དབུ་ཤོག>སྲིད་དོན།
  • ལིའུ་ཅང་གིས་རང་སྐྱོང་ལྗོངས་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་ཀྲུའུ་རེན་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次仁曲珍   |     སྤེལ་དུས།  2022-01-13

    ཚེས་10ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། རང་སྐྱོང་ལྗོངས་སྲིད་ཁྲིམས་དཔུང་ཁག་སློབ་གསོ་བཅོས་སྒྲིག་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་ཀྲུའུ་རེན་བཅས་ཡིན་པའི་ལིའུ་ཅང་གིས་རང་སྐྱོང་ལྗོངས་སློབ་གསོ་བཅོས་སྒྲིག་གཞུང་དོན་ཁང་གི་ཀྲུའུ་རེན་ཚོགས་འདུ་གཙོ་སྐྱོང་གནང་ནས། རྒྱལ་ཡོངས་སྲིད་ཁྲིམས་དཔུང་ཁག་སློབ་གསོ་བཅོས་སྒྲིག་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་བརྒྱད་པའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་གནང་བ་དང་། ཁག་གཉིས་པའི་སློབ་གསོ་བཅོས་སྒྲིག་གི་ལས་དོན་ཕྱོགས་སྡོམ་གནང་བ། རྗེས་མཐུད་ཀྱི་གཙོ་གནད་ལས་འགན་བཀོད་སྒྲིག་གནང་བ་རེད།

    ལིའུ་ཅང་གིས། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་བསམ་བློ་དང་བྱ་སྤྱོད་སློབ་གསོ་བཅོས་སྒྲིག་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་ཏན་ཏིག་བྱས་ཏེ། ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་ལྟར་སློབ་གསོ་བཅོས་སྒྲིག་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་དགོས་པ་དང་། ལས་ཀའི་གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱེད་པ་དང་། དུས་ཚོད་ཀྱིས་སྤུས་ཚད་ལ་བསྟུན་རྒྱུ་མཐའ་འཁྱོངས་བྱེད་པ། གྱོད་གཞིའི་ཁུངས་སྣེ་སྒྲུབ་གཉེར་བྱེད་མགྱོགས་སུ་གཏོང་བ། གཅོང་ནད་བཅོས་སྒྲིག་བྱེད་ཟབ་ཏུ་གཏོང་བ། “ཕྱིར་མིག་ལྟ་བའི”གནད་དོན་དག་ཐེར་ཡག་པོ་བཅས་བྱས་ནས་སློབ་གསོ་བཅོས་སྒྲིག་ཁག་གཉིས་པ་བདེ་བླག་ངང་མཇུག་འགྲིལ་ཐུབ་པའི་འགན་ལེན་བྱེད་དགོས་པ། རྒྱུན་དུ་བཅོས་སྒྲིག་བྱེད་པའི་ཕུགས་ཕན་ལ་དམིགས་པ་དང་། ཞན་ཆ་གསེད་དཀྲོལ། སྒྲིག་སྲོལ་དང་ལམ་ལུགས་འཛུགས་རྒྱུར་སྣང་ཆེན། སྲིད་ཁྲིམས་ཁྱབ་ཁོངས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། གླེང་ཕྱོགས་ཀྱི་དྲིལ་བསྒྲགས་ལ་ཤུགས་སྣོན་རྒྱག་པ། ཕྱོགས་ཡོངས་ནས་ཉེན་རྟོག་པ་བཅོས་སྒྲིག་ནན་པོ་བྱ་རྒྱུ་མཐའ་འཁྱོངས་བཅས་བྱས་ནས་སློབ་གསོ་བཅོས་སྒྲིག་གི་རྗེས་མཐུད་ལས་དོན་ཡག་པོ་སྒྲུབ་དགོས་པའི་ནན་བཤད་གནང་བ་རེད། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།