དབུ་ཤོག>སྲིད་དོན།
  • ལའེ་ཅའོ་ཡིས་ལྷོ་ཁ་གྲོང་ཁྱེར་དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-01-17

     ཟླ་1ཚེས་11ནས་13ཉིན་བར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་དང་། ལྷུན་རྩེ་རྫོང་། རྒྱ་ཚ་རྫོང་བཅས་སུ་ཕེབས་ནས་སྨན་བཅོས་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་དང་། གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས། དམག་དཔུང་དང་ས་གནས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱི“ཐུན་མོང་ལྔ་དང་བརྟན་པོ་ལྔའི”ཆ་སྒྲིག་མཉམ་སྐྲུན་བཅས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་བ་མ་ཟད། ཨན་ཧུའེ་ཞིང་ཆེན་གྱི་སྨན་བཅོས་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་རུ་ཁག་དང་། མཐའ་སྲུང་མཐའ་བརྟན་གྱི་གདོང་ལེན་དཔེ་བཟང་བ་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས། བཅའ་སྡོད་དཔུང་སྡེའི་དཔོན་དམག་ཁག་གཅིག་བཅས་ལ་འཚམས་འདྲིའང་གནང་བ་རེད།

    ལྷོ་ཁ་གྲོང་ཁྱེར་མི་དམངས་སྨན་ཁང་དུ་ལའེ་ཅའོ་ཡིས་ས་གནས་ས་ཐོག་ཏུ་རིག་ནུས་དོ་དམ་དང་དོས་དྲག་ནད་གཞི་མྱུར་སྐྱོབ་ཀྱི་སྨན་བཅོས་གནས་ཚུལ་ལ་ལྟ་ཞིབ་གནང་ནས་སྨན་བཅོས་བོད་སྐྱོར་བྱེད་པར་ནང་སའི་དེང་རབས་སྨན་ཁང་གི་དོ་དམ་ཉམས་མྱོང་དང་སྔོན་ཐོན་གྱི་སྨན་བཅོས་ལག་རྩལ་ནང་འདྲེན་ཤུགས་ཆེན་བྱས་ཏེ“དྲ་སྦྲེལ+སྨན་བཅོས་ལས་སྟེགས”བེད་སྤྱོད་ཡག་པོ་བྱས་ནས“མི་གཅིག་གི་བོད་སྐྱོར་དེས་སྨན་ཁང་ཡོངས་སུ་བོད་སྐྱོར”ཐུབ་པར་བྱེད་དགོས་ཞེས་གསུངས་པ་རེད། ལྷོ་ཁའི་ཁེ་གསུམ་གྲོང་ཚོའི་གསར་བརྗེའི་སློབ་གསོའི་རྟེན་གཞིར་གཟིགས་སྐོར་གནང་སྐབས་ལའེ་ཅའོ་ཡིས། བོད་གསར་རྙིང་བསྡུར་བའི་སློབ་གསོར་ཤུགས་སྣོན་དང་དེང་རབས་ཀྱི་གྲངས་འཛིན་ལག་རྩལ་ལ་བརྟེན་ནས་ལོ་རྒྱུས་ཀྱི་གཟུགས་བརྙན་དང་དཔྱད་ཡིག་སླར་གསོ་བྱས་ཏེ། སྐོར་སྐྱོད་འཁྲབ་སྟོན་དང་འགྲེམས་སྟོན་ཡག་པོ་བྱས་ནས་ཁེ་གསུམ་གྱི་གསར་བརྗེའི་གཏམ་རྒྱུད་ཡག་པོ་ཤོད་དགོས་པའི་ནན་བཤད་གནང་བ་རེད། བོད་ལྗོངས་ཧུང་ནུང་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིར་ལའེ་ཅའོ་ཡིས་བོད་བྱ་གསོ་ཚགས་དང་ཐོན་སྐྱེད་བརྒྱུད་རིམ་ལ་གཟིགས་ཞིབ་གནང་ནས་སྣེ་འདྲེན་གྱིས་སྣེ་ཁྲིད་དང་མ་རྐང་མཉམ་ལས་བྱེད་པའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་གསར་པ་ཁྱབ་གདལ་གཏོང་དགོས་པའི་ནན་བཤད་གནང་བ་རེད། མཐའ་སྲུང་མཐའ་བརྟན་གྱི་གདོང་ལེན་དཔེ་བཟང་བ་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ལ་འཚམས་འདྲི་གནང་སྐབས་ལའེ་ཅའོ་ཡིས་ཁོང་ཚོའི་གཟུགས་གཞི་བདེ་ཐང་དང་ལས་ཀ་དང་འཚོ་བའི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་མ་ཟད། ཁོང་ཚོས་ལོ་32ཉིན་གཅིག་ལྟར་ཕྱུགས་འཚོ་སྐོར་གཡེང་དང་སྤྱི་ལེ་ངོས་གྲུ་3644ཟིན་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་སྐྱོང་བྱས་པའི་མི་སེམས་འགུལ་བའི་བྱས་རྗེས་ལ་བླ་ན་མེད་པའི་གུས་འདུད་ཞུས་ནས་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ཀྱི་བྱས་རྗེས་དེ་དར་ཆ་ཞིག་ཏུ་བརྩིས་ནས“ཐུན་མོང་ལྔ་དང་བརྟན་པོ་ལྔ”ཟབ་ཏུ་བཏང་སྟེ་མཐའ་མཚམས་མི་སེར་ཚོའི་སྣེ་ཁྲིད་དེ་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།