ཚེས་13ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང(རྒྱ་ཆེ)གི་སློབ་སྦྱོང་ཚོགས་འདུ་དང་ཏང་ཙུའི(རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་གནང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་། ཉེ་དུས་ལས་དོན་ལ་ཞིབ་འཇུག་བཀོད་སྒྲིག་བཅས་གནང་བ་རེད།
བློ་བཟང་རྒྱལ་མཚན་གྱིས། འདས་ཟིན་པའི་ལོ་གཅིག་གི་རིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས“དོན་ཆེན་བཞིར”དམ་པོར་དམིགས་པ་དང་། ཁྲིམས་ལྟར་རང་འགན་གཙང་སྒྲུབ་དང་རང་འགུལ་ངང་རང་འགན་ཐེག་པ་ཁུར་ལེན་བྱེད་པ། ལས་དོན་ཁག་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ། “གཙོ་གནད་གཅིག་དང་འཆར་གཞི་གསུམ”ནང་གཏན་འཁེལ་བའི་ལས་འགན་ཁག་ཕུན་སུམ་ཚོགས་པའི་ངང་ལེགས་སྒྲུབ་བྱེད་པ། མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པ་བདེ་བླག་ངང་འཚོག་པ་བཅས་བྱས་ནས། ལོ་ཧྲིལ་པོའི་ལས་དོན་ཕུན་སུམ་ཚོགས་པའི་ངང་ལེགས་སྒྲུབ་བྱས་ཡོད། གྲུབ་འབྲས་དེ་དག་ཐོབ་དོན་ནི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་དང་། མི་དམངས་འཐུས་ཚོགས་ཀྱི་ཆེད་དོན་ཨུ་ལྷན་དང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་ཨུ་ལྷན་ཁག མི་དམངས་འཐུས་ཚོགས་ལས་ཁུངས་ཀྱི་ལས་བྱེད་པ་དང་ལས་བཟོ་ཡོངས་ཀྱི་ཐུན་མོང་འབད་བརྩོན་དང་རང་འགན་ཐེག་པ་ཁུར་ལེན་བྱས་པ་ལས་བྱུང་བ་ཞིག་རེད་ཅེས་གསུངས་པ་རེད།
བློ་བཟང་རྒྱལ་མཚན་གྱིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་། ཀྲུང་དབྱང་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཚོགས་འདུ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། བོད་ལྗོངས་མི་དམངས་འཐུས་ཚོགས་ལས་དོན་གྱི“ཕྱོགས་ལྔའི་ཐད”ཀྱི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བླང་བྱ་ཞིབ་ཕྲ་གཞིར་བཟུང་། “དོན་ཆེན་བཞིར”དམིགས་པ་དང་། “འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”ཤུགས་རྒྱག་པར་དམིགས་པ། 2022ལོའི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི“གཙོ་གནད་གཅིག་དང་འཆར་གཞི་གསུམ”ཇུས་འགོད་ཞིབ་ཚགས་ཀྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་གྱི་དགོངས་དོན་ཕྱོགས་ཡོངས་དང་། གོ་རིམ་ལྡན་པ། འཐུས་ཚང་། གནད་སྨིན་བཅས་ཀྱི་སྒོ་ནས་མངོན་པ་བཅས་བྱས་ནས། སང་ལོའི་ལས་འགན་ཁག་ཚན་རིག་དང་མཐུན་པ་དང་ལུགས་མཐུན་ངང་ཇུས་འགོད་ཡག་པོ་བྱེད་དགོས་པ་དང་། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པར་རྒྱུན་མཐུད་ཤུགས་བརྒྱབ་ནས། ཧྲུའུ་ཅི་ཝང་ཅུན་ཀྲེང་གི“སྣེ་ཁྲིད་དྲུག”དང“དོན་འཁྱོལ་ལ་དམ་འཛིན་བརྒྱད”ཀྱི་བླང་བྱ་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་དོན་འཁྱོལ་ཏན་ཏིག་དང་དོན་འཁྱོལ་ཡག་པོ་ཡོང་བར་སྐུལ་འདེད་གཏོང་དགོས་པ། ཉེ་དུས་ཀྱི་ལས་དོན་བཀོད་སྒྲིག་ལུགས་མཐུན་བྱེད་པ་དང་། སྒྲིག་ཁྲིམས་འཛུགས་སྐྱོང་དང་སྲིད་གཙང་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས། མི་དམངས་འཐུས་ཚོགས་ལས་ཁུངས་ནུས་ཆེའི་ངང་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱེད་དགོས་པ། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཆེད་དོན་དམངས་གཙོའི་འཚོ་བ་ཚད་ཤིང་དུ་བྱས་ནས། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་སྤུས་ཚད་མཐོ་པོས་ཡག་པོ་འཚོག་དགོས་པ། མི་དམངས་འཐུས་ཚོགས་ལས་ཁུངས་ཀྱི་ལས་བྱེད་པར་ཐུགས་ཁུར་དང་བྱམས་སྐྱོང་བྱེད་པ་དང་། ལས་སྒྲུབ་བྱེད་འདོད་པ་དང་། ལས་སྒྲུབ་བྱེད་ཕོད་པ། ལས་སྒྲུབ་དངོས་འབྲེལ་བྱེད་ཐུབ་པ་བཅས་ཀྱི་ལས་བྱེད་པར་ལས་སྟེགས་དེ་བས་ལེགས་པ་བཏོད་ནས། ལས་བྱེད་པའི་ལས་སྒྲུབ་དང་ལས་གཏོད་ཀྱི་སྤྲོ་སེམས་རྒྱུན་ཆད་མེད་པར་འཕེལ་བར་བྱེད་དགོས་པའི་ནན་བཤད་གནང་བ་རེད།