དབུ་ཤོག>སྲིད་དོན།
  • རེན་ཝེས་འཕྲལ་སྡོམ་དོ་དམ་ཁོངས་གཏོགས་སུ་སྒྲོག་འགྲེལ་དང་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-01-17

     ཉེ་ཆར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་རེན་ཝེས་རང་སྐྱོང་ལྗོངས་འཕྲལ་སྡོམ་དོ་དམ་ཐིང་དུ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་དང་། འཕྲལ་སྡོམ་དོ་དམ་ཁོངས་གཏོགས་ཀྱི་འགོ་ཁྲིད་ཚན་ཁག་དང་བཞུགས་མོལ་གནང་བ་དང་འབྲེལ། ལྗོངས་ཡོངས་ཀྱི་འཕྲལ་སྡོམ་དོ་དམ་ལས་དོན་སྔར་བས་ཡག་པོ་སྒྲུབ་པའི་ཐད་བླང་བྱའང་བཏོན་གནང་བ་རེད།

    རེན་ཝེས། བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་བཏང་སྟེ་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོ་འཛུགས་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་དང་ཡང་དག་ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱས་ཏེ་ཆུ་ཚད་མཐོ་བའི་བདེ་འཇགས་ལ་བརྟེན་ནས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་འགན་ལེན་བྱེད་དགོས། གྱོད་དཔེར་བརྟེན་ནས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བར་དམ་འཛིན་བྱས་ཏེ་ལམ་ལུགས་ཀྱི་རླུང་ཙེ་དམ་དུ་གཏོང་བ་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་རྒྱུན་ཆད་མེད་པར་སྤེལ་ཏེ་སྤྱོད་བཟང་གཞུང་དྲང་གི་ཆབ་སྲིད་ཀྱི་ཁོར་ཡུག་གཏོད་དགོས། འཕྲལ་སྡོམ་དོ་དམ་གྱི་སྒྲིག་སྲོལ་ལམ་སྲོལ་སྒྱུར་བཅོས་དང་། གཙོ་གནད་ཁྱབ་ཁོངས་ལ་ཆེད་དོན་བཅོས་སྒྲིག འཕྲལ་སྡོམ་རོགས་སྐྱོབ་སྟོབས་ཤུགས་འཛུགས་སྐྱོང་དང་བདེ་འཇགས་འགོག་ཟོན་གྱི་ལས་དོན་ཁག་བཅས་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་ནས་དུས་ཆེན་རིང་གི་བདེ་འཇགས་ཐོན་སྐྱེད་དང་འཕྲལ་སྡོམ་ལས་དོན་ཡག་པོ་སྒྲུབ་པ་དང་ལྗོངས་ཡོངས་ཀྱི“འཕྲལ་སྡོམ་ཆེ་མོ་དང་གནོད་འཚེའི་རིགས་ཆ་ཚང”གི་རྣམ་པ་གསར་པ་ཧུར་ཐག་བཏོད་དེ་ཕུལ་དུ་བྱུང་བའི་གྲུབ་འབྲས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་པའི་ནན་བཤད་གནང་བ་རེད།

    ཚོགས་འདུ་མ་འཚོག་གོང་། རེན་ཝེ་བོད་ལྗོངས་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་དང་བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་ཏུ་བརྟག་ཞིབ་གནང་བར་ཕེབས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།