དབུ་ཤོག>སྲིད་དོན།
  • ལའེ་ཅའོ་ལྗོངས་ཡོངས་ཀྱི་རྩ་འཛུགས་ཁོངས་གཏོགས་ཀྱི་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་བཞུགས་མོལ་ཚོགས་འདུར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-01-13

    ཚེས་10ཉིན་ལྗོངས་ཡོངས་ཀྱི་རྩ་འཛུགས་ཁོངས་གཏོགས་ཀྱིས་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྗོངས་ཏང་ཨུད་རྩ་འཛུགས་པུའུ་རུ་བརྟག་ཞིབ་གནང་སྐབས་གནང་བའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་དང་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ལའེ་ཅའོ་ཡིས་ལྗོངས་ཡོངས་ཀྱི་རིམ་ཁག་རྩ་འཛུགས་སྡེ་ཚན་གྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྗོངས་ཏང་ཨུད་རྩ་འཛུགས་པུའུ་རུ་བརྟག་ཞིབ་གནང་སྐབས་གནང་བའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་བྱ་ཐབས་གལ་ཆེན་ལ་བརྩིས་ནས། རྩ་འཛུགས་ལམ་ཕྱོགས་ཀྱིས་ཆབ་སྲིད་ལམ་ཕྱོགས་ལ་ཞབས་འདེགས་ཞུ་བའི་འགན་འཁྲི་དང་ལས་འགན་མཐའ་གཅིག་ཏུ་ཡག་པོ་སྒྲུབ་དགོས་པ་དང་། “འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞི”ལ་དམིགས་ཏེ་མི་སྣ་འདེམས་སྤྱོད་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། རྟོག་ཞིབ་དཔྱད་ཞིབ་བྱ་ཐབས་གསར་གཏོད་བྱེད་པ། གྲུབ་འབྲས་བེད་སྤྱོད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་རིམ་ཁག་འགོ་ཁྲིད་ཚན་ཁག་དང་ལས་བྱེད་པའི་དཔུང་ཁག་ལེགས་འདེམས་ཧྲག་སྒྲིག་བྱེད་དགོས་ལ། ཕུལ་བྱུང་ན་གཞོན་ལས་བྱེད་པ་ནུས་ཤུགས་ཡོད་རྒུས་གསོ་སྐྱོང་དང་བེད་སྤྱོད་ཀྱང་བྱེད་དགོས། ལས་བྱེད་པའི་ཆེད་ལས་འཇོན་ཐང་ཆེ་རུ་ཏན་ཏིག་གཏོང་དགོས་ཤིང་། དགེ་རྒན་གྱིས་དགེ་ཕྲུག་ཁྲིད་པའི་བྱེད་སྟངས་སྤྱད་དེ་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་ལྗོངས་ཕྱིར་རེས་སྐོར་སྦྱོང་བརྡར་བྱེད་པར་སྐྱོད་དགོས། ཤེས་ལྡན་མི་སྣར་བརྟེན་ནས་རང་ལྗོངས་སྟོབས་ཆེར་གཏོང་བའི་འཐབ་ཇུས་ནུས་ཤུགས་ཡོད་རྒུས་ལག་བསྟར་བྱས་ཏེ། ཚོང་འགུགས་མ་འདྲེན་ཁྲོད་ཀྱི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་ཐུན་མོང་གི་ལེགས་ཆ་བཏོན་ནས“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་གཏིང་ཟབ་ཏུ་གཏོང་དགོས། ལས་བྱེད་པའི་འགན་འཁྲི་འཁུར་སེམས་དང་བྱས་རྗེས་འཇོག་སེམས་ལ་ལྕག་སྐུལ་བྱེད་པའི་ཞིབ་ཕྲའི་བྱ་ཐབས་འཐུས་སྒོ་ཚང་དུ་བཏང་ནས་གཞི་རིམ་ལས་བྱེད་པའི་འཚར་ལོངས་ཀྱི་བར་མཐོངས་རྒྱ་སྐྱེད་གཏོང་དགོས། གྲོང་ཚོའི་ལས་བྱེད་པར་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་གསོ་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཏང་ཡོན་ཡིན་ཕྱིན་ཆོས་ལ་དད་པ་བྱེད་མི་ཆོག་པའི་སྒྲིག་ཁྲིམས་ནན་དུ་གཏོང་བ། ཏང་འཛུགས་སྐྱོང་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བཅས་བྱས་ནས་ཁྱབ་ཁོངས་ཁག་གི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་སྤྱི་འདོམས་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།