ་རྩའི་མ་རྩར་དོ་དམ་བྱེད་ཤུགས་ཆེ་རུ་ཏན་ཏིག་གཏོང་བ་དང་། ཁྲོམ་རའི་དཔལ་འབྱོར་གྱི་ཆོས་ཉིད་དང་ཁེ་ལས་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་བརྩི་འཇོག་བྱེད་པ། དངོས་ཚན་དཔལ་འབྱོར་ལ་ཞབས་ཞུ་དང་དངུལ་རྩའི་ཉེན་ཁ་སྔོན་འགོག་དང་ཚོད་འཛིན། དངུལ་རྩའི་སྒྱུར་བཅོས་ཟབ་གཏོང་བཅས་སྟོན་ཕྱོགས་སུ་བྱེད་པ། གཞུང་ཁོངས་དངུལ་རྩའི་འཐབ་ཇུས་བཀོད་ཇུས་ལ་སྤྱི་འདོམས་བྱེད་པ། དོ་དམ་སྒྲིག་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། དོ་དམ་ལམ་ལུགས་ལེགས་སུ་གཏོང་བ། བློ་བརྟན་འགྱུར་མེད་ཀྱིས་གཞུང་ཁོངས་དངུལ་རྩའི་མ་རྩ་རྒྱ་སྟོབས་ཆེ་རུ་དང་ལེགས་སུ་གཏོང་བ་བཅས་བྱས་ཏེ་གཞུང་ཁོངས་དཔལ་འབྱོར་གྱི་གསོན་ཤུགས་དང་། ཚོད་འཛིན་བྱེད་ནུས། ཤུགས་རྐྱེན་ཐེབས་ནུས། ཉེན་ཁ་འགོག་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    ཝང་ཅུན་ཀྲེང་གིས། ཡིག་ཚགས་ལས་དོན་ནི་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཀྱི་རྣམ་པ་དངོས་སྲུང་སྐྱོང་དང་། མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་འགན་ལེན་བྱེད་པའི་བྱ་གཞག་གལ་ཆེན་ཞིག་རེད། “ཡིག་ཚགས་ཀྱི་རུས་མིང་ཏང་ཡིན་པའི”ཆབ་སྲིད་ཀྱི་གཏོགས་ཁོངས་མཐའ་འཁྱོངས་བྱེད་པ་དང་། ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། སྒྱུར་བཅོས་གསར་གཏོད་མཐའ་འཁྱོངས་བྱེད་པ། རྨང་གཞིའི་ལས་སྒོར་ཤུགས་སྣོན་རྒྱག་པ། ཡིག་ཚགས་ཁང་དུ་ཉར་ཚགས་བྱ་རྒྱུ་ཕུན་སུམ་ཚོགས་སུ་གཏོང་བ། གསར་བརྗེའི་ཡིག་ཚགས་མྱུར་སྐྱོབ་དང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ཡིག་ཚགས་ཆ་འཕྲིན་ཅན་འཛུགས་སྐྱོང་ལ་སྐུལ་འདེད་རྒྱུན་ཆད་མེད་པར་གཏོང་བ། ཡིག་ཚགས་དོ་དམ་ལ་ཁྲིམས་བཞིན་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ལྗོངས་ཡོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་བརྒྱུད་རིམ་ལྡན་ལ་གནད་ལ་འཁེལ་བའི་ཡིག་ཚགས་ཆ་འཕྲིན་གྱི་ཞབས་འདེགས་ཞུ་དགོས་པའི་ནན་བཤད་གནང་བ་རེད།

    ཝང་ཅུན་ཀྲེང་གིས། དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པ་ནི་སྤྱི་ཚོགས་ཡར་རྒྱས་འགྲོ་བའི་མཚོན་རྟགས་གལ་ཆེན་ཞིག་རེད། དབང་པོ་སྐྱོན་ཅན་གྱི་བྱ་གཞག་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། ཏང་ཨུད་ཀྱིས་འགོ་ཁྲིད་དང་སྲིད་གཞུང་གིས་འགན་འཁུར་བའི་དབང་པོ་སྐྱོན་ཅན་ལས་དོན་གྱི་འགོ་ཁྲིད་སྒྲིག་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། སྲིད་གཞུང་གི་གཙོ་ཁྲིད་ནུས་པ་དང་སྤྱི་ཚོགས་ཀྱི་སྟོབས་ཤུགས་དང་ཁྲོམ་རའི་བྱེད་པོའི་མཐུན་སྦྱོར་ནུས་པ་འདོན་རྒྱུར་སྤྱི་འདོམས་བྱེད་པ། དབང་པོ་སྐྱོན་ཅན་ལ་ཞབས་འདེགས་ཞུ་བའི་མཁོ་སྤྲོད་ཕྱོགས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། དབང་པོ་སྐྱོན་ཅན་བྱ་གཞག་འཕེལ་རྒྱས་གཏོང་བར་འཚམ་པའི་འགྲོ་གྲོན་འགན་ལེན་ལམ་སྲོལ་འཛུགས་པ། དབང་པོ་སྐྱོན་ཅན་གྱི་སྤྱི་ཚོགས་ཕན་བདེའི་ལམ་ལུགས་དང་གཅེས་སྐྱོང་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། དབང་པོ་སྐྱོན་ཅན་གྱི་དམངས་འཚོ་འགན་ལེན་གྱི་བདེ་འཇགས་དྲ་རྒྱ་བརྟན་དུ་གཏོང་བ། དབང་པོ་སྐྱོན་ཅན་གྱི་སྤྱི་ཚོགས་རོགས་སྐྱོབ་དང་། ལས་ཞུགས་ལས་གཏོད། བདེ་ཐང་འགན་ལེན་སོགས་ཀྱི་ཁེ་ཕན་གྱི་གནད་དོན་ཐག་གཅོད་ནུས་ལྡན་བྱེད་པ་བཅས་ཀྱི་ཐོག་ནས་དབང་པོ་སྐྱོན་ཅན་ཕྱོགས་ཡོངས་ནས་འཕེལ་རྒྱས་དང་ཐུན་མོང་ཐོག་ཕྱུག་པོ་ཆགས་རྒྱུར་མངོན་གསལ་དོད་པའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    ཚོགས་འདུའི་ཐོག་ད་དུང་དོན་གནད་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།