དབུ་ཤོག>སྲིད་དོན།
  • ཝང་ཝུའེ་ཏུང་གིས་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-01-14

    ཉེ་ཆར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཝང་ཝུའེ་ཏུང་གིས་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཚོགས་འདུའི་ཐོག《ཀྲུང་གོ་གུང་ཁྲན་ཏང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ལས་དོན་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཅེས་བསྡུ་རྒྱུ)བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། དེ་བཞིན་ལག་བསྟར་བསམ་འཆར་ལ་ཞིབ་འཇུག་ཀྱང་བྱས་པ་རེད།

    ཚོགས་འདུའི་ཐོག《སྲོལ་ཡིག》དེས་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་པ་དང་། ལས་འགན་དང་འགན་འཁྲི་བརྟན་སྲུང་བྱེད་པ། འགན་ནུས་དང་འགན་འཁྲི་ཡང་དག་ངང་སྒྲུབ་པ། བློ་དཀར་སེམས་དཀར་ངང་འགན་འཁྲི་གཙང་སྒྲུབ་བྱེད་པ་བཅས་ལ་སྲ་ཞིང་བརྟན་པའི་ལམ་ལུགས་ཀྱི་འགན་ལེན་བྱས་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས《སྲོལ་ཡིག》སློབ་སྦྱོང་བྱ་རྒྱུ་དེ་ལས་འགན་གལ་ཆེན་ཞིག་ལ་བརྩིས་ཏེ། ནང་དོན་གྱི་ངོ་བོ་དང་དོན་སྙིང་གལ་ཆེན་ལ་གོ་བ་གཏིང་ཟབ་བླངས་ནས་སྒྲིག་བཤེར་ལྟ་ཞིབ་ལས་དོན་ཚད་ལྡན་ཅན་དང་། ཁྲིམས་སྐྱོང་ཅན། དངོས་གཞི་ཅན་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད།

    ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་དུས་ཐོག་ཏུ་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པ་ཡོངས་སྒྲིག་འཛུགས་བྱས་ཏེ། ཇི་མ་ཇི་བཞིན་དུ་སློབ་སྦྱོང་བྱེད་པ་དང་། ཡིག་འབྲུ་རེ་རེ་བཞིན་སློབ་སྦྱོང་བྱེད་པ། སྒྲིག་ཨུད་ཀྱི་འགན་ནུས་ཀྱི་ངེས་གནས་དང་། འབྱུང་རིམ་དང་བཀོལ་སྤྱོད། ལས་འགན་དང་འགན་འཁྲི་བཅས་གསལ་པོ་ཤེས་པ་དང་སྟངས་འཛིན་ཡག་པོ་བྱས་ནས་ཆ་ཚང་བ་དང་གནད་ལ་འཁོལ་པོས་རང་འགན་གཙང་སྒྲུབ་བྱ་རྒྱུར་རྨང་གཞི་འདིང་དགོས་པ་དང་། 《སྲོལ་ཡིག》གི་གཏན་འབེབས་དང་རེ་རེ་བཞིན་ཞིབ་བསྡུར་བྱས་ཏེ། དོན་དངོས་དང་ཟུང་འབྲེལ་གྱིས་ལག་བསྟར་བྱ་ཐབས་ཞིབ་འཇུག་བྱེད་པ་དང་། འགན་འཁྲི་དོན་འཁྱོལ་གསལ་པོ་བྱེད་པ། བྱ་ཐབས་དང་ཐབས་ལམ་ཁ་གསལ་བཟོ་བ། ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས《སྲོལ་ཡིག》དངོས་འབྲེལ་ལག་བསྟར་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས། བསམ་བློའི་སྦྱོང་བརྡར་དང་། ཆབ་སྲིད་ཀྱི་སྦྱོང་བརྡར། ལག་ལེན་གྱི་སྦྱོང་བརྡར། ཆེད་ལས་ཀྱི་སྦྱོང་བརྡར་བཅས་ལ་ཤུགས་སྣོན་རྒྱག་པ་དང་། ལས་ཀའི་གོ་རིམ་ཚད་ལྡན་དུ་གཏོང་བ། དོ་དམ་དང་གཅུན་འདོམས་ནན་པོ་བཅས་བྱེད་དགོས་ཤིང་། སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པའི་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། “སྲུང་སྐྱོང་གཉིས”སྣེ་ཁྲིད་ནས་བྱེད་པ། འཐབ་རྩོད་བྱེད་ཕོད་པ་དང་བྱེད་མཁས་པོ་བྱེད་པ། ལྷག་བསམ་རྣམ་དག་དང་སྤྱོད་གཙང་ངང་འགན་ཁུར་ཕོད་པ་བཅས་བྱ་རྒྱུའི་ཁྲིད་སྟོན་བྱེད་དགོས་ཞེས་ནན་བཤད་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།